ཁྲི་སྲོང་ལྡེའུ་བཙན།

ལྕང་སྐྱ་དགེ་འདུན་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-31

སྣ་ནམ་གཡོ་འཕྲུལ་སྒྲ་གཅན་མུན་པས་དུང་ཟླའི་རྒྱལ་སྲས་རེ་ཞིག་བསྒྲིབས།།
བགྲང་བྱ་གསུམ་གྱི་ལང་ཚོ་ཕྲ་ཡང་རང་གི་སྐྱེད་ཡུམ་འཁྲུལ་མེད་བསྟན།།
བན་བོན་རུ་དམར་བརྡར་བའི་བར་ལས་ལོ་པཎ་གངས་སེང་མང་དུ་དྲངས།།
རྒོལ་ངན་ཀླད་ཞོ་ས་ལ་གཏོར་ཏེ་ནང་དམེ་ཁྲག་མཚོ་དབྱིངས་སུ་ཡལ།།
རྒྱ་སྟག་སྡེར་ཕྲེང་བབས་པའི་ཟིལ་གྱིས་ཕྱོགས་ཀྱི་ཡུལ་གྲུ་ཡོམ་ཡོམ་འདར།།
གཡུང་དྲུང་རྨུ་ཐག་དགུང་ལ་བྲེས་པའི་སྲ་མཁྲེགས་རྡོ་རྗེའུཧ་རྐེད་པ་བཅག།
བསྲེགས་བཅད་བརྡར་བའི་གསེར་གྱི་མདངས་བཞིན་རྒྱལ་བསྟན་རིན་ཆེན་བྱི་དོར་བྱས།།
ལུགས་གཉིས་གསེར་འཁོར་ཞིང་འདིར་བསྐོར་ལ་གནམ་གྱི་བུ་ཡིས་ལས་སྐལ་བྱིན།།
འཕགས་ཡུལ་གནམ་གྱི་རྒྱལ་མོའི་མངའ་ལས་མཁན་སློབ་ཉི་ཟླ་ཕྱོགས་འདིར་བསུས།།
ཕན་བདེ་གོང་བུ་གཅིག་ཏུ་དྲིལ་ལ་རབ་བྱུང་སྡེ་ཡི་ཐོག་མ་བཙུགས།།
བདེན་པའི་ཚིག་གི་ཟེགས་མའི་ཆ་ཡང་གསང་གསུམ་མཛོད་ཀྱི་རྣམ་ཐར་བླངས།།
མཛད་འཕྲིན་འོད་ཀྱིས་ས་གསུམ་བཅིངསཔས་བརྒྱ་བྱིན་ལྷ་ཡང་མོག་པོར་སྒྲུབ།།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲི་སྲོང་ལྡེའུ་བཙན།

2010-08-31 ལྕང་སྐྱ་དགེ་འདུན་བཀྲ་ཤིས། ཀློག་གྲངས། མཆན ཡོད།

སྣ་ནམ་གཡོ་འཕྲུལ་སྒྲ་གཅན་མུན་པས་དུང་ཟླའི་རྒྱལ་སྲས་རེ་ཞིག་བསྒྲིབས།།
བགྲང་བྱ་གསུམ་གྱི་ལང་ཚོ་ཕྲ་ཡང་རང་གི་སྐྱེད་ཡུམ་འཁྲུལ་མེད་བསྟན།།
བན་བོན་རུ་དམར་བརྡར་བའི་བར་ལས་ལོ་པཎ་གངས་སེང་མང་དུ་དྲངས།།
རྒོལ་ངན་ཀླད་ཞོ་ས་ལ་གཏོར་ཏེ་ནང་དམེ་ཁྲག་མཚོ་དབྱིངས་སུ་ཡལ།།
རྒྱ་སྟག་སྡེར་ཕྲེང་བབས་པའི་ཟིལ་གྱིས་ཕྱོགས་ཀྱི་ཡུལ་གྲུ་ཡོམ་ཡོམ་འདར།།
གཡུང་དྲུང་རྨུ་ཐག་དགུང་ལ་བྲེས་པའི་སྲ་མཁྲེགས་རྡོ་རྗེའུཧ་རྐེད་པ་བཅག།
བསྲེགས་བཅད་བརྡར་བའི་གསེར་གྱི་མདངས་བཞིན་རྒྱལ་བསྟན་རིན་ཆེན་བྱི་དོར་བྱས།།
ལུགས་གཉིས་གསེར་འཁོར་ཞིང་འདིར་བསྐོར་ལ་གནམ་གྱི་བུ་ཡིས་ལས་སྐལ་བྱིན།།
འཕགས་ཡུལ་གནམ་གྱི་རྒྱལ་མོའི་མངའ་ལས་མཁན་སློབ་ཉི་ཟླ་ཕྱོགས་འདིར་བསུས།།
ཕན་བདེ་གོང་བུ་གཅིག་ཏུ་དྲིལ་ལ་རབ་བྱུང་སྡེ་ཡི་ཐོག་མ་བཙུགས།།
བདེན་པའི་ཚིག་གི་ཟེགས་མའི་ཆ་ཡང་གསང་གསུམ་མཛོད་ཀྱི་རྣམ་ཐར་བླངས།།
མཛད་འཕྲིན་འོད་ཀྱིས་ས་གསུམ་བཅིངསཔས་བརྒྱ་བྱིན་ལྷ་ཡང་མོག་པོར་སྒྲུབ།།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།