ངུར་སྨྲིག་ཀློང་གི་སེམས་བསྐྱེད།

དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-10

སྐྱེ་དགུའི་གཙུག་ཏོག་གཅིག་ཏུ་བཅིངས་པའི་ངག་དབང་དབྱངས་ལྡན་ལྷ་ཡི་གཙོ།།
ཁྱོད་ལ་མི་ཕྱེད་ངག་གི་མཆོད་ཕྲེང་དཎྟའི་སྙན་པའི་རོ་མངར་བ།།
གུས་པའི་ཕྱག་རྒྱ་ཐོད་ལ་བླངས་ཏེ་ཡང་ཡང་འབུལ་བའི་ཟོལ་བཏོད་ན།།
མཆོག་ཐུན་དངོས་གྲུབ་སྩོལ་བའི་ལས་ལ་འཕྲིན་ལས་འཇུག་པ་མ་ལྷོད་ཨང༌།།

རྟེན་ཅིང་འབྲེལ་བའི་རྒྱུ་རྐྱེན་འཛོམས་ན་རྣམ་སྨིན་ལས་ཀྱི་སྲེད་པའི་ཁམས།།
བཅོ་བརྒྱད་ལུས་ཀྱི་ཕུང་བོ་འདི་ལ་མཚམས་སྦྱོར་བྱས་པའི་ཉེར་བསྡོགས་བརྩམས།།
ཆུང་ཆུང་བྱིས་པའི་དྭངས་གསལ་མཚོ་ལ་གྲུ་ཆུང་བཞིན་དུ་ཕར་ལ་དེད།།
ད་ནི་འཇིག་རྟེན་གསང་བའི་ལྡེ་མིག་རང་དགར་ལོན་པའི་སྣང་བ་མཐོ།།

འཇིག་ལྟའི་རི་མོ་སྟེགས་སུ་འཆའ་བའི་ལྟར་སྣང་རླབས་ཀྱིས་སྐྱོམས་པའི་སེམས།།
རེ་དོགས་ཚོན་གྱིས་ཡུན་རིང་ལྷན་པའི་ང་དང་ཁྱོད་ཀྱི་ཐ་སྙད་འབོད།།
དེ་ལྟའི་མི་ཤེས་རྒྱ་རུ་ལྷུང་བའི་ཆགས་སྡང་ཀུན་གཞིའི་གཤོང་ལ་བབས།།
དྲན་ཤེས་འཁར་བ་ཨམ་ཚུགས་བྱས་ཀྱང་དུག་གསུམ་ལག་པས་གཡབ་མོ་བྱེད།།

སྐྱིད་སྐྱིད་འདྲ་བའི་འཇིག་རྟེན་འཁོདར་བར་ངེས་ཤེས་འདྲོངས་པའི་རྟགས་བཟུང་ཡང༌།།
སྐྱབས་འགྲོ་རྣལ་མའི་ངོ་བོ་མ་ཟིན་ཐེ་ཆོམ་འཇིང་བ་བསྣོལ་བའི་ལྕེ།།
ཕྱོགས་དང་རིས་སུ་འབྱེད་པའི་བུ་ལོན་ཡུན་ལ་ཁུར་བའི་ཐེག་པ་བཞིན།།
ལྷན་སྐྱེས་ཉིད་ནས་མངོན་དུ་གྱུར་བ་མགོ་རེག་རྫུན་མའི་རྣམ་ཐར་ཡིན།།

མི་རྟག་འཕྲོ་འདུ་སྤྲོས་པའི་ཆོས་ཀུན་གསར་བ་རྙིང་བའི་སར་འཕོ་བ།།
རིག་པའི་མི་དཔྱོད་ཨུ་ཚུགས་བཙན་པོ་གཏན་གྱི་སྐྱབས་སུ་ར་བ་ཡིས།།
རང་གི་རྐང་སྟེགས་ཤོར་བའི་དུས་ཚོད་ལྷ་ལ་བཅོལ་ཡང་ཟིན་དཀའ་ན།།
དགྲ་ལྷ་དཔུང་བསྟོན་དཔུང་གིས་བསྟོད་ཀྱང་སྨིན་པའི་འབྲས་བུ་ཡོད་སོ་ལོ།།

སྒྱུ་མའི་རང་གཟུགས་གློག་ཀླད་ཚན་རྩལ་རྒྱ་མཚོའི་ཀློང་ལྟར་འཕྱུར་བའི་སྐབས།།
སྐྲ་སེར་རྒན་པོའི་གདོང་གི་མིག་ལྗང་མ་འོངས་ལམ་དུ་གཞོལ་བའི་ཚེ།།
དཀའ་ཐུབ་བཅུད་ལེན་ཁྲེས་སུ་འཁྱེར་བའི་བྱ་སྐྱིབས་འཚོལ་བའི་བསམ་གཏན་པ།།
དམིགས་མེད་ཏིང་འཛིན་ངང་ལས་བཞེངས་ཏེ་རྗེས་ཐོབ་ཀུན་རྫོབ་སྣང་བར་འབྱམས།།

འཚེ་མེད་ཞི་བའི་གྲེ་བ་བདེ་མོ་བྲག་གི་རོལ་མོར་འཁྱིལ་ཀྱང་རུང༌།།
ནང་གི་ཞི་བདེ་ཡན་པར་ཤོར་བའི་གངས་རིའི་སུལ་གྱི་གདོང་དམར་བ།།
ཕྱི་དགྲ་མི་ཐུབ་ནང་དགྲར་ལངས་པའི་ཐོབ་ཤོར་རླུང་རྟ་འཛུགས་པའི་དུས།།
ཉིས་བརྒྱ་ལྔ་བཅུའི་བསླབ་པ་འདིའང་གཟུ་བོར་རྩི་བའི་སེམས་འགྱུ་ལྷོད།།

གསར་མིན་རྙིང་མིན་ལྟ་བ་བཟུང་བའི་ལྷ་སྒྲུང་རིང་མོའི་རྩེད་རའི་ཁྲོད།།
སྔར་སྲོལ་ལག་པས་འཛིན་རྒྱུ་མ་བྱུང་གསར་བ་འཇོན་པའི་སྐལ་མེད་པར།།
ཆོས་ཀྱི་སྡོམ་བཞི་སྒོམ་པའི་ཁུལ་དུ་གཟན་སྣེ་ཕྲག་པར་དཔྱངས་པའམ།།
རང་གི་འཚོ་ཐབས་ཁོ་ནར་སོང་བའི་བདེན་པ་ཉིད་དུ་ར་སྤྲོད་བྱས།།

ཚེ་ཡི་སྐུད་པ་ཆད་ལ་ཉེ་ཡང་ཕྱི་མིག་སྐོར་བའི་སོ་མཚམས་སུ།།
གྲོང་ཆོག་འཚོ་བའི་བུ་ལོན་འཁུར་ལ་ལག་པའི་ཕྱག་རྒྱ་རིང་བསྲིངས་ཀྱང༌།།
ཆོས་སྲིད་གཉིས་ལ་མགྲིན་པའི་པདྨོ་མི་སྨྲའི་བརྟུལ་ཞུགས་ངང་དུ་ཡུར།།
འགྲོ་བ་རིགས་དྲུག་བསླུ་བའི་རྣམ་ཐར་མང་དུ་རྩོམ་པའི་སྟངས་ཀ་བྱས།།

ཕ་རོལ་ཕྱིན་པའི་སེམས་བསྐྱེད་འདི་ལ་རྒྱལ་བའི་སྲས་ཤིག་དགོས་སོ་སྐད།།
བཙན་ཐབས་འཚང་རྒྱའི་ས་ལམ་སྙེག་ན་བླ་མའི་མན་ངག་དགོས་སོ་སྐད།།
སེམས་ཀྱི་འགྱུར་སྟངས་སྣ་རེ་མེད་ཚེ་བྲག་ཐེམ་སྟོང་བ་ཡིན་ནོ་སྐད།།
བསྟན་པའི་ནང་མཛོད་གཞུང་ལུགས་མ་བསླབ་བཅོས་མའི་གཟུགས་བརྙན་ཡིན་ནོ་སྐད།།

དེ་ལྟའི་ངག་བྱེད་པོ་འདི་ཡི་དང་པོའི་སེམས་བསྐྱེད་རྒྱུ་ལ་འཁོར།།
འཁོར་བའི་སྡུག་བསྔལ་གླེང་ཙམ་བྱས་པ་ནེ་ཙོས་མ་ཎི་འདོན་པ་བཞིན།།
བཞིན་གྱི་སྨིན་མ་གཅིག་ཏུ་བསྡུས་ཏེ་གཡོ་སྒྱུའི་བསླུ་ཐབས་མང་སྤྱད་དེ།།
དེ་བཞིན་གཤེགས་པའི་གསུང་རབ་བཙོང་བ་མ་གསང་དྲང་བོའི་གཏམ་དུའོ།།

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངུར་སྨྲིག་ཀློང་གི་སེམས་བསྐྱེད།

2010-06-10 དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།