སྒལ་ཚིགས།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-01

རྭ་རྒྱའི་སློབ་མ་ལྡོང་གི་རྗེས་འཇུག་ཏུ་འཕྲོད་འདུག།
ནུབ་བྱང་རིག་སྨྲ་བདུད་ལྷའི་ཡང་འཇུག་ལ་རན་འདུག།
དགེ་ལུགས་བླ་སྤྲུལ་གྲོང་གི་ཨ་མཆོད་དུ་མཛའ་འདུག།
གངས་ཅན་མི་ཡི་སྒལ་ཚིགས་ཞ་ཉེ་རང་རེད་དོ།།

སྒོ་ཡོན་འོད་ནག་ལ་སོགས་སེང་རྡོར་གྱི་ཞབས་སྟེགས།།
མེ་ལྕེ་ཉི་གཞོན་དང་བཅས་ཞོགས་དུང་གི་རྗེས་འབྲང༌།།
རྟོགས་སད་ལྷ་མོ་མང་ཙམ་དཔལ་མོ་ཡི་ལུགས་འབྱུང༌།།
གངས་ཅན་མི་ཡི་སྒལ་ཚིགས་ཞ་ཉེ་རང་རེད་དོ།།

མོ་བ་རྩིས་པ་རྫུན་གྱི་ཨ་ལོང་དུ་འཁྲིལ་འདུག།
ཁེ་བ་གཞས་པ་ནོར་གྱི་ལོངས་སྤྱོད་ཀྱིས་མནན་འདུག།།
བླ་ཆེན་དཔོན་ཆེན་ཕྱོགས་ལྷུང་ལྟ་བ་ཡིས་བསླུས་འདུག།
གངས་ཅན་མི་ཡི་སྒལ་ཚིགས་ཞ་ཉེ་རང་རེད་དོ།།

ལྟ་སྤྱོད་གསར་བའི་སོན་མ་ནུབ་གླིང་ནས་བཏུས་ཤིང༌།།
གཞུང་ལུགས་ཟབ་མོའི་དགོངས་པ་ཤར་ཕྱོགས་སུ་གཏུགས་པ།།
མདོར་ན་ཅི་ཡོད་ཅི་མཆིས་གཞན་ལུགས་ལ་བསྙེས་པའི།།
གངས་ཅན་མི་ཡི་སྒལ་ཚིགས་ཞ་ཉེ་རང་རེད་དོ།།

ང་ཡི་སྙིང་དབུས་གཏམ་གྱི་དྲང་སྲོང་གི་ཕོ་ཉ།།
ཁྱོད་ཀྱི་རུས་པ་སྲ་མོའི་སྒལ་ཚིགས་སུ་ཕུལ་ཡོད།།
སུན་འབྱིན་བསྟིངས་ཚིག་ནག་པོ་བཙན་འདུག་རང་མ་གསུང༌།།
ཁ་ཞེ་བོད་ལ་དཀར་བའི་དན་རྟགས་རང་ཡིན་ནོ།།
                                             2008—6--9

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒལ་ཚིགས།

2010-07-01 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

རྭ་རྒྱའི་སློབ་མ་ལྡོང་གི་རྗེས་འཇུག་ཏུ་འཕྲོད་འདུག།
ནུབ་བྱང་རིག་སྨྲ་བདུད་ལྷའི་ཡང་འཇུག་ལ་རན་འདུག།
དགེ་ལུགས་བླ་སྤྲུལ་གྲོང་གི་ཨ་མཆོད་དུ་མཛའ་འདུག།
གངས་ཅན་མི་ཡི་སྒལ་ཚིགས་ཞ་ཉེ་རང་རེད་དོ།།

སྒོ་ཡོན་འོད་ནག་ལ་སོགས་སེང་རྡོར་གྱི་ཞབས་སྟེགས།།
མེ་ལྕེ་ཉི་གཞོན་དང་བཅས་ཞོགས་དུང་གི་རྗེས་འབྲང༌།།
རྟོགས་སད་ལྷ་མོ་མང་ཙམ་དཔལ་མོ་ཡི་ལུགས་འབྱུང༌།།
གངས་ཅན་མི་ཡི་སྒལ་ཚིགས་ཞ་ཉེ་རང་རེད་དོ།།

མོ་བ་རྩིས་པ་རྫུན་གྱི་ཨ་ལོང་དུ་འཁྲིལ་འདུག།
ཁེ་བ་གཞས་པ་ནོར་གྱི་ལོངས་སྤྱོད་ཀྱིས་མནན་འདུག།།
བླ་ཆེན་དཔོན་ཆེན་ཕྱོགས་ལྷུང་ལྟ་བ་ཡིས་བསླུས་འདུག།
གངས་ཅན་མི་ཡི་སྒལ་ཚིགས་ཞ་ཉེ་རང་རེད་དོ།།

ལྟ་སྤྱོད་གསར་བའི་སོན་མ་ནུབ་གླིང་ནས་བཏུས་ཤིང༌།།
གཞུང་ལུགས་ཟབ་མོའི་དགོངས་པ་ཤར་ཕྱོགས་སུ་གཏུགས་པ།།
མདོར་ན་ཅི་ཡོད་ཅི་མཆིས་གཞན་ལུགས་ལ་བསྙེས་པའི།།
གངས་ཅན་མི་ཡི་སྒལ་ཚིགས་ཞ་ཉེ་རང་རེད་དོ།།

ང་ཡི་སྙིང་དབུས་གཏམ་གྱི་དྲང་སྲོང་གི་ཕོ་ཉ།།
ཁྱོད་ཀྱི་རུས་པ་སྲ་མོའི་སྒལ་ཚིགས་སུ་ཕུལ་ཡོད།།
སུན་འབྱིན་བསྟིངས་ཚིག་ནག་པོ་བཙན་འདུག་རང་མ་གསུང༌།།
ཁ་ཞེ་བོད་ལ་དཀར་བའི་དན་རྟགས་རང་ཡིན་ནོ།།
                                             2008—6--9

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།