རྫི་བོའི་སྨྲེང་གླུ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-04

གདོད་མའི་གླུ་ངག་གི་དབྱངས་ལ།།
སྲིད་པ་ཆགས་གླུ་དེ་ཞུགས་འདུག།
མི་རྒོད་སྤར་བྲད་ཀྱི་ཤུལ་དུ།།
གངས་རིའི་ཕོ་བྲང་ཞིག་འཕགས་བྱུང༌།།

བདག་པོའི་ཞབས་སྟེགས་ལ་བསྲིངས་པའི།།
མི་ཆུང་གཡོག་ལི་ཡི་གཉའ་བ།།
དར་ཟབ་གོས་ཚོན་གྱིས་དཀྲིས་ཚེ།།
སྣང་བ་སྤྲིན་དཀར་གྱིས་དེད་འགྲོ།།

མི་ཕོ་དཔུང་རྗེན་ཚོའི་ཀི་རྒྱངས།།
ཡ་གའི་བྲག་ཅ་ལ་འཁོར་ཚེ།།
རི་སྤྱང་ཤ་གཟན་གྱི་སྙིང་རྩ།།
ལ་དགུའི་ཕ་རོལ་ན་ལྡིང་གི།།

ལྷུང་ལྷུང་ཆུ་ཕྲན་གྱི་གཞུང་ན།།
ཆུ་ཁུར་བུ་མོ་ཞིག་ལངས་འདུག།
བརྩེ་སེམས་མེ་ཏོག་གི་འདབ་མ།།
དྲན་གདུང་ཟིལ་བ་ཡིས་བརླན་སོང༌།།

རྒས་ན་སྐྱོ་ཉམས་ཀྱིས་ཕོངས་པ།།
རྒུད་ཀྱང་མེ་དྲོད་ཀྱིས་སྙེམས་པ།།
མཐིང་སྨུག་སྦྲ་ནག་གི་ཁེངས་པ།།
རྒྱུ་སྤུན་མཉམ་འཐབ་ཀྱིས་བསླེས་ཡོད།།

སྲོད་ཁའི་ཆུ་སྤྲིན་གྱི་བམ་ཁ།།
རྒོད་པོའི་གཤོག་རླབས་ཀྱིས་གཏོར་ཚེ།།
འཁྲེང་ཞེན་མིག་ཟུང་གི་སྒྲིལ་མཚམས།།
ཆར་ནག་ཡོལ་བ་ཡིས་བསྒྲིབས་སོང༌།།        
                                          2010-3-15

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྫི་བོའི་སྨྲེང་གླུ།

2010-07-04 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

གདོད་མའི་གླུ་ངག་གི་དབྱངས་ལ།།
སྲིད་པ་ཆགས་གླུ་དེ་ཞུགས་འདུག།
མི་རྒོད་སྤར་བྲད་ཀྱི་ཤུལ་དུ།།
གངས་རིའི་ཕོ་བྲང་ཞིག་འཕགས་བྱུང༌།།

བདག་པོའི་ཞབས་སྟེགས་ལ་བསྲིངས་པའི།།
མི་ཆུང་གཡོག་ལི་ཡི་གཉའ་བ།།
དར་ཟབ་གོས་ཚོན་གྱིས་དཀྲིས་ཚེ།།
སྣང་བ་སྤྲིན་དཀར་གྱིས་དེད་འགྲོ།།

མི་ཕོ་དཔུང་རྗེན་ཚོའི་ཀི་རྒྱངས།།
ཡ་གའི་བྲག་ཅ་ལ་འཁོར་ཚེ།།
རི་སྤྱང་ཤ་གཟན་གྱི་སྙིང་རྩ།།
ལ་དགུའི་ཕ་རོལ་ན་ལྡིང་གི།།

ལྷུང་ལྷུང་ཆུ་ཕྲན་གྱི་གཞུང་ན།།
ཆུ་ཁུར་བུ་མོ་ཞིག་ལངས་འདུག།
བརྩེ་སེམས་མེ་ཏོག་གི་འདབ་མ།།
དྲན་གདུང་ཟིལ་བ་ཡིས་བརླན་སོང༌།།

རྒས་ན་སྐྱོ་ཉམས་ཀྱིས་ཕོངས་པ།།
རྒུད་ཀྱང་མེ་དྲོད་ཀྱིས་སྙེམས་པ།།
མཐིང་སྨུག་སྦྲ་ནག་གི་ཁེངས་པ།།
རྒྱུ་སྤུན་མཉམ་འཐབ་ཀྱིས་བསླེས་ཡོད།།

སྲོད་ཁའི་ཆུ་སྤྲིན་གྱི་བམ་ཁ།།
རྒོད་པོའི་གཤོག་རླབས་ཀྱིས་གཏོར་ཚེ།།
འཁྲེང་ཞེན་མིག་ཟུང་གི་སྒྲིལ་མཚམས།།
ཆར་ནག་ཡོལ་བ་ཡིས་བསྒྲིབས་སོང༌།།        
                                          2010-3-15

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།