ལས་ལ་བསྐོས་པའི་ཆུང་འདྲིས།
ལས་ལ་བསྐོས་པའི་ཆུང་འདྲིས།།
སྙིང་གི་སྙིང་གཏམ་གསན་དང༌།།
སྙིང་གཏམ་གསན་པའི་མི་ཚད།།
ཐུགས་ཀྱི་གཏིང་ལ་ཞོག་དང༌།།
ང་སེམས་གསེར་གྱི་སྒོ་ལྕགས།།
ལྡེ་མིག་ཁྱེད་ལ་ཕུལ་ཡོད།།
ལྡེ་མིག་གཞན་ལ་སྤྲད་ཀྱང༌།།
སྒོ་ལྕགས་བྱེ་གི་མ་རེད།།
ཁྱེད་སེམས་ཉ་ཆུང་གསེར་མིག།
འཁྱུག་རྩལ་གྲུང་པོ་ཡོད་ཀྱང༌།།
འཕྱོན་མའི་ལྕགས་ཀྱུ་འཕྲད་དུས།།
གཟབ་ཙམ་གནང་རོགས་གནང་དང༌།།
རྩོམ་ཁུངས། ཡར་ཀླུང་གླུ་གསར།