མཛེས་ལྡན་ཟ་ཧོར་ཀུ་ཤུ།
ངོ་ཚེའི་ལོ་མའི་དཀྱིལ་གྱི།།
མཛེས་ལྡན་ཟ་ཧོར་ཀུ་ཤུ།།
སྐབས་རེ་མཇལ་ཙམ་མཇལ་ཙམ།།
སྐབས་རེ་ཡིབ་ཙམ་ཡིབ་ཙམ།།
སྤྱན་མིག་ཀྲི་ག་ཤིག་ཤིག།
མ་རེད་ཞུ་རྒྱུ་མི་འདུག།
སྤྱན་ཟུར་དཔྱིད་ཀའི་གནམ་གཤིས།།
གཏན་དུ་གཟིགས་ན་བསམ་བྱུང༌།།
འགྲིག་ན་འགྲིག་པ་གནང་དང༌།།
ཆུང་ནས་འདྲིས་པའི་སྙིང་སྡུག།
མ་འདྲིས་ཐུགས་ཁྱད་མི་འདུག།
ལན་ཆགས་བུ་ལོན་མེད་ཙང༌།།
རྩོམ་ཁུངས། ཡར་ཀླུང་གླུ་གསར།