བུ་མོ་ང་རས་བལྟས་ན།
ཁམ་སྡོང་རྩ་བ་འཛུགས་དུས།།
བྱམས་སྐྱོང་གནང་མཁན་མ་བྱུང༌།།
ཁམ་བུ་མགོ་ལྕོག་ལྡེམ་དུས།།
མིག་ཟུར་གཟིགས་མཁན་མང་བ།།
བྲིས་པའི་ཡི་གེ་ནག་ཆུང༌།།
སོར་མོའི་རྫུ་འཕྲུལ་ཡིན་འགྲོ།
མ་བྲིས་སེམས་ཀྱི་རི་མོ།།
ང་ལ་བསྟན་རོགས་གནང་དང༌།།
སྟག་ཤར་གཞོན་པས་བལྟས་ན།།
བུ་མོ་ཁ་འབྲས་མཚར་བ།།
བུ་མོ་ང་རས་བལྟས་ན།།
ཁ་མཆུའི་རྒྱུ་ལས་མི་འདུག།
རྩོམ་ཁུངས། ཡར་ཀླུང་གླུ་གསར།