གྲྭ་ཤག་གི་ཕྱི་ནང༌།

རོང་བོ་དགེ་འདུན་ལྷུན་འགྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-02

བསྔོ་སྨོན་བསགས་སྦྱང་གིས་མགྲོན་དུ་བོས་ཤིང༌།།
ཚེ་རབས་ལས་འཕྲོ་ཡིས་མདུན་དུ་བཀུག་པའི།།
དྲང་སྲོང་དཀའ་ཐུབ་པའི་ལུས་པོ་ཆུང་ཆུང༌།།
སྐྱེ་བ་ད་ཐེངས་ལ་ལེན་དགོས་བྱུང་སོང༌།།

རྒྱལ་སྲས་དོན་གྲུབ་ཀྱིས་འཁོར་བ་སྤངས་དུས།།
ཚེ་འདི་བློས་གཅོད་ཀྱི་སྒོམ་ཐག་བཅིངས་ཏེ།།
ལྟ་བ་རྟེན་འབྱུང་གིས་ཕུགས་སོ་རྙེད་པས།།
མཛེས་པའི་ཆུང་མ་ལ་ཕྱི་མིག་མ་ཤོར།།

དངོས་འཛིན་སྤྱང་མོ་དེས་མཆེ་བ་ཀེར་ཞིང༌།།
ཞེན་ཆགས་ཨ་འཐས་ཀྱི་རལ་བ་འཇོལ་བའི།།
བཙུན་གཟུགས་མགོ་རིལ་ངས་རི་ཁྲོད་སྙེག་སྐབས།།
འདུ་འཛི་འདོད་ཡོན་ལ་རོ་མངར་ཆེ་འོ།།

སྔོན་ཆད་མེས་པོ་ཚོའི་གླུ་སྐད་ཁྲོད་ན།།
འཇིག་རྟེན་མི་རྟག་པའི་བྲག་ཅ་འཁོར་ཡང༌།།
དེང་དུས་བསམ་གཏན་པའི་སྒོམ་ཁང་ཆུང་ཆུང༌།།
ལྟར་སྣང་སྟོང་སྐད་ཀྱི་ཐལ་མོ་རྡེབ་ས།།

མཐའ་དབུས་སྤྲོས་བྲལ་གྱི་བཙན་ས་རྣོན་པོ།།
དཔྱོད་པའི་མིག་ཤེས་ཀྱིས་རྙེད་པར་དཀའ་ཞིང༌།།
གྲགས་སྐམ་དོན་གཉེར་གྱི་འཁར་རྔ་སྐྱོ་བོ།།
ཧུར་ཐག་འབད་ཐག་གིས་སྐོར་རྡུང་བྱས་ཡོད།།

ཞེན་པ་ལང་ལིང་འདི་རང་སར་མ་ཞི།།
གཉེན་པོའི་དཔུང་ཚོགས་ཀྱི་ཤུགས་ཀྱང་མ་བསྐྱེད།།
གཞི་མེད་འོད་གསལ་གྱི་ཆོས་དབྱིངས་ཁམས་ནས།།
རིག་པའི་བུ་ཆུང་དེའི་ཐོབ་སྐལ་མི་འདུག།

ང་ཡིས་མདུན་ཕྱོགས་སུ་གོམ་པ་སྤོས་ནས།།
སྟོན་པའི་རྣམ་ཐར་ལ་མཇལ་ལོ་བྱས་ཀྱང༌།།
ཨ་མཆོག་ལེབ་མོ་ཁོ་ཕྱི་རུ་ཤོར་ཏེ།།
དྲན་ཤེས་ཐུར་ཡུན་གྱི་སྟ་གོན་བསྒྲིགས་བྱུང༌།།

སྟོན་སྤྲིན་འདུ་འགོད་ཀྱི་འགྱུར་བག་རྒོད་ཅིང༌།།
ཤིང་ལོ་རླུང་ཁུར་གྱིས་དངན་པ་འཐེན་ཚེ།།
འཇིག་རྟེན་མི་རྟག་པའི་སོ་མཚམས་ཤིག་ལ།།
མི་ཚེ་སྟོད་ཟད་ཀྱི་རི་མོ་བྲིས་ཡོད།།

དུངས་པ་དར་སྐུད་ཀྱི་ཁུགས་པ་རེ་ལ།།
བདེན་རྫུན་རེ་ཁཱ་ཡི་རྒྱ་ཞིག་བཏབ་སྟེ།།
དམིགས་མེད་ཏིང་འཛིན་གྱི་ཀློང་ལ་བསྐུར་དུས།།
རྫོགས་པའི་སངས་རྒྱས་ཁོང་བཞད་པ་མཛད་འགྲོ།།

ཨ་ལ་སྙིགས་དུས་ཀྱི་བཙུན་གཟུགས་མགོ་རིལ།།
རི་ལུང་རྫ་གསུམ་ན་གྲོང་སྒོར་འདུར་ཏེ།།
བུ་ལོན་སྟོང་འཇལ་གྱི་ཁྲེས་པོ་འཁུར་ན།།
དྲང་སྲོང་བསམ་གཏན་པ་རི་ནས་སྐྱོ་འོང༌།།

དམ་པ་སངས་རྒྱས་ཀྱི་གསུང་གི་བདུད་རྩི།།
སེང་གེའི་འོ་མ་ལྟོ་བས་མི་ནོན།།
འགྲོ་ཐབས་འདུག་ཐབས་ཀྱི་བཙུན་པ་ང་ཡི།།
ཚུལ་མིན་ལོག་སྤྱོད་ཀྱི་སྤྱོད་པ་ཧྲལ་ཧྲུལ།།

ཆེ་ཆེ་རྫིག་རྫིག་གི་བྲང་དེ་མ་འབུར།།
རྔམ་རྔམ་ཐོབ་ཐོབ་ཀྱི་ལྕེ་དེ་མ་གཡུགས།།
ངུར་སྨྲིག་རས་རྐྱང་གི་ཨང་རག་གྱོན་ཏེ།།
འཚེ་མེད་ཞི་བདེ་ཡི་མཁའ་ལམ་སྙེག་དགོས།།

མོ་སྨན་མཛེས་མ་ཡིས་ཕྱི་ནས་མ་འཐེན།།
ལན་ཆགས་བུ་ལོན་གྱིས་མདུན་ནས་མ་དྲངས།།
རང་བབ་སོར་བཞག་གི་བརྩེ་བ་འདི་ཀོ།
གཉུག་མ་འོད་གསལ་གྱི་གཞི་ལ་འཐིམ་ན།།

གཏམ་རྒྱུད་མུ་ཏིག་གི་ཚོམ་བུ་སྤུང་སའི།།
གྲྭ་ཤག་ཆུང་ཆུང་གི་སྒེའུ་ཁུང་ངོས་ལ།།
བདེན་བདེན་ཅོག་ཅོག་གི་དུངས་པ་འཁོར་དུས།།
རང་སེམས་གསོ་བྱེད་ཀྱི་ཐབས་ཤིག་ཡོད་ངེས།།

རི་དང་ལུང་བ་ཡི་ནེམ་ཤ་གྱོན་ཞིང༌།།
མཚོ་དང་མཚེའུ་ཡི་བསིལ་བ་རེག་པའི།།
གངས་རིའི་མཛེས་སྡུག་གི་ཁྱིམ་གཞི་འདི་ནས།།
ལོ་ཟླའི་ཕྲེང་བ་དེ་བགྲངས་ནས་ཟད་འདུག།

མིག་ཟུང་ལྷོ་སྤྲིན་གྱི་བར་ན་འགྱུང་ཞིང༌།།
དངན་པ་གཙང་པོ་ཡི་འགྲམ་དུ་འཕྱུར་སྐབས།།
ཚེ་གཅིག་ལུས་གཅིག་གི་མགུར་གླུ་ཟབ་མོ།།
བདེན་པའི་རི་སུལ་ནས་ལྷོད་ཀྱིས་ཤོར་ཐལ།།

རྩོམ་ཁུངས། ༢༠༠༩ལོའི་སྦྲང་ཆར་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲྭ་ཤག་གི་ཕྱི་ནང༌།

2010-06-02 རོང་བོ་དགེ་འདུན་ལྷུན་འགྲུབ། ཀློག་གྲངས། མཆན ཡོད།

བསྔོ་སྨོན་བསགས་སྦྱང་གིས་མགྲོན་དུ་བོས་ཤིང༌།།
ཚེ་རབས་ལས་འཕྲོ་ཡིས་མདུན་དུ་བཀུག་པའི།།
དྲང་སྲོང་དཀའ་ཐུབ་པའི་ལུས་པོ་ཆུང་ཆུང༌།།
སྐྱེ་བ་ད་ཐེངས་ལ་ལེན་དགོས་བྱུང་སོང༌།།

རྒྱལ་སྲས་དོན་གྲུབ་ཀྱིས་འཁོར་བ་སྤངས་དུས།།
ཚེ་འདི་བློས་གཅོད་ཀྱི་སྒོམ་ཐག་བཅིངས་ཏེ།།
ལྟ་བ་རྟེན་འབྱུང་གིས་ཕུགས་སོ་རྙེད་པས།།
མཛེས་པའི་ཆུང་མ་ལ་ཕྱི་མིག་མ་ཤོར།།

དངོས་འཛིན་སྤྱང་མོ་དེས་མཆེ་བ་ཀེར་ཞིང༌།།
ཞེན་ཆགས་ཨ་འཐས་ཀྱི་རལ་བ་འཇོལ་བའི།།
བཙུན་གཟུགས་མགོ་རིལ་ངས་རི་ཁྲོད་སྙེག་སྐབས།།
འདུ་འཛི་འདོད་ཡོན་ལ་རོ་མངར་ཆེ་འོ།།

སྔོན་ཆད་མེས་པོ་ཚོའི་གླུ་སྐད་ཁྲོད་ན།།
འཇིག་རྟེན་མི་རྟག་པའི་བྲག་ཅ་འཁོར་ཡང༌།།
དེང་དུས་བསམ་གཏན་པའི་སྒོམ་ཁང་ཆུང་ཆུང༌།།
ལྟར་སྣང་སྟོང་སྐད་ཀྱི་ཐལ་མོ་རྡེབ་ས།།

མཐའ་དབུས་སྤྲོས་བྲལ་གྱི་བཙན་ས་རྣོན་པོ།།
དཔྱོད་པའི་མིག་ཤེས་ཀྱིས་རྙེད་པར་དཀའ་ཞིང༌།།
གྲགས་སྐམ་དོན་གཉེར་གྱི་འཁར་རྔ་སྐྱོ་བོ།།
ཧུར་ཐག་འབད་ཐག་གིས་སྐོར་རྡུང་བྱས་ཡོད།།

ཞེན་པ་ལང་ལིང་འདི་རང་སར་མ་ཞི།།
གཉེན་པོའི་དཔུང་ཚོགས་ཀྱི་ཤུགས་ཀྱང་མ་བསྐྱེད།།
གཞི་མེད་འོད་གསལ་གྱི་ཆོས་དབྱིངས་ཁམས་ནས།།
རིག་པའི་བུ་ཆུང་དེའི་ཐོབ་སྐལ་མི་འདུག།

ང་ཡིས་མདུན་ཕྱོགས་སུ་གོམ་པ་སྤོས་ནས།།
སྟོན་པའི་རྣམ་ཐར་ལ་མཇལ་ལོ་བྱས་ཀྱང༌།།
ཨ་མཆོག་ལེབ་མོ་ཁོ་ཕྱི་རུ་ཤོར་ཏེ།།
དྲན་ཤེས་ཐུར་ཡུན་གྱི་སྟ་གོན་བསྒྲིགས་བྱུང༌།།

སྟོན་སྤྲིན་འདུ་འགོད་ཀྱི་འགྱུར་བག་རྒོད་ཅིང༌།།
ཤིང་ལོ་རླུང་ཁུར་གྱིས་དངན་པ་འཐེན་ཚེ།།
འཇིག་རྟེན་མི་རྟག་པའི་སོ་མཚམས་ཤིག་ལ།།
མི་ཚེ་སྟོད་ཟད་ཀྱི་རི་མོ་བྲིས་ཡོད།།

དུངས་པ་དར་སྐུད་ཀྱི་ཁུགས་པ་རེ་ལ།།
བདེན་རྫུན་རེ་ཁཱ་ཡི་རྒྱ་ཞིག་བཏབ་སྟེ།།
དམིགས་མེད་ཏིང་འཛིན་གྱི་ཀློང་ལ་བསྐུར་དུས།།
རྫོགས་པའི་སངས་རྒྱས་ཁོང་བཞད་པ་མཛད་འགྲོ།།

ཨ་ལ་སྙིགས་དུས་ཀྱི་བཙུན་གཟུགས་མགོ་རིལ།།
རི་ལུང་རྫ་གསུམ་ན་གྲོང་སྒོར་འདུར་ཏེ།།
བུ་ལོན་སྟོང་འཇལ་གྱི་ཁྲེས་པོ་འཁུར་ན།།
དྲང་སྲོང་བསམ་གཏན་པ་རི་ནས་སྐྱོ་འོང༌།།

དམ་པ་སངས་རྒྱས་ཀྱི་གསུང་གི་བདུད་རྩི།།
སེང་གེའི་འོ་མ་ལྟོ་བས་མི་ནོན།།
འགྲོ་ཐབས་འདུག་ཐབས་ཀྱི་བཙུན་པ་ང་ཡི།།
ཚུལ་མིན་ལོག་སྤྱོད་ཀྱི་སྤྱོད་པ་ཧྲལ་ཧྲུལ།།

ཆེ་ཆེ་རྫིག་རྫིག་གི་བྲང་དེ་མ་འབུར།།
རྔམ་རྔམ་ཐོབ་ཐོབ་ཀྱི་ལྕེ་དེ་མ་གཡུགས།།
ངུར་སྨྲིག་རས་རྐྱང་གི་ཨང་རག་གྱོན་ཏེ།།
འཚེ་མེད་ཞི་བདེ་ཡི་མཁའ་ལམ་སྙེག་དགོས།།

མོ་སྨན་མཛེས་མ་ཡིས་ཕྱི་ནས་མ་འཐེན།།
ལན་ཆགས་བུ་ལོན་གྱིས་མདུན་ནས་མ་དྲངས།།
རང་བབ་སོར་བཞག་གི་བརྩེ་བ་འདི་ཀོ།
གཉུག་མ་འོད་གསལ་གྱི་གཞི་ལ་འཐིམ་ན།།

གཏམ་རྒྱུད་མུ་ཏིག་གི་ཚོམ་བུ་སྤུང་སའི།།
གྲྭ་ཤག་ཆུང་ཆུང་གི་སྒེའུ་ཁུང་ངོས་ལ།།
བདེན་བདེན་ཅོག་ཅོག་གི་དུངས་པ་འཁོར་དུས།།
རང་སེམས་གསོ་བྱེད་ཀྱི་ཐབས་ཤིག་ཡོད་ངེས།།

རི་དང་ལུང་བ་ཡི་ནེམ་ཤ་གྱོན་ཞིང༌།།
མཚོ་དང་མཚེའུ་ཡི་བསིལ་བ་རེག་པའི།།
གངས་རིའི་མཛེས་སྡུག་གི་ཁྱིམ་གཞི་འདི་ནས།།
ལོ་ཟླའི་ཕྲེང་བ་དེ་བགྲངས་ནས་ཟད་འདུག།

མིག་ཟུང་ལྷོ་སྤྲིན་གྱི་བར་ན་འགྱུང་ཞིང༌།།
དངན་པ་གཙང་པོ་ཡི་འགྲམ་དུ་འཕྱུར་སྐབས།།
ཚེ་གཅིག་ལུས་གཅིག་གི་མགུར་གླུ་ཟབ་མོ།།
བདེན་པའི་རི་སུལ་ནས་ལྷོད་ཀྱིས་ཤོར་ཐལ།།

རྩོམ་ཁུངས། ༢༠༠༩ལོའི་སྦྲང་ཆར་དེབ་གཉིས་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།