དབུས་ལམ་སྐྱ་མོའི་ཕྱིར་མིག

མདོ་དབུས་ལྕགས་ལམ་རིང་མོར་འཁྱུག་པའི་གཡུ་འབྲུག་སྒྲ་ཡིས་གནམ་ས་གཡོ།།
ཨ་ཆེན་ཐང་གི་རི་དྭགས་འདྲོགས་ནས་སྤང་ལྗོངས་གོར་མོའི་བདག་པོ་བྲོས།།
འབྲོང་གཡག་དར་མར་རྭ་རྩེ་རྣོ་ཡང་སྤྱང་ཁྱུ་སྔོན་མོས་འཇབ་རྒོལ་འཐེབས།།
མེ་འཁོར་ནང་གི་འགྲུལ་བཞུད་མཇལ་བས་དྲ་མའི་ཕྱི་ཡི་ལྟད་མོ་རྒུམ།།

གདང་ལ་མཐོན་པོའི་རྫ་དུག་ངར་མས་འགྲུལ་བཞུད་སྲོག་ལ་དབྱང་དབུགས་བསླངས།།
མེ་འཁོར་མགྱོགས་ཀྱང་ཇག་རྐུན་མགྱོགས་པས་འབྲོག་པ་རྒན་པོའི་རུ་སྟོད་རལ།།
འགྲུལ་བཞུད་བོད་མིས་མཚར་བའི་མིག་གིས་སློག་ཧྲུལ་སྐྱ་བོར་དོགས་པ་ཟོས།།
གནའ་སྲོལ་དབུས་གྲོགས་རིན་ཐང་མ་རྙེད་རང་གིས་རང་ལ་ལས་བདའ་བྱས།།

ལྷ་སའི་ཇོ་བོའི་གསེར་ཞལ་མཇལ་ཚེ་དད་པའི་སེམས་ཀྱི་གདུང་བ་བཞུར།།
ལྷ་ལྡན་གྲོང་ལ་སྐོར་བ་རྒྱག་དུས་གཡོ་དང་ཁྲམ་པས་མགོ་བོ་འཐོམས།།
ལྷ་སའི་སྐུ་དྲག་མི་དྲག་བཙན་པས་ལྷ་འབངས་ཐམས་ཅད་སྤྲང་བོར་སྤྲུལ།།
ལྷ་ལྡན་གྲོང་ན་ལྟད་མོ་མང་བས་ཕྱོགས་ཐོན་མགྲོན་པོ་གཞིས་སྡོད་བྱས།།

དམར་པོ་རི་ཡི་ཕོ་བྲང་མཐོན་པོ་ལྷ་ལྡན་གྲོང་ན་ཏོག་ལྟར་མཛེས།།
ཕོ་བྲང་རྩེ་ཡི་གསེར་གྱི་རྒྱ་ཕིབས་མཚམས་སྤྲིན་དམར་པོས་མདངས་ཀྱིས་མཛེས།།
འཛམ་གླིང་རྒྱན་གཅིག་གསེར་གདུང་ཆེན་མོ་སྣེ་ཤན་རྒན་པོའི་ཁ་ན་ཕྱུག།
དད་ལྡན་མཇལ་བའི་ལྷ་དར་ཁུག་ན་གསོལ་འདེབས་གཉོམ་པོ་ཐིགས་ཐིགས་འཛར།།

རྒྱལ་རྩེ་མཁར་གྱི་རྔམ་བརྗིད་བ་དན་ལོ་ཟླས་ཆར་བའི་ཀློང་ལ་བསྲིངས།།
ཆུ་མིག་དགུ་ཁྲའི་འུར་ཆའི་སྣང་བརྙན་ལོ་རྒྱུས་རིང་མོའི་བྲག་ཅར་འཁོར།།
དཔལ་བོའི་མཚན་སྙན་བླ་སྲོག་དྲོན་མོ་མཆོད་རྟེན་ཉི་ཟླའི་གཟི་འོད་འདྲེས།༌།
དཔལ་འཁོར་ཆོས་སྡེར་དད་པའི་ལྷ་རྫས་དང་བའི་མཆོད་མེ་འོད་དུ་འཚེར།།

གཙང་བ་རྒྱལ་བོའི་གཞིས་ཁྱིམ་དྲོན་མོ་གཡུལ་སའི་ཁྲོད་ནས་ལོ་རྒྱུས་རལ།།
པཎ་ཆེན་མཆོག་གིས་བྱིན་གྱིས་རླབས་པས་གདན་ས་ཆེན་མོར་གསེར་འོད་བཞུར།།
ཁ་བ་བོད་པར་གདུང་བ་འཇོམས་པའི་ཉིན་བྱེད་དབང་བོ་ལྗོངས་འདིར་ཤར།།
གཞིས་རྩེ་གྲོང་གི་རྣམ་པ་གསར་བས་འདས་པའི་ལོ་རྒྱུས་ཆུ་ལ་བསྐྱུར།།

མཁན་སློབ་ཆོས་གསུམ་མཛད་འཕྲིན་ལོ་རྒྱུས་ཡར་ཀླུང་གཙང་བོས་ཤུགས་ཀྱིས་ཟློས།།
བསམ་ཡས་ལྷ་ཁང་ཟིལ་ནོན་ཆེན་མོའི་བཟོ་བཀོད་ལྷ་སྒྲུང་ངོགས་ན་འདར།།
བྲག་རི་གནས་གསུམ་ལྷ་རུ་བརྗོད་པས་རྐང་བའི་འདེགས་འཇོག་བསྒྱུར་བར་དོགས།།
ལོ་རྒྱུས་རྣལ་མར་སོར་རྩེ་མ་འཁྱོག་དགོན་སྡེ་ཐོག་མ་གནས་འདིར་གཡོ།།

ཡུ་མོའི་བརླ་འདྲའི་རི་སྒང་ཆུང་ཆུང་བོད་རྒྱལ་ཐོག་མས་སྐུ་མཁར་བརྗིད།།
གནམ་ནས་བབས་པའི་ལྷ་སྒྲུང་རིང་མོས་བཙན་པོའི་བྱད་གཟུགས་གཞན་ལ་བསྒྱུར།།
ལོ་རྒྱུས་བཞུར་བའི་རི་ལམ་ཀྱ་ཀྱུར་རིག་དྲུག་འཁྱིལ་བའི་དར་ལྕོག་བསེད།།
དད་ལྡན་མཇལ་བའི་སེམས་འགྱུ་བཞུར་བས་བཙན་པོའི་འབོག་སྐུ་བརླན་པར་དོགས།།

དགུན་ཟླ་སྐྱ་བོའི་རྡུལ་འཚུབ་རྩུབ་མོས་ས་སྐྱའི་སྤྲང་བོ་ཕྱོགས་སུ་སྤུངས།།
དད་ལྡན་མཇལ་བས་ལྷ་ཁང་སྐོར་དུས་སྤྲང་ཚོགས་སློང་མོས་སྐོར་ལམ་བཀག
སྐྲ་སེར་ཕྱི་མིའི་པར་ཆས་ཁ་ན་གོ་རེ་རྒུམ་ནས་འཕྲོག་རྩོད་བརྒྱབས།།
ས་སྐྱ་གོང་མའི་མཛད་རྣམ་མཐོང་ན་ཡ་ཆུང་སེམས་པ་ཆུ་རུ་བཞུར།།

དུས་ཀྱིས་བསླངས་པའི་མཁར་ཤུལ་སྐྱ་བོའི་སེམས་པའི་བཞུར་རྒྱུན་ཤག་ཤག་འབབ།།
སེ་འབྲས་དགེ་གསུམ་གྲྭ་མང་མཐོང་ན་དད་པའི་སྤུ་ལོང་ཤིག་ཤིག་གཡོ།།
གྲུབ་མཐའ་གཅིག་ལ་ཕྱོགས་གཉིས་ཕྱེས་པས་དད་ལྡན་མཇལ་བ་རྨོངས་འཐོམ་འཐོམ།།
ལྷ་ཁང་འདུ་ཁང་དོགས་པས་མཇལ་བའི་རྟེན་གཙོ་མ་མཇལ་སྐྱོ་ལྷང་ལྷང་།།
                              
གནའ་བོའི་ལོ་རྒྱུས་དམ་དུམ་འཐུས་ནས་སེམས་ཀྱི་བུ་ཆུང་ཁྱ་མ་ཁྱར།།
དབུས་འགྱུར་ལྷ་སའི་འཕོ་འགྱུར་གཉོམ་པོས་འགྲོ་བའི་གོམ་ཁ་ལྷ་མ་ལྷོད།།
དབུས་རོགས་རྒན་པོའི་སེམས་ཁུར་བསམ་ན་སེམས་པ་ད་དུང་སྦྲ་མ་སྦྲིད།།
དབུས་ལམ་སྐྱ་མོའི་མཐོང་ཐོས་རྒུམ་པས་ལག་གི་སྨྱུ་གུ་ལྡ་མ་ལྡིང་།།
                     ༢༠༠༨ལོའི་བོད་ལོའི་ལོ་སར་ཚེས་༣ལ་ལྷ་ལྡན་གྲོང་ནས།

རྩོམ་ཁུངས། རྨ་ཆུའི་སྙན་ངག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུས་ལམ་སྐྱ་མོའི་ཕྱིར་མིག

2010-05-24 ཨ་མགོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།