སྙན་ཚིག་ཁག་བཞི།

ཁྲུང་ཁྲུང་ལ་རེ་བ།

སྨུག་པ་བན་བུན་རྫ་རིའི་མགུལ་ལ་འཁྱུད།།

ཆུ་ཕྲན་གྱ་གྱུ་མེ་ཏོག་གསེབ་ན་འཚེར།།

རྫི་གླུ་སྙན་མོ་བྲག་ཅ་བརྒྱུད་ནས་འོངས།།

སྤྲོ་དགའི་སྣང་བ་འཁྱམ་པོ་གང་དུ་སོང་།།

 

སྙན་ངག་ཁོ་ནས་མི་ཚེ་བསྐྱལ་བ་དེ།།

གྲགས་འབྱོར་དགའ་བའི་འདེབས་པའི་ས་བོན་མིན།།

སེམས་འདུན་རིང་ནས་བཅོལ་བའི་ལྷ་བྱ་ཁྱེད།།

ད་དུང་མ་བསླེབས་སེམས་པ་གདུངས་པས་ཡིན།།

  ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ།

རྩམ་པའི་བསུང་ཞིམ་མཁའ་དབུགས་ཁྲོད་དུ་ཐིམ།།

རྒྱ་ཕིབས་སེར་པོས་ཉི་གཞོན་གྲོགས་སུ་བཀུག།

ལག་ཟུང་ཐལ་མོ་སྦྱར་ནས་ཕྱག་གསུམ་འཚལ།།

ཡིད་བཞིན་ནོར་བུས་བདག་ལ་གཟིགས་ཡོད་སྙམ།།

 

ཚོང་གྲོགས་བུ་མོས་ལན་གསུམ་བོས་པ་ན།།

ཨམ་ཕྲག་སྟོང་བ་ཡང་ཡང་སྔོག་འདོད་སྐྱེས།།

བར་སྐོར་མི་ཚོགས་གྲས་སུ་འཛུལ་བ་ན།།

ང་རང་ཆུ་ཁར་གཡེང་བའི་ལོ་མ་ཞིག།

  སྙན་ངག་པའི་སེམས་ཁམས།

མཛེས་མའི་ཞབས་རྗེས་བྲལ་བའི་ཁང་ཆུང་དུ།།

ནམ་ཟླ་དགུན་ལ་སླེབས་པའི་སྣང་བ་མེད།།

དུས་བཞིར་འཛུམ་པའི་བུམ་སྐྱེས་མེ་ཏོག་དེ།།

སེམས་ཀྱི་སྐྱོ་ངལ་སེལ་བའི་མཛའ་མོ་ཡིན།།

 

ཉིན་དཀར་རོལ་དབྱངས་ལྟ་བུའི་དཔེ་ཀློག་གིས།།

དབེན་འཇགས་སྟོང་གི་རྐུན་པོ་རྒྱང་དུ་བྱེར།།

མཚན་དུས་ཟླ་བས་རྟོག་ཚོར་གནང་བ་ན།།

ཝང་བེ་དབེན་པར་དགྱེས་པའི་སྙིང་བོ་རྟོགས།།

  དཔྱིད་མགོའི་ཁ་བ།

དཔྱིད་དུས་རྨི་ལམ་ཟ་ཟི་རྒྱུན་ཆད་མེད།།

སྐྱ་རེངས་སྣང་བ་དཀར་པོ་སླེབས་ན་ཡང་།།

བྱ་བྱེའུ་སྟོང་གི་སྐད་སྙན་མ་ཐོས་ཚེ།།

མལ་ལས་སད་པའི་གོ་སྐབས་སུ་ཡིས་གནང་།།

 

དྲ་མའི་ཡོལ་བ་མཐུག་པོ་ཕྱེས་པ་ན།།

སྐྱ་ཐིང་ཐིང་གི་་ས་གཞི་གང་ལ་བྲོས།།

ཁ་བའི་གོས་དཀར་བཀླུབས་པའི་ནོར་འཛིན་མ།།

བག་གསར་བཞིན་དུ་མིག་གི་བདུད་རྩིར་མངོན།།

 

རྩོམ་ཁུངས། ༢༠༠༦ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ཚིག་ཁག་བཞི།

2009-12-25 གངས་འཚོ། ཀློག་གྲངས། མཆན ཡོད།

ཁྲུང་ཁྲུང་ལ་རེ་བ།

སྨུག་པ་བན་བུན་རྫ་རིའི་མགུལ་ལ་འཁྱུད།།

ཆུ་ཕྲན་གྱ་གྱུ་མེ་ཏོག་གསེབ་ན་འཚེར།།

རྫི་གླུ་སྙན་མོ་བྲག་ཅ་བརྒྱུད་ནས་འོངས།།

སྤྲོ་དགའི་སྣང་བ་འཁྱམ་པོ་གང་དུ་སོང་།།

 

སྙན་ངག་ཁོ་ནས་མི་ཚེ་བསྐྱལ་བ་དེ།།

གྲགས་འབྱོར་དགའ་བའི་འདེབས་པའི་ས་བོན་མིན།།

སེམས་འདུན་རིང་ནས་བཅོལ་བའི་ལྷ་བྱ་ཁྱེད།།

ད་དུང་མ་བསླེབས་སེམས་པ་གདུངས་པས་ཡིན།།

  ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ།

རྩམ་པའི་བསུང་ཞིམ་མཁའ་དབུགས་ཁྲོད་དུ་ཐིམ།།

རྒྱ་ཕིབས་སེར་པོས་ཉི་གཞོན་གྲོགས་སུ་བཀུག།

ལག་ཟུང་ཐལ་མོ་སྦྱར་ནས་ཕྱག་གསུམ་འཚལ།།

ཡིད་བཞིན་ནོར་བུས་བདག་ལ་གཟིགས་ཡོད་སྙམ།།

 

ཚོང་གྲོགས་བུ་མོས་ལན་གསུམ་བོས་པ་ན།།

ཨམ་ཕྲག་སྟོང་བ་ཡང་ཡང་སྔོག་འདོད་སྐྱེས།།

བར་སྐོར་མི་ཚོགས་གྲས་སུ་འཛུལ་བ་ན།།

ང་རང་ཆུ་ཁར་གཡེང་བའི་ལོ་མ་ཞིག།

  སྙན་ངག་པའི་སེམས་ཁམས།

མཛེས་མའི་ཞབས་རྗེས་བྲལ་བའི་ཁང་ཆུང་དུ།།

ནམ་ཟླ་དགུན་ལ་སླེབས་པའི་སྣང་བ་མེད།།

དུས་བཞིར་འཛུམ་པའི་བུམ་སྐྱེས་མེ་ཏོག་དེ།།

སེམས་ཀྱི་སྐྱོ་ངལ་སེལ་བའི་མཛའ་མོ་ཡིན།།

 

ཉིན་དཀར་རོལ་དབྱངས་ལྟ་བུའི་དཔེ་ཀློག་གིས།།

དབེན་འཇགས་སྟོང་གི་རྐུན་པོ་རྒྱང་དུ་བྱེར།།

མཚན་དུས་ཟླ་བས་རྟོག་ཚོར་གནང་བ་ན།།

ཝང་བེ་དབེན་པར་དགྱེས་པའི་སྙིང་བོ་རྟོགས།།

  དཔྱིད་མགོའི་ཁ་བ།

དཔྱིད་དུས་རྨི་ལམ་ཟ་ཟི་རྒྱུན་ཆད་མེད།།

སྐྱ་རེངས་སྣང་བ་དཀར་པོ་སླེབས་ན་ཡང་།།

བྱ་བྱེའུ་སྟོང་གི་སྐད་སྙན་མ་ཐོས་ཚེ།།

མལ་ལས་སད་པའི་གོ་སྐབས་སུ་ཡིས་གནང་།།

 

དྲ་མའི་ཡོལ་བ་མཐུག་པོ་ཕྱེས་པ་ན།།

སྐྱ་ཐིང་ཐིང་གི་་ས་གཞི་གང་ལ་བྲོས།།

ཁ་བའི་གོས་དཀར་བཀླུབས་པའི་ནོར་འཛིན་མ།།

བག་གསར་བཞིན་དུ་མིག་གི་བདུད་རྩིར་མངོན།།

 

རྩོམ་ཁུངས། ༢༠༠༦ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།