སྣང་སྲིད་ནགས་མོའི་ཀློང་དུ་འཛར་བའི་བའི་མི་སེམས།

ཁ་འཛིན་རྒྱབ་རྟེན་ལྷ་ཡི་སྟོབས་ལ་རེ།།

སེམས་སྦྱོང་ཤེས་རབ་རང་གི་རྩལ་ལས་དྲངས།།

བདེན་པའི་མྱུ་གུ་དྲང་མོའི་ཕྱོགས་ལ་གཟེད།།

རྭ་སྟོན་ཀུན་དགའ་སྐྱབས་ཀྱི་དྭངས་མར་འཛིན།།

 

དབེན་པའི་མལ་ན་ཏིང་འཛིན་མི་འདུག་པས།།

དྲན་པའི་འདུ་ཤེས་སྣང་ཡན་རྫ་ལ་བཏང་།།

དམར་སེར་མཚམས་སྤྲིན་འཚང་བའི་སྲུབས་ཀ་ནས།།

ང་ཡི་སེམས་ལ་ཞེན་ཆགས་དམར་པོ་བཀོད།།

 

གཙང་རིགས་ལྷ་ལ་མྱུར་མགྱོགས་མི་ཆེའམ།།

གསོལ་མཆོད་ཉུང་ངུས་ལྷ་སེམས་མི་ཚིམ་མམ།།

རངས་པའི་སྡེ་བ་ཞིག་གི་གཏམ་རྒྱུད་དེ།།

ཤི་གསོན་བྱེ་མའི་ལ་ཁའི་རྣམ་ཤེས་ཤིག།

 

བསམ་ཚད་ཐོབ་ན་སྙམ་པའི་ཧམ་སེམས་ཀྱིས།།

མུ་མེད་ཤེས་བྱ་ཆེན་པོའི་འདབས་ལ་བསྙབས།།

དྲན་ཚད་ཤོར་ཐལ་སྙམ་པའི་ཕམ་ཁ་འདིས།།

སྟོང་བ་སྟོང་རྐྱང་མཐར་གྱི་གནས་མལ་ལྷག།

 

ལྕི་མོའི་སེམས་པ་སྡུག་མོའི་མནར་གཅོད་ཅིག།

ཡང་མོའི་རླུང་ལ་བསིལ་བའི་རེག་བྱ་ཞིག།

འཇམ་པོའི་གོས་ལ་སེམས་པ་གླན་སྟངས་ཤིག།

འཇིག་རྟེན་མི་ཡུལ་མི་སེམས་ལད་མོ་ཞིག།

 

ཁྱོད་ནི་མཚམས་སྤྲིན་ཀློང་གི་འཛུམ་ལྡན་མ།།

འོད་ཟེར་སྟོང་གིས་བཟོས་པའི་མཁའ་སྤྱོད་ཅིག།

བདག་ནི་འདོད་ཆགས་བརྒྱ་ཡི་འདབ་མ་སྟེ།།

བརྩེ་བའི་འདབ་མ་མ་ལུས་ཁྱོད་ལ་བརྐྱངས།།

 

མི་ཚེའི་ཀྱོག་ལམ་ཕྲ་མོ་ཀླན་ཀས་བཟོས།།

མིག་ཆུའི་ཐིགས་པ་བར་དོའི་ཁམས་སུ་འཛར།།

སྣོད་འདིའི་ནང་རོལ་ནོངས་འགྱོད་བརྒྱ་ཡིས་གཅུན།།

བཅུད་འདིའི་རྟོག་འཁྲུལ་ཟ་ཟིའི་ཁམས་སུ་གཟེད།།

 

ཀྱི་ཧུད་ཡ་ཐོག་བསྐལ་བའི་བུ་ལོན་ཞིག།

བདག་ལ་སྙེག་ཏུ་ཡོང་བའི་སྲེད་ལེན་པའི།།

དོ་ནུབ་གཅེར་བུའི་ལུས་པོ་འདིར་ལྷགས་པས།།

དགའ་བའི་འཕྲུལ་གྱི་ནམ་མཁའ་སུ་ཡིས་འགེབས།།

 

ཁྱོད་ཀྱི་མཐའ་ལ་ལྷུང་བའི་མུ་སྟེགས་ང་།།

གཏན་ཚིགས་རིགས་པའི་སྒྱོགས་རྡོས་ཆེད་བསད་ཀྱང་།།

མཐའ་འདི་འགེམ་པའི་ཉི་མ་ཡོད་གྱུར་ན།།

འདི་ནས་མི་ལོ་སྟོང་གི་བགྲང་བྱ་དགོས།།

 

དེས་ན་འདི་སྣང་སྲིད་པའི་ཁམས་ཆེན་མོར།།

སེམས་ཀྱི་སྡུག་བསྔལ་སྐྱོབ་པའི་ལྷ་ཡོད་ན།།

རྨོངས་པའི་སེམས་ལས་རྐྱོང་བའི་མིག་ཆུ་འདི།།

སྙིང་གི་གྲོགས་ལ་ཁམ་གང་ལྡུད་རོགས་ཀྱིས།།

 

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྣང་སྲིད་ནགས་མོའི་ཀློང་དུ་འཛར་བའི་བའི་མི་སེམས།

2009-12-21 ཀ་ཤུལ་བསོད་རིན། ཀློག་གྲངས། མཆན ཡོད།

ཁ་འཛིན་རྒྱབ་རྟེན་ལྷ་ཡི་སྟོབས་ལ་རེ།།

སེམས་སྦྱོང་ཤེས་རབ་རང་གི་རྩལ་ལས་དྲངས།།

བདེན་པའི་མྱུ་གུ་དྲང་མོའི་ཕྱོགས་ལ་གཟེད།།

རྭ་སྟོན་ཀུན་དགའ་སྐྱབས་ཀྱི་དྭངས་མར་འཛིན།།

 

དབེན་པའི་མལ་ན་ཏིང་འཛིན་མི་འདུག་པས།།

དྲན་པའི་འདུ་ཤེས་སྣང་ཡན་རྫ་ལ་བཏང་།།

དམར་སེར་མཚམས་སྤྲིན་འཚང་བའི་སྲུབས་ཀ་ནས།།

ང་ཡི་སེམས་ལ་ཞེན་ཆགས་དམར་པོ་བཀོད།།

 

གཙང་རིགས་ལྷ་ལ་མྱུར་མགྱོགས་མི་ཆེའམ།།

གསོལ་མཆོད་ཉུང་ངུས་ལྷ་སེམས་མི་ཚིམ་མམ།།

རངས་པའི་སྡེ་བ་ཞིག་གི་གཏམ་རྒྱུད་དེ།།

ཤི་གསོན་བྱེ་མའི་ལ་ཁའི་རྣམ་ཤེས་ཤིག།

 

བསམ་ཚད་ཐོབ་ན་སྙམ་པའི་ཧམ་སེམས་ཀྱིས།།

མུ་མེད་ཤེས་བྱ་ཆེན་པོའི་འདབས་ལ་བསྙབས།།

དྲན་ཚད་ཤོར་ཐལ་སྙམ་པའི་ཕམ་ཁ་འདིས།།

སྟོང་བ་སྟོང་རྐྱང་མཐར་གྱི་གནས་མལ་ལྷག།

 

ལྕི་མོའི་སེམས་པ་སྡུག་མོའི་མནར་གཅོད་ཅིག།

ཡང་མོའི་རླུང་ལ་བསིལ་བའི་རེག་བྱ་ཞིག།

འཇམ་པོའི་གོས་ལ་སེམས་པ་གླན་སྟངས་ཤིག།

འཇིག་རྟེན་མི་ཡུལ་མི་སེམས་ལད་མོ་ཞིག།

 

ཁྱོད་ནི་མཚམས་སྤྲིན་ཀློང་གི་འཛུམ་ལྡན་མ།།

འོད་ཟེར་སྟོང་གིས་བཟོས་པའི་མཁའ་སྤྱོད་ཅིག།

བདག་ནི་འདོད་ཆགས་བརྒྱ་ཡི་འདབ་མ་སྟེ།།

བརྩེ་བའི་འདབ་མ་མ་ལུས་ཁྱོད་ལ་བརྐྱངས།།

 

མི་ཚེའི་ཀྱོག་ལམ་ཕྲ་མོ་ཀླན་ཀས་བཟོས།།

མིག་ཆུའི་ཐིགས་པ་བར་དོའི་ཁམས་སུ་འཛར།།

སྣོད་འདིའི་ནང་རོལ་ནོངས་འགྱོད་བརྒྱ་ཡིས་གཅུན།།

བཅུད་འདིའི་རྟོག་འཁྲུལ་ཟ་ཟིའི་ཁམས་སུ་གཟེད།།

 

ཀྱི་ཧུད་ཡ་ཐོག་བསྐལ་བའི་བུ་ལོན་ཞིག།

བདག་ལ་སྙེག་ཏུ་ཡོང་བའི་སྲེད་ལེན་པའི།།

དོ་ནུབ་གཅེར་བུའི་ལུས་པོ་འདིར་ལྷགས་པས།།

དགའ་བའི་འཕྲུལ་གྱི་ནམ་མཁའ་སུ་ཡིས་འགེབས།།

 

ཁྱོད་ཀྱི་མཐའ་ལ་ལྷུང་བའི་མུ་སྟེགས་ང་།།

གཏན་ཚིགས་རིགས་པའི་སྒྱོགས་རྡོས་ཆེད་བསད་ཀྱང་།།

མཐའ་འདི་འགེམ་པའི་ཉི་མ་ཡོད་གྱུར་ན།།

འདི་ནས་མི་ལོ་སྟོང་གི་བགྲང་བྱ་དགོས།།

 

དེས་ན་འདི་སྣང་སྲིད་པའི་ཁམས་ཆེན་མོར།།

སེམས་ཀྱི་སྡུག་བསྔལ་སྐྱོབ་པའི་ལྷ་ཡོད་ན།།

རྨོངས་པའི་སེམས་ལས་རྐྱོང་བའི་མིག་ཆུ་འདི།།

སྙིང་གི་གྲོགས་ལ་ཁམ་གང་ལྡུད་རོགས་ཀྱིས།།

 

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།