མི་སྐྱིད་སེམས་ཁམས་གླིང༌།

ནམ་ཤུལ་མགོན་པོ་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-17

གོ་ལ་ཟླུམ་པི་མི་རྟག་རང་བྱུང་གི་ཆོས་ཉིད།།
འཁོར་བོ་ཁབ་ཀྱི་རྩེ་ན་བདེ་བ་ཞིག་མི་འདུག།
ཡོད་ཚད་ཉིད་ནས་གདམས་པའི་འཇིག་རྟེན་གྱི་ཁྱིམ་གཞི།།
མི་སྐྱིད་སེམས་ཁམས་གླིང་གི་དུག་ཚེར་གྱི་མདའ་མོ།།

དགའ་སྐྱོ་ཆགས་སྡང་དུ་མའི་རྨི་ལམ་གྱི་འཕྲུལ་སྣང༌།།
འདི་ཕྱི་གཉིས་ན་རྒྱུ་བའི་སེམས་ཁོང་གི་སྡུག་བསྔལ།།
ཁ་སང་དེ་རིང་ཞེས་པའི་ཉིན་ཞག་གི་ཕྲེང་བ།།
མི་སྐྱིད་སེམས་ཁམས་གླིང་གི་སྡུག་བསྔལ་གྱི་ཁྲེས་པོ།།

ཁ་སང་སྐྱིད་པའི་ཚོར་བ་དགའ་སྤྲོ་ཡིས་བཟི་ཡང༌།།
དེ་རིང་སྡུག་པའི་སེམས་པ་སྐྱོ་སྣང་གིས་ཁེངས་འདུག།
སྐྱིད་སྡུག་རེས་སུ་འཁོར་བའི་མི་ཚེ་ཡི་འཚོ་བ།།
མི་སྐྱིད་སེམས་ཁམས་གླི་གི་སྐྱོ་སྣང་གི་གཞི་མ།།

སེམས་ཅན་འགྲོ་དྲུག་ཡོངས་ཀྱི་ལས་དོན་དེ་བསམ་ནས།།
སང་གི་ཉི་གཞོན་འདེགས་པའི་སྐྱ་རེངས་དེ་དྲངས་འདོད།།
ཤ་ཁྲག་རུས་སུ་གྲུབ་པའི་ལུས་རྟེན་གྱི་གསས་མཁར།།
མི་སྐྱིད་སེམས་ཁམས་གླིང་ནས་ཐར་ཐབས་ཤིག་མ་བྱུང༌།།

འདོད་པ་ཆུང་ཆུང་ཞིག་གི་བསླུ་བྲིད་དེའི་དབང་གིས།།
བདེ་སྐྱིད་འཚོ་བ་བདག་ལ་ཆུ་ནང་གི་མེ་ཕུང༌།།
འཇིག་རྟེན་ཟང་ཟིང་མྱུལ་བའི་ཉམ་ཆུང་གི་རྣམ་ཤེས།།
མི་སྐྱིད་སེམས་ཁམས་གླི་གི་ངུ་འབོད་ཀྱི་རོལ་དབྱངས།།

དྭངསས་གསལ་མུ་ཏིག་ལྟ་བུའི་མཆི་མ་ཞིག་འཛུམ་སྟེ།།
ཀོར་ཀོར་ཁྲ་ཆུང་མིག་ལས་ཆལ་ཆིལ་དུ་བཞུར་ན།།
སྐྱོ་སྡུག་སེམས་ལ་ཉར་བའི་ཁེར་རྐྱང་གི་བུ་ངས།།
ཉམ་ཆུང་རང་ལུགས་གང་ལ་འགྲེ་ལ་བ་ཞིག་མ་རྙེད།།

ལད་ཟློས་བྱེད་པའི་སེམས་པ་ཐོག་མ་ནས་མ་ཡོད།།
དེང་རབས་སྙན་ངག་པ་ཡི་ཆོ་ལོ་དེ་མ་བསམ།།
དམར་ཆུང་སེམས་པས་སྲིན་པོའི་སྡུག་བསྔལ་དེ་ཁྱེར་ནས།།
མི་སྐྱིད་སེམས་ཁམས་གླིང་ནས་རེ་འབོད་དེ་བསྒྲགས་སོང༌།།

རྩོམ་ཁུངས། མཚོ་སྔོན་པོའི་རྩོམ་རིག་སྒྱུ་རྩལ།༢༠༡ལོའི་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་སྐྱིད་སེམས་ཁམས་གླིང༌།

2010-06-17 ནམ་ཤུལ་མགོན་པོ་སྐྱབས། ཀློག་གྲངས། མཆན ཡོད།

གོ་ལ་ཟླུམ་པི་མི་རྟག་རང་བྱུང་གི་ཆོས་ཉིད།།
འཁོར་བོ་ཁབ་ཀྱི་རྩེ་ན་བདེ་བ་ཞིག་མི་འདུག།
ཡོད་ཚད་ཉིད་ནས་གདམས་པའི་འཇིག་རྟེན་གྱི་ཁྱིམ་གཞི།།
མི་སྐྱིད་སེམས་ཁམས་གླིང་གི་དུག་ཚེར་གྱི་མདའ་མོ།།

དགའ་སྐྱོ་ཆགས་སྡང་དུ་མའི་རྨི་ལམ་གྱི་འཕྲུལ་སྣང༌།།
འདི་ཕྱི་གཉིས་ན་རྒྱུ་བའི་སེམས་ཁོང་གི་སྡུག་བསྔལ།།
ཁ་སང་དེ་རིང་ཞེས་པའི་ཉིན་ཞག་གི་ཕྲེང་བ།།
མི་སྐྱིད་སེམས་ཁམས་གླིང་གི་སྡུག་བསྔལ་གྱི་ཁྲེས་པོ།།

ཁ་སང་སྐྱིད་པའི་ཚོར་བ་དགའ་སྤྲོ་ཡིས་བཟི་ཡང༌།།
དེ་རིང་སྡུག་པའི་སེམས་པ་སྐྱོ་སྣང་གིས་ཁེངས་འདུག།
སྐྱིད་སྡུག་རེས་སུ་འཁོར་བའི་མི་ཚེ་ཡི་འཚོ་བ།།
མི་སྐྱིད་སེམས་ཁམས་གླི་གི་སྐྱོ་སྣང་གི་གཞི་མ།།

སེམས་ཅན་འགྲོ་དྲུག་ཡོངས་ཀྱི་ལས་དོན་དེ་བསམ་ནས།།
སང་གི་ཉི་གཞོན་འདེགས་པའི་སྐྱ་རེངས་དེ་དྲངས་འདོད།།
ཤ་ཁྲག་རུས་སུ་གྲུབ་པའི་ལུས་རྟེན་གྱི་གསས་མཁར།།
མི་སྐྱིད་སེམས་ཁམས་གླིང་ནས་ཐར་ཐབས་ཤིག་མ་བྱུང༌།།

འདོད་པ་ཆུང་ཆུང་ཞིག་གི་བསླུ་བྲིད་དེའི་དབང་གིས།།
བདེ་སྐྱིད་འཚོ་བ་བདག་ལ་ཆུ་ནང་གི་མེ་ཕུང༌།།
འཇིག་རྟེན་ཟང་ཟིང་མྱུལ་བའི་ཉམ་ཆུང་གི་རྣམ་ཤེས།།
མི་སྐྱིད་སེམས་ཁམས་གླི་གི་ངུ་འབོད་ཀྱི་རོལ་དབྱངས།།

དྭངསས་གསལ་མུ་ཏིག་ལྟ་བུའི་མཆི་མ་ཞིག་འཛུམ་སྟེ།།
ཀོར་ཀོར་ཁྲ་ཆུང་མིག་ལས་ཆལ་ཆིལ་དུ་བཞུར་ན།།
སྐྱོ་སྡུག་སེམས་ལ་ཉར་བའི་ཁེར་རྐྱང་གི་བུ་ངས།།
ཉམ་ཆུང་རང་ལུགས་གང་ལ་འགྲེ་ལ་བ་ཞིག་མ་རྙེད།།

ལད་ཟློས་བྱེད་པའི་སེམས་པ་ཐོག་མ་ནས་མ་ཡོད།།
དེང་རབས་སྙན་ངག་པ་ཡི་ཆོ་ལོ་དེ་མ་བསམ།།
དམར་ཆུང་སེམས་པས་སྲིན་པོའི་སྡུག་བསྔལ་དེ་ཁྱེར་ནས།།
མི་སྐྱིད་སེམས་ཁམས་གླིང་ནས་རེ་འབོད་དེ་བསྒྲགས་སོང༌།།

རྩོམ་ཁུངས། མཚོ་སྔོན་པོའི་རྩོམ་རིག་སྒྱུ་རྩལ།༢༠༡ལོའི་དེབ་དང་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།