བོད་ལ་ཞུ་བ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-25

རིགས་ཞེན་ཆུ་ཡིས་བསྣུབས་པའི་རབ་ཁ་ནས།།
ལང་ཚོ་མེ་ཡིས་འཚིག་པའི་ཐབ་ཚང་ནས།།
བསྒྲགས་གཏམ་རྐུ་ལ་ཤོར་བའི་ཚོགས་ར་ནས།།
ཆེན་པོ་བོད་ཀྱི་མངའ་ཐང་ཡང་ཡང་དྲན།།

རྒྱལ་བསྟན་སྙིགས་གཤིས་འཐུང་བའི་ཆང་ཁ་ནས།།
མི་ཆོས་རྡོག་པས་བརྫི་བའི་ཁྱིམ་ཕུག་ནས།།
སྲིད་འབྱོར་གཡང་ལ་ལྷུང་བའི་འོབས་རིང་ནས།།
འབྱུང་འགྱུར་བོད་ཀྱི་རྨི་ལམ་ང་ཡིས་རྨིས།།

ལུགས་གཉིས་ཆུ་སྤྲིན་འཁྲིགས་པའི་སྡིངས་ཀ་ནས།།
བླ་མས་བླ་ཐོབ་རྩོད་པའི་ཁྲི་ཐོག་ནས།།
དཔོན་པོས་དཔོན་པོ་ཉོ་བའི་ལྟག་སྒོ་ནས།།
དམར་པོ་ཁྲག་གི་ལོ་རྒྱུས་ང་ཡིས་བཀླགས།།

གཡེམ་སྦྱོར་རྔུལ་ཆུ་འཛག་པའི་གདན་སྟེང་ནས།།
ཨ་སར་འཛུམ་དཀར་འཁྱུག་པའི་རྩེད་ར་ནས།།
དགེ་བོ་བཙུན་མར་ཆགས་པའི་གསང་ལམ་ནས།།
བརྩེ་དུང་རིག་པའི་ཆོ་འཕྲུལ་ང་ཡིས་མཐོང༌།།

ལྷུང་བཟེད་དམངས་ལ་བཟེད་པའི་སྤར་ཁ་ནས།།
གཞུང་རྒྱུ་སྒེར་གྱིས་འཛད་པའི་འགྲོ་སྲོལ་ལས།།
དབུལ་ཕྱུག་ངོ་སོ་འབྱེད་པའི་དབྱེ་ཐིག་ལས།།
མི་ཆེན་དཔོན་པོའི་གསང་རྣམ་ང་ཡིས་བརྩམས།
                                           2009—11-9

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ལ་ཞུ་བ།

2010-06-25 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

རིགས་ཞེན་ཆུ་ཡིས་བསྣུབས་པའི་རབ་ཁ་ནས།།
ལང་ཚོ་མེ་ཡིས་འཚིག་པའི་ཐབ་ཚང་ནས།།
བསྒྲགས་གཏམ་རྐུ་ལ་ཤོར་བའི་ཚོགས་ར་ནས།།
ཆེན་པོ་བོད་ཀྱི་མངའ་ཐང་ཡང་ཡང་དྲན།།

རྒྱལ་བསྟན་སྙིགས་གཤིས་འཐུང་བའི་ཆང་ཁ་ནས།།
མི་ཆོས་རྡོག་པས་བརྫི་བའི་ཁྱིམ་ཕུག་ནས།།
སྲིད་འབྱོར་གཡང་ལ་ལྷུང་བའི་འོབས་རིང་ནས།།
འབྱུང་འགྱུར་བོད་ཀྱི་རྨི་ལམ་ང་ཡིས་རྨིས།།

ལུགས་གཉིས་ཆུ་སྤྲིན་འཁྲིགས་པའི་སྡིངས་ཀ་ནས།།
བླ་མས་བླ་ཐོབ་རྩོད་པའི་ཁྲི་ཐོག་ནས།།
དཔོན་པོས་དཔོན་པོ་ཉོ་བའི་ལྟག་སྒོ་ནས།།
དམར་པོ་ཁྲག་གི་ལོ་རྒྱུས་ང་ཡིས་བཀླགས།།

གཡེམ་སྦྱོར་རྔུལ་ཆུ་འཛག་པའི་གདན་སྟེང་ནས།།
ཨ་སར་འཛུམ་དཀར་འཁྱུག་པའི་རྩེད་ར་ནས།།
དགེ་བོ་བཙུན་མར་ཆགས་པའི་གསང་ལམ་ནས།།
བརྩེ་དུང་རིག་པའི་ཆོ་འཕྲུལ་ང་ཡིས་མཐོང༌།།

ལྷུང་བཟེད་དམངས་ལ་བཟེད་པའི་སྤར་ཁ་ནས།།
གཞུང་རྒྱུ་སྒེར་གྱིས་འཛད་པའི་འགྲོ་སྲོལ་ལས།།
དབུལ་ཕྱུག་ངོ་སོ་འབྱེད་པའི་དབྱེ་ཐིག་ལས།།
མི་ཆེན་དཔོན་པོའི་གསང་རྣམ་ང་ཡིས་བརྩམས།
                                           2009—11-9

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།