མཁའ་མཐའི་ཞོགས་གླུ།

ནགས་ཚང་མཁར་འབུམ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-31

ཀུན་གསལ་བུ་མོའི་བཞུད་ལམ་ན།།

སྨུག་གི་སྤྲིན་པ་ག་ལེར་རྒྱུ།།

དུང་དཀར་ཚེམས་ཀྱི་ཁྲིག་སྒྲ་ལས།།

རླབས་ཀྱི་མཚོ་མོ་མཁའ་ལ་འཕྱོ།།

རླུང་འཚེ་བ་དྲག་ཏུ་སྟེར།།

འཕྱན་ཞིང་འཆོར་བའི་གཟི་འོད་ཅིག།

སྨག་ཆེན་དགྲ་བོའི་གདོང་ལ་འཚེར།།

འཐོར་རླུང་རྩུབ་པོའི་ཕྱག་ཟུང་གིས།།

གསེར་ལྡན་ངོས་སུ་གྲང་ལྕག་སྦྱིན།།

ཟུག་གཟེར་ལངས་པའི་གཡོ་འགུལ་གྱིས།།

ས་ཆེན་ངོ་གདོང་བགས་ཀྱིས་འདར།།

རྐང་འཐུང་འཁྲིགས་པའི་རི་སུལ་དུ།།

འདབ་ཆགས་གདངས་དབྱངས་ཀྱ་ཀྱུར་སྒྲོག།

ཆང་ཕོར་ནག་པོའི་གསང་གཏམ་དེ།།

ཝུ་བ་དཀར་པོའི་འཇིངས་ན་རྩེན།།

ཐོག་ཁང་དམར་པོའི་ཡང་རྩེ་ན།།

ཏོག་གི་དུབ་ཞྭ་འོད་དུ་འཚེར།།

ཆུ་ངོས་རླབས་ཀྱི་ལག་མཐིལ་དུ།།

གཡོར་མོའི་གྲུ་ཆུང་རླུང་གིས་སྐྱོད།།

མཁའ་ནས་དྲག་ཆར་ཤག་གེར་འབབ།།

ས་ནས་རླུང་དམར་འུར་འུར་ལྡང༌།།

ཡི་མུག་མེད་པའི་བྱེའུ་ཆུང་ཞིག།

སྤྲིན་དཀར་ཀློང་ན་ཤུགས་ཀྱིས་འཕུར།།

སྲིད་པའི་མིག་གི་གྲོང་ཁྱེར་ལ།།

གནམ་གྱི་ཤེ་མོང་ཕྲ་མེན་འཁྲུངས།།

ཡ་མུ་ན་གྲོང་འཁོར་བ་ནས།།

གངས་བའི་སྒེའུ་ཁུང་ནང་དུ་བསྐོར།།

བསྙེས་གསོས་དྲན་པ་ཕྱིར་ལ་མངོན།།

སྙིང་གི་འཕར་རྩ་ལྷོག་ལྷོག་ལྡིང༌།།

མིག་གི་ཆུ་ཕྲེང་མེ་རུ་འདྲེས།།

སེམས་ཀྱི་བྱ་བཏང་མཁའ་རུ་བསྐྲད།།

༢༠༠༩。 ༩。 ༣ཉིན།

རྩོམ་ཁུངས། མཚོ་སྔོན་པོའི་རྩོམ་རིག་སྒྱུ་རྩལ།༢༠༡ལོའི་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཁའ་མཐའི་ཞོགས་གླུ།

2010-05-31 ནགས་ཚང་མཁར་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

ཀུན་གསལ་བུ་མོའི་བཞུད་ལམ་ན།།

སྨུག་གི་སྤྲིན་པ་ག་ལེར་རྒྱུ།།

དུང་དཀར་ཚེམས་ཀྱི་ཁྲིག་སྒྲ་ལས།།

རླབས་ཀྱི་མཚོ་མོ་མཁའ་ལ་འཕྱོ།།

རླུང་འཚེ་བ་དྲག་ཏུ་སྟེར།།

འཕྱན་ཞིང་འཆོར་བའི་གཟི་འོད་ཅིག།

སྨག་ཆེན་དགྲ་བོའི་གདོང་ལ་འཚེར།།

འཐོར་རླུང་རྩུབ་པོའི་ཕྱག་ཟུང་གིས།།

གསེར་ལྡན་ངོས་སུ་གྲང་ལྕག་སྦྱིན།།

ཟུག་གཟེར་ལངས་པའི་གཡོ་འགུལ་གྱིས།།

ས་ཆེན་ངོ་གདོང་བགས་ཀྱིས་འདར།།

རྐང་འཐུང་འཁྲིགས་པའི་རི་སུལ་དུ།།

འདབ་ཆགས་གདངས་དབྱངས་ཀྱ་ཀྱུར་སྒྲོག།

ཆང་ཕོར་ནག་པོའི་གསང་གཏམ་དེ།།

ཝུ་བ་དཀར་པོའི་འཇིངས་ན་རྩེན།།

ཐོག་ཁང་དམར་པོའི་ཡང་རྩེ་ན།།

ཏོག་གི་དུབ་ཞྭ་འོད་དུ་འཚེར།།

ཆུ་ངོས་རླབས་ཀྱི་ལག་མཐིལ་དུ།།

གཡོར་མོའི་གྲུ་ཆུང་རླུང་གིས་སྐྱོད།།

མཁའ་ནས་དྲག་ཆར་ཤག་གེར་འབབ།།

ས་ནས་རླུང་དམར་འུར་འུར་ལྡང༌།།

ཡི་མུག་མེད་པའི་བྱེའུ་ཆུང་ཞིག།

སྤྲིན་དཀར་ཀློང་ན་ཤུགས་ཀྱིས་འཕུར།།

སྲིད་པའི་མིག་གི་གྲོང་ཁྱེར་ལ།།

གནམ་གྱི་ཤེ་མོང་ཕྲ་མེན་འཁྲུངས།།

ཡ་མུ་ན་གྲོང་འཁོར་བ་ནས།།

གངས་བའི་སྒེའུ་ཁུང་ནང་དུ་བསྐོར།།

བསྙེས་གསོས་དྲན་པ་ཕྱིར་ལ་མངོན།།

སྙིང་གི་འཕར་རྩ་ལྷོག་ལྷོག་ལྡིང༌།།

མིག་གི་ཆུ་ཕྲེང་མེ་རུ་འདྲེས།།

སེམས་ཀྱི་བྱ་བཏང་མཁའ་རུ་བསྐྲད།།

༢༠༠༩。 ༩。 ༣ཉིན།

རྩོམ་ཁུངས། མཚོ་སྔོན་པོའི་རྩོམ་རིག་སྒྱུ་རྩལ།༢༠༡ལོའི་དེབ་དང་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།