དབུ་མའི་ལྟ་མགུར།

ཕན་ཤུལ་འཆི་མེད་དབང་འདུས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-20

གདོད་ནས་མཛེས་པའི་ཞལ་གྱི་དཀྱིལ་འཁོར།།
ཡིད་ཀྱི་མཁའ་རུ་ཤར་བ་ཙམ་གྱིས།།
རྨོངས་པའི་མུན་འཕྲོག་དབྱངས་ཀྱི་རྒྱལ་མོས།།
རྣམ་དཔྱོད་ཀུན་ད་རྒྱས་པར་མཛོད་དང༌།།
 
རྒྱ་ཆེན་ཤེས་བྱའི་དེ་ཉིད་ངོ་མ།།
བྱིས་བློས་དཔྱོད་པའི་ཡུལ་ཙམ་མིན་པས།།
རིག་པའི་འོད་སྣང་འབུམ་གྱི་འཛུམ་ཟེར།།
བདག་གི་སྙིང་ལ་འཕོས་པར་མཛོད་དང༌།།
 
ཕྲ་རགས་འཇིག་རྟེན་གསང་བ་འཚོལ་བར།།
མི་ལས་འདས་པའི་མཁྱེན་རབ་དགོས་ན།།
དྲི་མེད་ཤེལ་གྱི་ཟླ་གཞོན་ལྟ་བུའི།།
རིག་ཁམས་དྭངས་མའི་གནས་ལུགས་སྟོན་དང༌།།
 
མཐའ་བྲལ་དབུ་མའི་གསང་ཚིག་ཕྲ་མོ།།
སྙན་འགྱུར་ངག་གིས་གླུ་རུ་ལེན་ན།།
ངག་ལ་ངག་གི་དངོས་གྲུབ་མཐའ་དག།
ད་ལྟ་ཉིད་ནས་བདག་ལ་སྩོལ་ཤོག།
 
སྣ་ཚོགས་སྣང་བའི་བསླུ་བྲིད་འོག་ཏུ།།
བདེན་འཛིན་ཐག་པས་བཅིངས་བའི་འགྲོ་རྣམས།།
རྟེན་འབྱུང་རིག་པའི་གྲོལ་སྟངས་འདི་ལ།།
མོས་པའི་ཡིད་ཆེས་སྙིང་ནས་སྐྱེད་དང༌།།
 
ཆགས་སྡང་རྟོག་པའི་འཕྲོ་འདུ་རེ་རེས།།
ངེས་འབྱུང་སྲབ་མོ་ཆུ་རུ་སྐྱུར་དུས།།
བདག་འཛིན་འགོག་པའི་ལྟ་སྟངས་རེ་རེས།།
ཞེན་པའི་འཆིང་བ་ནང་ནས་གཅོད་དགོས།།
 
སྣང་བའི་ཆ་ནས་ཡོད་ཡོད་འདྲ་བའི།།
ཤེས་བྱའི་འཇའ་ཚོན་ཇི་ལྟར་བཀྲ་ཡང༌།།
སྟོང་པའི་དབྱིངས་སུ་གྲོལ་བའི་ཁམས་དེས།།
བདེན་འཛིན་བུ་ཆུང་མཐའ་ལ་སྤྱུགས་ཐོངས།།
 
རྣམ་རྟོག་བདུད་ཀྱི་ཕ་བོང་རེ་རེས།།
བསམ་བློའི་སྒོ་མོ་འགེགས་པར་ནུས་ཀྱང༌།།
རྟེན་འབྱུང་རིག་པའི་རལ་གྲི་ངར་མས།།
མི་མངོན་དབྱིངས་སུ་རྒྱ་རུ་འདེབས་ཐུབ།།
 
མཐའ་མེད་འཁོར་བའི་གྲོང་ཁྱེར་ཟེར་བ།།
བག་ཆགས་ཤིག་གི་གནས་སྟངས་ལགས་ན།།
སྟོང་དང་རྟེན་འབྱུང་འབྲེལ་བའི་ལྟ་བས།།
ཐག་སྣེའི་མདུད་པ་འཁྲོལ་སྟངས་ཤེས་དགོས།།
 
སྣང་བ་ཡུལ་གྱི་རྩེད་མོ་རེ་རེས།།
འཛིན་པ་སེམས་ཀྱི་བུ་ཆུང་བསླུས་པའི།།
མ་ངེས་འཁོར་བའི་འཁྲབ་སྟོན་འདི་དག།
རིགས་པའི་ལམ་ནས་བརྫུན་དུ་མཐོང་སོང༌།།
 
རྟེན་འབྲེལ་དབང་གིས་སྣང་དུ་རུང་ཞིང༌།།
སྣང་བ་ལྟར་དུ་གྲུབ་པ་མེད་པའི།།
ངེས་དོན་རྒྱལ་བའི་དགོངས་བཅུད་ཟབ་མོ།།
རྟག་ཆད་མཁན་པོའི་གོ་ཡུལ་མ་ཡིན།།
 
མིང་དུ་བཏགས་པའི་ཤེས་བྱའི་ངོ་གདོང༌།།
ལས་སྣང་དབང་གིས་གྲུབ་པར་མཐོང་ཡང༌།།
མཐོང་མཁན་ཁོ་ཡང་བརྫུན་དུ་སོང་ན།།
རྟོག་དཔྱོད་མཁན་པོས་གཟབ་གཟབ་མཛོད་ཅིག།
 
ཕྱག་རྫོགས་དབུ་མའི་ལྟ་གྲུབ་མཐའ་དག།
ཆོས་ཉིད་ཀློང་དུ་རོ་གཅིག་གཞོལ་ན།།
རེ་དོགས་མང་བའི་རྩོད་པ་སྤངས་ནས།།
མཐར་འཛིན་ལྟ་བའི་ཞེན་ཡུལ་ཕྱུངས་ཤིག།
 
ས་དགེ་བཀའ་རྙིང་གྲུབ་མཐའི་འདོད་ཚུལ།།
སོ་སོར་གསུངས་ཀྱང་མིང་འདོགས་ཙམ་ལས།།
ཐར་པའི་ལམ་གྱི་ཚུགས་སོ་རེ་ནས།།
མཁས་པས་བལྟས་ན་གཅིག་ཏུ་གཞོལ་འོང།།
 
ཅི་ཡང་མི་ཤེས་བྱིས་པའི་ཚོགས་ཀྱིས།།
བླུན་པོའི་ལབ་རྡོལ་བདེན་པར་འཛིན་ཡང༌།།
རྣམ་དཔྱོད་ཅན་གྱི་བློ་མིག་ཡངས་པོས།།
ལེགས་པར་གཟིགས་དང་འདྲ་འདྲ་མིན་ནོ།།
 
འཁོར་བའི་ཀློང་གི་མི་ནག་ཅིག་གིས།།
དབུ་མའི་ལྟ་བར་འོལ་ཚོད་བྱས་ཀྱང༌།།
འཕགས་བོད་གཞུང་གི་དགོངས་པར་འགལ་ན།།
ལུང་དང་རིག་པས་རྩད་ནས་ཕྱུངས་ཤིག།
 
ཅི་སྟེ་འཐད་པའི་ཆ་ཞིག་མཆིས་ཤིང༌།།
རྟེན་འབྲེལ་མཐོང་བའི་ཐབས་སུ་འགྲོ་ན།།
རིག་བྱེད་ཚིག་གི་འཆད་སྟངས་རེ་རེས།།
ལམ་གྱི་བདེན་པ་རེ་རེ་ཐོབ་ཤོག།
                           ༢༠༡༠ལོའི་ཟླ་༢ཚེས་༢༥ཉིན་རང་ཤག་ཏུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུ་མའི་ལྟ་མགུར།

2010-07-20 ཕན་ཤུལ་འཆི་མེད་དབང་འདུས། ཀློག་གྲངས། མཆན ཡོད།

གདོད་ནས་མཛེས་པའི་ཞལ་གྱི་དཀྱིལ་འཁོར།།
ཡིད་ཀྱི་མཁའ་རུ་ཤར་བ་ཙམ་གྱིས།།
རྨོངས་པའི་མུན་འཕྲོག་དབྱངས་ཀྱི་རྒྱལ་མོས།།
རྣམ་དཔྱོད་ཀུན་ད་རྒྱས་པར་མཛོད་དང༌།།
 
རྒྱ་ཆེན་ཤེས་བྱའི་དེ་ཉིད་ངོ་མ།།
བྱིས་བློས་དཔྱོད་པའི་ཡུལ་ཙམ་མིན་པས།།
རིག་པའི་འོད་སྣང་འབུམ་གྱི་འཛུམ་ཟེར།།
བདག་གི་སྙིང་ལ་འཕོས་པར་མཛོད་དང༌།།
 
ཕྲ་རགས་འཇིག་རྟེན་གསང་བ་འཚོལ་བར།།
མི་ལས་འདས་པའི་མཁྱེན་རབ་དགོས་ན།།
དྲི་མེད་ཤེལ་གྱི་ཟླ་གཞོན་ལྟ་བུའི།།
རིག་ཁམས་དྭངས་མའི་གནས་ལུགས་སྟོན་དང༌།།
 
མཐའ་བྲལ་དབུ་མའི་གསང་ཚིག་ཕྲ་མོ།།
སྙན་འགྱུར་ངག་གིས་གླུ་རུ་ལེན་ན།།
ངག་ལ་ངག་གི་དངོས་གྲུབ་མཐའ་དག།
ད་ལྟ་ཉིད་ནས་བདག་ལ་སྩོལ་ཤོག།
 
སྣ་ཚོགས་སྣང་བའི་བསླུ་བྲིད་འོག་ཏུ།།
བདེན་འཛིན་ཐག་པས་བཅིངས་བའི་འགྲོ་རྣམས།།
རྟེན་འབྱུང་རིག་པའི་གྲོལ་སྟངས་འདི་ལ།།
མོས་པའི་ཡིད་ཆེས་སྙིང་ནས་སྐྱེད་དང༌།།
 
ཆགས་སྡང་རྟོག་པའི་འཕྲོ་འདུ་རེ་རེས།།
ངེས་འབྱུང་སྲབ་མོ་ཆུ་རུ་སྐྱུར་དུས།།
བདག་འཛིན་འགོག་པའི་ལྟ་སྟངས་རེ་རེས།།
ཞེན་པའི་འཆིང་བ་ནང་ནས་གཅོད་དགོས།།
 
སྣང་བའི་ཆ་ནས་ཡོད་ཡོད་འདྲ་བའི།།
ཤེས་བྱའི་འཇའ་ཚོན་ཇི་ལྟར་བཀྲ་ཡང༌།།
སྟོང་པའི་དབྱིངས་སུ་གྲོལ་བའི་ཁམས་དེས།།
བདེན་འཛིན་བུ་ཆུང་མཐའ་ལ་སྤྱུགས་ཐོངས།།
 
རྣམ་རྟོག་བདུད་ཀྱི་ཕ་བོང་རེ་རེས།།
བསམ་བློའི་སྒོ་མོ་འགེགས་པར་ནུས་ཀྱང༌།།
རྟེན་འབྱུང་རིག་པའི་རལ་གྲི་ངར་མས།།
མི་མངོན་དབྱིངས་སུ་རྒྱ་རུ་འདེབས་ཐུབ།།
 
མཐའ་མེད་འཁོར་བའི་གྲོང་ཁྱེར་ཟེར་བ།།
བག་ཆགས་ཤིག་གི་གནས་སྟངས་ལགས་ན།།
སྟོང་དང་རྟེན་འབྱུང་འབྲེལ་བའི་ལྟ་བས།།
ཐག་སྣེའི་མདུད་པ་འཁྲོལ་སྟངས་ཤེས་དགོས།།
 
སྣང་བ་ཡུལ་གྱི་རྩེད་མོ་རེ་རེས།།
འཛིན་པ་སེམས་ཀྱི་བུ་ཆུང་བསླུས་པའི།།
མ་ངེས་འཁོར་བའི་འཁྲབ་སྟོན་འདི་དག།
རིགས་པའི་ལམ་ནས་བརྫུན་དུ་མཐོང་སོང༌།།
 
རྟེན་འབྲེལ་དབང་གིས་སྣང་དུ་རུང་ཞིང༌།།
སྣང་བ་ལྟར་དུ་གྲུབ་པ་མེད་པའི།།
ངེས་དོན་རྒྱལ་བའི་དགོངས་བཅུད་ཟབ་མོ།།
རྟག་ཆད་མཁན་པོའི་གོ་ཡུལ་མ་ཡིན།།
 
མིང་དུ་བཏགས་པའི་ཤེས་བྱའི་ངོ་གདོང༌།།
ལས་སྣང་དབང་གིས་གྲུབ་པར་མཐོང་ཡང༌།།
མཐོང་མཁན་ཁོ་ཡང་བརྫུན་དུ་སོང་ན།།
རྟོག་དཔྱོད་མཁན་པོས་གཟབ་གཟབ་མཛོད་ཅིག།
 
ཕྱག་རྫོགས་དབུ་མའི་ལྟ་གྲུབ་མཐའ་དག།
ཆོས་ཉིད་ཀློང་དུ་རོ་གཅིག་གཞོལ་ན།།
རེ་དོགས་མང་བའི་རྩོད་པ་སྤངས་ནས།།
མཐར་འཛིན་ལྟ་བའི་ཞེན་ཡུལ་ཕྱུངས་ཤིག།
 
ས་དགེ་བཀའ་རྙིང་གྲུབ་མཐའི་འདོད་ཚུལ།།
སོ་སོར་གསུངས་ཀྱང་མིང་འདོགས་ཙམ་ལས།།
ཐར་པའི་ལམ་གྱི་ཚུགས་སོ་རེ་ནས།།
མཁས་པས་བལྟས་ན་གཅིག་ཏུ་གཞོལ་འོང།།
 
ཅི་ཡང་མི་ཤེས་བྱིས་པའི་ཚོགས་ཀྱིས།།
བླུན་པོའི་ལབ་རྡོལ་བདེན་པར་འཛིན་ཡང༌།།
རྣམ་དཔྱོད་ཅན་གྱི་བློ་མིག་ཡངས་པོས།།
ལེགས་པར་གཟིགས་དང་འདྲ་འདྲ་མིན་ནོ།།
 
འཁོར་བའི་ཀློང་གི་མི་ནག་ཅིག་གིས།།
དབུ་མའི་ལྟ་བར་འོལ་ཚོད་བྱས་ཀྱང༌།།
འཕགས་བོད་གཞུང་གི་དགོངས་པར་འགལ་ན།།
ལུང་དང་རིག་པས་རྩད་ནས་ཕྱུངས་ཤིག།
 
ཅི་སྟེ་འཐད་པའི་ཆ་ཞིག་མཆིས་ཤིང༌།།
རྟེན་འབྲེལ་མཐོང་བའི་ཐབས་སུ་འགྲོ་ན།།
རིག་བྱེད་ཚིག་གི་འཆད་སྟངས་རེ་རེས།།
ལམ་གྱི་བདེན་པ་རེ་རེ་ཐོབ་ཤོག།
                           ༢༠༡༠ལོའི་ཟླ་༢ཚེས་༢༥ཉིན་རང་ཤག་ཏུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།