དེའི་དོན་དུ།

རྨ་ཆུའི་བསམ་གཏན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-23

སུ་ཞིག་གྲག་མེད་གཉིད་དུ་གཏིམས་པས་རྣམ་དཔྱོད་བྱ་ར་དྲོད་དུ་བཟི།།

གསོན་དང་མ་གསོན་དགོས་པ་ཆེར་མེད་མི་སྙིགས་རྣམས་ལ་གཏམ་མ་འདྲི།།

འཇིག་རྟེན་གོ་བརྡ་སྙན་མོའི་ཚིག་ལ་ཤར་མར་འབྲི་བ་ཁར་ཁེར་ཡིན།།

རྒྱུ་དང་རྐྱེན་གྱི་ན་ཚ་མ་གླེང་རང་དོན་རུས་པའི་སྲ་ཚུགས་ཤོད།།

སྡིག་ཅན་མྱི་ཡི་འཁོར་ཚོགས་དབུས་ན་སེམས་ལྡན་སུ་ཞིག་ཧྲེང་ངེར་ལུས།།

སུག་བཞི་མི་ཁོམ་གཟུགས་འགྱུར་ཨ་བྲའི་དཔུང་རྡང་ནང་ན་མིང་ཅན་པོ།།

མི་ཡི་གསོན་སྟངས་ཟ་འདྲེ་མ་རེད་བཟོད་པའི་བརྩོན་པ་རྣམ་གསུམ་རེད།།

ལྟོ་ལྡིར་ཕོ་བ་ཀོར་གྱི་ནོར་སྐྱལ་བསོད་ནམས་ནང་གི་ཐ་མ་རེད།།

བཟི་གཏམ་བན་བུན་སྐད་ཆའི་སྙིགས་མ་གང་སར་ཕོད་པས་དྲི་ངན་པོ།།

ཤོག་སྒོར་མ་གཏོགས་སྡོངས་གྲོགས་མེད་པའི་བླུན་པོའི་ནང་གི་ལག་ས་ཅན།།

ང་རྒྱལ་ཅན་གྱི་གྲལ་མཐའ་ཟིན་པའི་ལས་བྱེད་ནང་གི་ལོ་ལོན་པོ།།

བློ་དང་ཁོག་པ་ཁོ་ལག་མ་རྒྱས་ལྕང་མ་གླང་མ་རྫོབ་རྫོབ་པོ།།

སྔོ་ལྗང་ཅན་གྱི་རྨི་ལམ་ཡིན་ནམ་ས་ཟད་བྱེ་མའི་བྲང་རྩུད་ཡིན།།

ད་ལྟ་དབེན་པའི་རི་སུལ་གན་ན་ཕ་རྒན་གདོང་རུས་ཕྱེ་མར་ཟེགས།།

བུ་ཆུང་བཟི་བོ་གཉིད་ལ་ཤོར་ནས་དུས་ཚོད་དོང་ཙེ་སིལ་སིལ་འཐོར།།

ཡིན་ཡང་རྣལ་འབྱོར་སྤྱན་དཀྱུས་ཟིམ་པ་འཇིག་རྟེན་གཏིང་མ་རྟོགས་པའི་དོན།།

དགྲ་བོའི་སྡེར་བཞི་ཡུན་གྱིས་བསྲིང་བར་མི་འཇིགས་ངུར་བའི་དབྱངས་མ་ལྷོད།།

དེ་ནི་དཔའ་བོའི་བརྟན་བརླིང་རྟོགས་བརྗོད་དགྲ་ཟུན་གཉིས་ལ་བཤད་རིན་ཞིག།

དོན་དུ་ཉིད་ཀྱིས་སྙན་ངག་རི་མོ་མ་འབྲི་ཟེར་བ་རྫུན་དུ་འགྲོ།།

ཟ་ཟིའི་འཕང་འགྲོས་མེ་ཏོག་བཅུད་དུ་མངོན་པར་ཆགས་པའི་རྐང་དྲུག་བུ།།

འཁོར་བའི་ཁྲོ་གཏུམ་ཚེར་མའི་དར་ཆ་ཀླད་དུ་ཕྱར་བའི་སྐྱེད་ཚལ་ན།།

སྣང་བ་གཡོམ་པའི་ཁ་དོག་སྣ་ཚོགས་ཆགས་སྡང་ཟིལ་མའི་འཇའ་ཡང་ཤར།།

བློ་ཆུང་འགའ་ཞིག་འཇེབ་འཁོར་ནང་ན་ལྷོད་ལྷོད་བཞུར་གྱིན་བླ་ཡང་བོར།།

དེང་མའི་རྩོམ་གྲོགས་བསྟན་བཤིག་ཚ་བོ་གང་ནས་འགྱུར་བ་ཧ་མ་གོ།

ད་ལྟ་དེ་ཙམ་ཁྱོད་ཀྱི་འདབ་མར་བསིལ་ཆབ་གཏོར་མཁན་ག་ཙམ་ཡོད།།

མི་སྡོད་གསོན་པོའི་རྩ་རྒྱུས་བད་བད་ཅི་ཡི་ཆེད་དུ་འཕར་བ་རེད།།

རྣ་བའི་བུ་གར་བདེན་པའི་ཚིག་གི་ཕྲུ་སོན་འདེབས་མཁན་གང་མང་ཞིག།

ཡོད་མདོག་སྣང་བ་མི་རྐྱང་དག་གིས་འཁྲུལ་བའི་ཆུང་མ་བཞེས་སྟངས་རེད།།

དོན་དམ་ཉིད་ཀྱི་གཏན་དུ་དབེན་པའི་མྱ་ངམ་ཐང་གི་བྱ་རྒོད་དག།

བདེ་བའི་ཞིང་ནས་ཁོམ་ལོང་ལྡན་དེ་རྒུམ་བུ་འཐུ་རུ་ཡོང་བ་འམ།།

འཚོ་སྡོད་སྡེར་ཁྱིམ་པ་ཏྲའི་རིས་སུ་རྒྱན་དུ་འདོགས་པའི་མི་རིགས་ཤིག།

ད་དུང་མ་སད་འབུ་བཞིན་འགུལ་བ་མཐོང་བས་ཟ་བྲེལ་བཞེས་ལགས་སམ།།

དོན་དུ་དམ་དུམ་རྩོམ་པའི་ཐང་མ་རིན་མེད་རི་ན་སྐམ་ལ་ཁད།།

ཆབ་སྲིད་མཁན་པོས་མི་སྡུག་འདྲེ་སེན་སྙན་ངག་བུ་མོའི་བརླ་ལ་བཀྲད།།

འཇིག་རྟེན་སྲིད་པའི་སྒྱུ་རྩལ་གཏམ་རྒྱུད་ཁྲག་གི་རི་མོ་ཉིད་དུ་འགྱུར།།

སྐད་ཆའི་ལོ་འདབ་དགུན་གྱི་འབྲས་བཞིན་སྤྲོས་བྲལ་ཁོངས་ན་ངུ་མ་དགོད།།

རྣམ་དཔྱོད་བུ་ཆུང་ཁང་མིག་གཅིག་ན་ཨ་མ་ཟེར་བཞིན་འོ་མ་དྲན།།

བསོད་ནམས་མ་བོར་བསགས་པའི་བདེན་ངེས་འདི་ཕྱི་གཉིས་ན་མེ་ཏོག་ཕྲེང༌།།

གལ་ཏེ་མ་ཆད་རྨུ་ཐག་རིང་མོ་དགུ་ཚུགས་དབྱིངས་སུ་མངོན་དཔྱངས་ན།།

སེམས་ཀྱི་འཕོ་བས་བསྐལ་བ་འབུམ་ཕྲག་ཁད་ཀྱིས་གཅོད་པར་ངལ་བ་ཅི།།

རྡོ་ཡི་ཁང་རྩེག་དབུགས་ཀྱི་སྦུ་གུའི་སྡོམ་བུ་བསླེས་པའི་གཞུང་ལས་ཁང༌།།

ནོམ་ལ་དགའ་བའི་ཕྱེ་ལེབ་མིག་གི་མཆོད་ཀོང་ཉིད་དུ་འགྱུར་བ་ནས།།

ཐར་བའི་ལམ་སྣེ་འཛེང་འཛེང་འཁྲིག་པའི་ལྡ་ལྡིའི་ཕོ་བྲང་སྒོ་མེད་ཅིག།

དོན་དུ་རང་བྱུང་ལྗོན་པའི་གྲིབ་བསིལ་འདི་ཕྱི་གཉིས་ཀྱི་གཞིས་བཟང་ངོ༌།།

སྐྱིད་སྡུག་རེས་མོས་སྲིད་པའི་གཏམ་རྒྱུད་ལང་ལོང་གཡོ་བའི་ཚིག་གི་ཕྲེང༌།།

གླུ་ལ་མཁན་དེས་འགྱུར་ཁུགས་བཟོས་པ་དབང་བོ་ཞིག་གི་ཀྱ་ཀྱུའི་ལམ།།

འགྲོ་བ་སེམས་ལྡན་དག་སྣང་གླས་སུ་ལྷན་འཛོམས་བྱུང་བའི་སྨོན་ལམ་ཡིན།།

དོན་དུ་ང་རང་སྙན་ངག་མཁན་དུ་འཕོ་བ་དེ་ཡང་ངོ་མཚར་ཙམ།།

                                                                            ༢༠༠༢ལོའི་ཟླ༡༡པའི་༡༣ཉིན།

རྩོམ་ཁུངས། རྨ་ཆུའི་སྙན་ངག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེའི་དོན་དུ།

2010-05-23 རྨ་ཆུའི་བསམ་གཏན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།