འཕྲུལ་སྣང༌།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-18

ནམ་མཁའ་མེ་ལ་བརྗོད་ན་བརྗོད་དུ་ཆུགས།།
ས་གཞི་རྡུལ་དུ་བརླག་ན་བརླག་ཏུ་ཆུགས།།
བྲན་གཤིས་རིང་དུ་དོར་བའི་ཕ་མཐའ་ན།།
མེས་པོའི་རྒྱལ་ཁབ་གངས་ལ་ཆགས་ནས་ཡོད།།

ཁུ་ལོ་མོན་ལ་འཕུར་ན་འཕུར་དུ་ཆུགས།།
རྩྭ་སྐྱ་རླུང་གིས་འཁུར་ན་འཁུར་དུ་ཆུགས།།
ང་ཡི་སེམས་པ་གཉོམ་པོའི་གས་སྲུབས་ན།།
མེ་ཏོག་བཞད་པའི་དབྱར་ཟླ་གཞན་ཞིག་ཡོད།།

མཛེས་མས་འཕོངས་ཚོས་གཡུག་ན་གཡུག་ཏུ་ཆུགས།།
མཛངས་མ་གནས་ལ་འགྲོ་ན་འགྲོ་རུ་ཆུགས།།
ང་ཡི་འབྱུང་འགྱུར་འཚོ་བའི་ལམ་སྣེ་ན།།
གོས་ལྭ་གྱོན་པའི་བག་སར་གཞན་ཞིག་ཡོད།།

སྤྲུལ་སྐུ་དགུང་ལ་འཕུར་ན་ཕེབས་སུ་ཆུགས།།
དཔོན་པོ་ནོར་གྱིས་མགུ་ན་སྤྱོད་དུ་ཆུགས།།
ལང་ཚོ་ཆང་ལ་ཟད་པའི་བཟི་ཁ་ན།།
ང་ལ་དྲོད་དང་འོད་ཀྱི་ལམ་སྟོན་ཡོད།།
                                2010-2-9

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཕྲུལ་སྣང༌།

2010-07-18 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

ནམ་མཁའ་མེ་ལ་བརྗོད་ན་བརྗོད་དུ་ཆུགས།།
ས་གཞི་རྡུལ་དུ་བརླག་ན་བརླག་ཏུ་ཆུགས།།
བྲན་གཤིས་རིང་དུ་དོར་བའི་ཕ་མཐའ་ན།།
མེས་པོའི་རྒྱལ་ཁབ་གངས་ལ་ཆགས་ནས་ཡོད།།

ཁུ་ལོ་མོན་ལ་འཕུར་ན་འཕུར་དུ་ཆུགས།།
རྩྭ་སྐྱ་རླུང་གིས་འཁུར་ན་འཁུར་དུ་ཆུགས།།
ང་ཡི་སེམས་པ་གཉོམ་པོའི་གས་སྲུབས་ན།།
མེ་ཏོག་བཞད་པའི་དབྱར་ཟླ་གཞན་ཞིག་ཡོད།།

མཛེས་མས་འཕོངས་ཚོས་གཡུག་ན་གཡུག་ཏུ་ཆུགས།།
མཛངས་མ་གནས་ལ་འགྲོ་ན་འགྲོ་རུ་ཆུགས།།
ང་ཡི་འབྱུང་འགྱུར་འཚོ་བའི་ལམ་སྣེ་ན།།
གོས་ལྭ་གྱོན་པའི་བག་སར་གཞན་ཞིག་ཡོད།།

སྤྲུལ་སྐུ་དགུང་ལ་འཕུར་ན་ཕེབས་སུ་ཆུགས།།
དཔོན་པོ་ནོར་གྱིས་མགུ་ན་སྤྱོད་དུ་ཆུགས།།
ལང་ཚོ་ཆང་ལ་ཟད་པའི་བཟི་ཁ་ན།།
ང་ལ་དྲོད་དང་འོད་ཀྱི་ལམ་སྟོན་ཡོད།།
                                2010-2-9

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།