བདེན་པའི་ཁ་དོག

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-09

ལེགས་ཉེས་བླང་དོར་གྱི་མིག་དབང་ཉམས་ཤིང༌།།
རྒྱུ་དང་གོ་ས་ཡི་བྲན་དུ་གྱུར་བའི།།
ང་འཁྱག་ངོ་འཁྱག་གི་ཤེས་མེད་དཔོན་པོ།།
སེམས་ཀྱི་ལན་ཆགས་དེ་ཞུ་ས་མ་རེད།།

སྒེག་ལྡན་རིག་མ་ཚོས་མཐའ་ནས་སྐོར་ཞིང༌།།
ཇ་ཁང་ཆང་ཁང་ནས་ཉི་མ་གཏོང་བའི།།
གཞན་སེམས་དཀྲུག་མཁན་གྱི་སྤྲུལ་སྐུ་རྫུན་མར།།
བསྟན་འགྲོའི་འཕེལ་འགྲིབ་དེ་གླེང་རྒྱུ་བབས་མེད།།

མཁས་བཙུན་བཟང་གསུམ་གྱི་བྱ་བར་རྨོངས་ཤིང༌།།
ལྷག་བསམ་མེ་སྟག་གི་འོད་ལས་ཆུང་བའི།།
ཁ་རྟུལ་ཚིག་རྟུལ་གྱི་དགེ་རྒན་འདིའི་རིགས།།
སློབ་གསོའི་སྟེགས་བུ་རུ་འགྲེང་ན་སྐྱོ་ཨང༌།།

རྒྱུད་ན་མི་རིགས་ཀྱི་འདུ་ཤེས་བྲལ་ཞིང༌།།
ངག་ན་ཕ་སྐད་ཀྱི་དབྱངས་འགྲོས་བོར་བའི།།
ར་མིན་ལུག་མིན་གྱི་སློབ་བུ་ཅོལ་ཆུང༌།།
གངས་ལྗོངས་གསར་འཛུགས་ལ་དགོས་མཁོ་ཆུང་ངོ༌།།

ཉམ་ཆུང་ནུས་མེད་ལ་དགྲ་ལྟར་སྡང་ཞིང༌།།
བཙན་པོ་གཉན་པོ་ཚོའི་གཅིན་སྐྱག་ལྡག་པའི།།
ཁ་རྫིག་ངོ་རྫིག་གི་ཉེན་རྟོག་པ་ཚོ།།
དམངས་སྐྱོང་རྒྱལ་ཁབ་ཀྱིས་གསོ་རིན་མི་འདུག།

རང་གཤིས་བ་གླང་གི་རྭ་ལྟར་གྱོང་ཞིང༌།།
དམ་ཚིག་རླུང་ནང་གི་སྤུ་བཞིན་ཡང་བའི།།
ཕྱི་མཛེས་ནང་རུལ་གྱི་ཁྲེལ་མེད་བུ་མོ།།
མི་ཚེའི་འདུན་མ་དེ་བཅོལ་ས་མ་རེད།
                                                  2008—7--1

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེན་པའི་ཁ་དོག

2010-07-09 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

ལེགས་ཉེས་བླང་དོར་གྱི་མིག་དབང་ཉམས་ཤིང༌།།
རྒྱུ་དང་གོ་ས་ཡི་བྲན་དུ་གྱུར་བའི།།
ང་འཁྱག་ངོ་འཁྱག་གི་ཤེས་མེད་དཔོན་པོ།།
སེམས་ཀྱི་ལན་ཆགས་དེ་ཞུ་ས་མ་རེད།།

སྒེག་ལྡན་རིག་མ་ཚོས་མཐའ་ནས་སྐོར་ཞིང༌།།
ཇ་ཁང་ཆང་ཁང་ནས་ཉི་མ་གཏོང་བའི།།
གཞན་སེམས་དཀྲུག་མཁན་གྱི་སྤྲུལ་སྐུ་རྫུན་མར།།
བསྟན་འགྲོའི་འཕེལ་འགྲིབ་དེ་གླེང་རྒྱུ་བབས་མེད།།

མཁས་བཙུན་བཟང་གསུམ་གྱི་བྱ་བར་རྨོངས་ཤིང༌།།
ལྷག་བསམ་མེ་སྟག་གི་འོད་ལས་ཆུང་བའི།།
ཁ་རྟུལ་ཚིག་རྟུལ་གྱི་དགེ་རྒན་འདིའི་རིགས།།
སློབ་གསོའི་སྟེགས་བུ་རུ་འགྲེང་ན་སྐྱོ་ཨང༌།།

རྒྱུད་ན་མི་རིགས་ཀྱི་འདུ་ཤེས་བྲལ་ཞིང༌།།
ངག་ན་ཕ་སྐད་ཀྱི་དབྱངས་འགྲོས་བོར་བའི།།
ར་མིན་ལུག་མིན་གྱི་སློབ་བུ་ཅོལ་ཆུང༌།།
གངས་ལྗོངས་གསར་འཛུགས་ལ་དགོས་མཁོ་ཆུང་ངོ༌།།

ཉམ་ཆུང་ནུས་མེད་ལ་དགྲ་ལྟར་སྡང་ཞིང༌།།
བཙན་པོ་གཉན་པོ་ཚོའི་གཅིན་སྐྱག་ལྡག་པའི།།
ཁ་རྫིག་ངོ་རྫིག་གི་ཉེན་རྟོག་པ་ཚོ།།
དམངས་སྐྱོང་རྒྱལ་ཁབ་ཀྱིས་གསོ་རིན་མི་འདུག།

རང་གཤིས་བ་གླང་གི་རྭ་ལྟར་གྱོང་ཞིང༌།།
དམ་ཚིག་རླུང་ནང་གི་སྤུ་བཞིན་ཡང་བའི།།
ཕྱི་མཛེས་ནང་རུལ་གྱི་ཁྲེལ་མེད་བུ་མོ།།
མི་ཚེའི་འདུན་མ་དེ་བཅོལ་ས་མ་རེད།
                                                  2008—7--1

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།