ཁ་བའི་དཔུང་ནག་བཅོམས་པ།

—༡༩༩༨ལོར་བོད་བྱང་ཁུལ་དུ་ལོ་རྒྱུས་ཐོག་མཐོང་དཀོན་པའི་གངས་སྐྱོན་བྱུང་སྐབས།
 
    ཤར་ཕྱོགས་འོད་སྣང་འདོ་རྒུ་འཁྱིལ་བའི་རླབས་ཆེན་ཏང་གི་མཛད་བཟང་དེས།།
    བདག་ཅག་བོད་ལྗོངས་མྱུན་པའི་སྨག་གི་ཡུན་རིང་སྡུག་བསྔལ་སེལ་ནས་བཟུང༌།།
    བྱང་ཐང་ཡུལ་གྱི་རླབས་ཆེན་འགྱུར་ལྡོག་རྒོད་པོ་འཕུར་ལྟར་རབ་མགྱོགས་ཤིང༌།།
    ཚན་རྩལ་རིག་སློབ་ཀུན་གྱི་བསྟན་པ་ཉ་རྒྱས་ཟླ་བའི་དཔལ་ལ་སྙེགས།།
    འོན་ཀྱང་“གང་ཞིག་ཕུན་སུམ་ཚོགས་ན་དེ་ལ་གེགས་ཀྱང་ཆེ་”ཞེས་པའི།།
    འཇིག་རྟེན་རྒན་པོའི་ངག་རྒྱུན་གཏམ་ནི་མི་བདེན་ཞུ་རྒྱུ་མི་འདུག་སྟེ།།
    བྱང་ཐང་སྣོད་བཅུད་མཛེས་ཤིང་སྐྱིད་པར་རང་བྱུང་ཆེན་པོ་མིག་ཚ་ནས།།
    དུང་དཀར་ཕྱེ་མ་བྱེ་བ་ཁྲི་ཡི་མཁའ་དམག་དཔུང་ཆེན་གཡུལ་དུ་མངགས།།

    ཆུ་སྣ་གར་ཁྲིད་ཁ་བའི་དཔུང་ནི་ཐོག་ཁའི་དར་ལྕོག་འདྲ་བ་སྟེ།།
    རླུང་བུས་ཤར་ནུབ་གང་ལ་དེད་ཀྱང་དེ་ཡི་ཕྱོགས་སུ་མྱུར་བར་རྒྱུགས།།
    མནའ་མིས་ཁྱེད་ནི་བསམ་དཀར་མཚོན་པའི་དཔེ་རུ་བཀོད་པ་མང་མཐོང་ཡང༌།།
    དོན་དུ་ཁྱིམ་བྱའི་སྒོང་རུལ་བཞིན་དུ་ཕྱི་གཟུགས་དཀར་ཡང་ནང་སེམས་ནག།

    ཞི་བདེའི་བྱང་ཐང་སྣོད་ཀྱི་མཛེས་ལྗོངས་བཅུད་ཀྱི་སྐྱེ་འགྲོ་ཡོད་དོ་ཅོག།
    རང་རང་བག་ཕེབས་བདེ་ཞིང་འཇམ་པའི་སྐྱིད་པོའི་གཉིད་ལ་ཡུར་བའི་ཚེ།།
    གཡོ་ཅན་དཔུང་གིས་དམག་བརྡའི་འབྲུག་སྐད་སྒྲ་ཙམ་མེད་པར་འཇབ་རྒོལ་བྱས།།
    སྡིག་ཅན་གང་རླུང་ངན་པ་ལག་འབྲེལ་རྒྱུ་འབྲས་མེད་པའི་སྨྱོ་གརའཁྲབ།།

    ངོམ་ནག་ཁྲག་གིས་མྱོས་འདྲའི་རྫ་རི་དུར་གོས་དཀར་པོས་དབུགས་བཀག་བཏང༌།།
    མཛེས་མས་རྒྱན་གོས་བཀླུབས་འདྲའི་སྤང་རིའི་སྐུ་ལ་རྡོ་ཞོའི་རྫས་ངན་བྱུགས།།
    གསེར་གཞོང་མར་ཁུས་བཀང་འདྲའི་རྩྭ་ཐང་རྡོ་ཐལ་ཁྲེ་ཙེ་གསུམ་གྱིས་མནན།།
    མཚོ་དང་མཚེའུ་དར་ལྕགས་དཀར་པོའི་གནམ་སྒོ་ཅན་གྱི་བཙོན་དུ་བཅུག།

    ཕུག་རོན་མདངས་འཛིན་སྦྲ་གུར་དབུ་ལ་གནམ་སྐྱག་དཀར་པོའི་ཞྭ་མོ་གཡོགས།།
    སྐྱིད་བསེར་རླུང་གི་སྤུ་གྲི་སྣོན་པོས་ཚ་དྲོད་སྙིང་རྩ་དུམ་བུར་བཅད།།
    བྱང་མིའི་རིན་བྲལ་ནོར་བུའི་ཡང་ནོར་གཡང་གི་ར་བ་སྒོ་བའི་ཀུན།།
    གྲང་དམྱལ་བརྒྱད་ཀྱིས་མནར་དང་ལྷན་ཅིག་ད་དུང་བཀྲེས་སྐོམ་ཡི་དྭགས་བཞིན།།

    ཅང་ཤེས་གྱི་ལིང་རླུང་གི་སུག་བཞི་ལྕགས་ཐག་དཀར་པོས་བསྡམས་ཏེ་བཀྲོངས།།
    ཏྲེ་བ་ཉང་གཡག་སྟོབས་ཆེའི་ནོར་གྱི་སྲ་མཁྲེགས་རྭ་ཅོས་འཛིན་མ་བརྟོལ།།
    གཡང་དཀར་ལུག་དང་ཚེ་ཚེ་ར་ཡི་ཕུང་པོ་གཡུལ་ཕམ་དམག་ས་བཞིན།།
    ནོར་སྲུང་ཁྱི་ཡང་སྦྲ་གུར་འགྲམ་དུ་བ་སོའི་འདོམ་གང་གྲུ་བཞིར་བཅུག།

    དེ་ཚེ་ཐང་དཀར་གཤོག་རྩལ་མཁས་ཀྱང་ས་ལ་བབས་ཕྲལ་དམྱལ་པར་ཚུད།།
    རྐྱང་འབྲོང་གཙོད་གསུམ་རླུང་ལྟར་མགྱོགས་ཀྱང་ལུས་པོ་ཁ་བའི་འདམ་དུ་བྱིངས།།
    སྤྱང་དྲེད་གསའ་གསུམ་གཏུམ་དྲག་ཆེ་ཡང་ལྟོགས་སྐོམ་བརྒྱབ་ནས་འཇའ་ལུས་གྲུབ།།
    བློ་ལྡན་རི་བོང་ཇུས་ལ་མཁས་ཀྱང་བྱ་ལོང་མེད་པར་ལུས་སེམས་བྲལ།།

    སྣང་བའི་དབང་པོར་མིག་དྲ་གྱོན་པའི་རྒད་མོ་ཞིག་གི་པང་ཁའི་ནང༌།།
    བུ་ལྟར་གཅེས་པའི་ལུ་གུ་བཟུང་ནས་འགྲམ་པ་ཡང་ཡང་སྦྱར་བཞིན་དུ།།
    འདྲེན་བྱེད་བརྡོལ་བའི་བདུད་རྩིའི་ཐིགས་པས་ཕུང་པོ་གཙང་ཞིང་དག་པར་བཀྲུས།།
    དེ་ནས་གནམ་རྒན་མ་ལ་བལྟས་ཏེ་མཆུ་འདབ་ཕིག་ཕིག་བཞིན་དུ་གཡོ།།

            ( ༢ )

     ཀྲུང་དབྱང་དང་ནི་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་རིམ་པའི་བཀོད་འདོམས་འོག།
    ས་གནས་ཁག་དང་བུ་ཕྲུག་དམག་གི་ལྷ་དམག་འབུམ་ཕྲག་དུ་མ་ཡིས།།
    “ངེས་པར་གེགས་འགོག་གེགས་སེལ་”ཞེས་པའི་རླབས་ཆེན་དར་ཆ་བསྒྲེངས་བཞིན་དུ།།
    མི་ཕྱུགས་ཀུན་གྱི་ཚེ་སྲོག་སྐྱོབས་ཕྱིར་བྱང་གི་ཡུལ་དུ་དམག་ལ་ཆས།།

    ཤ་དང་རུས་པ་གཅིག་ཏུ་འདྲེས་པའི་སྤུན་ཟླ་མི་རིགས་ང་དྲུག་གིས།།
    གང་ས་གང་ནས་བརྩེ་སེམས་མཚོན་པའི་ཞལ་འདེབས་རོགས་རམ་གནང་བ་ཡི།།
    མིག་མཐོང་ལག་ཟིན་སྤྱི་ཚོགས་རིང་ལུགས་ཁྱད་འཕགས་རང་བཞིན་སྙན་གྲགས་དེ།།
    ཡངས་པའི་གླིང་ཆེན་ལྔ་ལ་ཁྱབ་ཚེ་གྲོགས་པོ་དགྱེས་ཤིང་དགྲ་བོ་ཞུམ།།

    སེམས་གསོ་འཚམས་འདྲིའི་གློག་འཕྲིན་ཡི་གེ་མཁའ་ཡི་སྐར་ཚོགས་གྲངས་ལ་འཁུ།།
    སྒེར་སེམས་མེད་པའི་གེགས་སྐྱོབ་རྒྱུ་དངུལ་ཐོ་འགོད་སྔ་ཕྱིར་ཁ་རྩོད་ཤོར།།
    འབོར་ཆེའི་དངུལ་དང་གོང་ཆེའི་འཕྲུལ་ཆས་རྩ་ཆེའི་ཟས་གོས་སྨན་རིགས་དང༌།།
    ཐ་ན་འབུད་ཤིང་མུ་ཟི་སོགས་ཀྱང་མ་ཚང་མེད་པར་བྱུར་བུར་སྤུངས།།

    མ་རུང་དུག་ཅན་ཁ་བའི་དཔུང་གིས་ལྷ་དམག་མདུན་བསྐྱོད་ལམ་བུ་ཀུན།།
    རང་ནུས་ཡོད་རྒུས་བཀག་སྟེ་དེ་ཀོ་རྡོ་རྗེའི་མཁར་དུ་རློམ་ན་ཡང༌།།
    འཇིགས་མེད་དཔའ་བོ་འབུམ་གྱི་སེམས་པ་ལྕགས་གོང་གཅིག་ཏུ་སྒྲིལ་ཟིན་པས།།
    དེ་ཡིས་མི་འགྲུབ་ལས་དང་བྱ་བ་གནམ་འོག་འདི་ན་ཡོད་རེ་སྐན།།

    འདོམ་ཁྲིའི་གཡུ་འབྲུག་འོ་མའི་རྒྱ་མཚོ་རྩེན་པ་ལྟ་བུའི་རླངས་འཁོར་ཁྱུ།།
    ངར་ཤུགས་ཆེ་ཡང་སྐུ་གཟུགས་ཕྱེད་ཀ་གངས་མ་འཁྱགས་ཀྱི་འདམ་དུ་ཚུད།།
    ཐབས་ཤེས་ཡོད་རྒུས་མདུན་གྱི་ཕྱོགས་སུ་སོར་མོ་རེ་བཞིན་བསྐྱོད་ན་ཡང༌།།
    ལྩི་བའི་ཟོག་དང་བགྲོད་དཀའི་ལམ་གྱིས་དབུགས་ཀྱི་རྒྱུ་བ་ཡང་ཡང་ཆད།།

    བྱང་འབྲོང་བཞིན་དུ་ཚ་གྲང་ཐེག་པའི་ལས་རིགས་མི་གཅིག་སྐྱེ་བོ་དང༌།།
    ཁྱད་པར་སྟག་མོ་ངར་བ་ལྟ་བུའི་ས་མཐོའི་དམག་དང་ཉེན་རྟོག་པས།།
    སྙིང་གི་རུས་པར་ཟུག་རྔུ་སྟེར་བའི་གངས་ཁྲོད་མཆོངས་ནས་སྦར་འཛིང་གིས།།
    དཔའ་བོའི་ཁྲག་གིས་གངས་མདོག་འགྱུར་ཡང་སྡུག་སྐད་སྦྲང་མའི་གཤོག་ཙམ་མེད།།

    ལ་ལའི་རྐང་པ་ཤ་ཡི་འབོག་ཏོས་སེམས་མེད་བེམ་པོའི་བརྟུལ་ཞུགས་འཛིན།།
    རེ་འགའི་མཇམ་ཞིང་མཉེན་པའི་ཕྱག་ཀྱང་དྲེད་མོང་ལག་པ་བཞིན་དུ་གས།།
    ཕྱེད་ལྷོགས་ཕྱེད་འགྲངས་ཕྱེད་རྨས་ཕྱེད་ན་ངལ་བ་བཅུ་ཐོག་བརྒྱ་འཕྲད་ཀྱང༌།།
    དམངས་དམག་ལས་བཟོ་གཅིག་ཕན་གཅིག་རོགས་མདུན་བསྐྱོད་འཐབ་སེམས་ངར་མི་ཆག།

    ཉིན་མཚན་བཅུ་ཕྲག་གངས་དཀྱིལ་ལུས་པའི་འདྲེན་བྱེད་ཉི་མ་འཆར་ཁའི་མདངས།།
    བག་ལེབ་སྐམ་པོ་གངས་དང་མཉམ་དུ་བཟས་པའི་མཆུ་ནི་བལ་སའི་མདོག།
    རང་གི་གྱོན་པ་ཕུད་ནས་རྨས་མའི་རྐང་ལག་བསྟུམས་རྒྱུར་ཧ་ཐོབ་ཤོར།།
   ཨ་ཕོ་ཧོར་གྱི་འོ་ཇ་དྲོན་མོས་སྙིང་གི་ཚི་ལུའི་འཁྱགས་པ་བཞུར།།

    འདྲུད་འཐེན་འབུད་སོགས་སྣ་ཚོགས་འཕྲུལ་འཁོར་དམག་རྩལ་ནང་སྦྱོང་བྱེད་པ་ལྟར།།
    འཇོར་སྦྱག་ཐོགས་པའི་སྐྱེ་བོའི་ཚོགས་ནི་གླིང་ཕྲན་མཚོ་གླིང་དཔའ་བོའི་ཟླ།།
    གསར་འགོད་པ་དང་སྨན་པ་ཡིག་ཟམ་ཕོ་ཉ་ལ་སོགས་ཡོད་དོ་ཅོག།
    ལྷན་ཅིག་ལམ་བཤངས་ལས་ལ་བྲེལ་བ་གྲོག་མས་གྲོག་ཚང་འདྲུ་བ་བཞིན།།

    སྔོན་ཚེ་“སྟག་གླིང་གཡུལ་འགྱེད་”སྐབས་སུ་གེ་སར་མི་རྟ་གཉིས་པོ་ཡིས།།
    སྟག་གཟིག་མེ་དཔུང་ཐང་ཆེན་བཤགས་ཞེས་གྲགས་པ་བདེན་རྫུན་མི་ཤེས་ཀྱང༌།
    དེང་འདིར་དཔའ་བོས་གང་འཁྱགས་མར་ལྟར་གཏུབས་བཞིན་བཤངས་ནས་བྱང་ཐང་དུ།།
    བདེ་བར་བརྟོལ་བ་རླབས་ཆེན་གཟི་བརྗིད་ལོ་རྒྱུས་རྡོ་རིང་གསར་པ་ལགས།།
 
རྩོམ་ཁུངས། ཡར་ཀླུང་གླུ་གསར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བའི་དཔུང་ནག་བཅོམས་པ།

2010-05-26 མཁས་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།