ཚིགས་སུ་བཅད་པ་གཉིས་པ།

                               ༼སྐྱེད་མོའི་ཚལ།༽
སྔོ་བའི་གོས་འཛིན་ནགས་ཀྱི་བུ་མོ་མཛའ་གཅུགས་དུང་ཤ་ཟབ་མོས་སྦྲེལ།།
ལྷོད་ཅིང་འགྱུ་བའི་བསེར་མིའེ་ཀློང་ན་ལྕུག་ཕྲན་ལོ་མས་མེ་ཏོག་སྐྱོར།།
གཡུ་སྦྲང་གཞོན་ནུའི་འོ་ཡིས་བརླན་པའི་ཟེའུ་འབྲུའི་གདོང་བ་དམར་ཞིང་འཛུམ།།
དྭངས་བསིལ་ཆུ་མོས་ང་ལ་ལྟ་བཞིན་ཤེས་གྱི་སྒོ་ང་འཁུར་ཏེ་བྲོས།།
                           ༼ཕྱེ་མ་ལེབ།༽
སྲབ་ལ་མཉེན་པའི་འདབ་མའི་ངོགས་སུ་རང་བྱུང་ཚོན་གྱི་ཐིག་ལེ་བབས།།
མ་བོས་དུས་ཀྱི་མགྲོན་པོ་གང་ཞིག་དབྱར་སྟོན་ཆང་གིས་བཟི་ཞིང་འཁྱོར།།
ཚེ་སྲོག་རྨུ་ཐག་ཕྲ་ལ་གཉོམ་ཡང་འཕུར་ལྡིང་བསྟེན་པའི་ཕྱེ་མ་ལེབ།།
ཡོད་ཚད་གཞན་གྱིས་ཁྱེར་བར་དོགས་པས་སེམས་དང་གཤོག་སྒྲོ་མཉམ་དུ་འདར།།
                                                     ༡༩༩༥.༧.༤རོང་བོ།

རྩོམ་ཁུངས། ཀུ་ཤུ་དམར་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚིགས་སུ་བཅད་པ་གཉིས་པ།

2010-08-31 ལྡོང་ཆུ་ཤེལ། ཀློག་གྲངས། མཆན ཡོད།

                               ༼སྐྱེད་མོའི་ཚལ།༽
སྔོ་བའི་གོས་འཛིན་ནགས་ཀྱི་བུ་མོ་མཛའ་གཅུགས་དུང་ཤ་ཟབ་མོས་སྦྲེལ།།
ལྷོད་ཅིང་འགྱུ་བའི་བསེར་མིའེ་ཀློང་ན་ལྕུག་ཕྲན་ལོ་མས་མེ་ཏོག་སྐྱོར།།
གཡུ་སྦྲང་གཞོན་ནུའི་འོ་ཡིས་བརླན་པའི་ཟེའུ་འབྲུའི་གདོང་བ་དམར་ཞིང་འཛུམ།།
དྭངས་བསིལ་ཆུ་མོས་ང་ལ་ལྟ་བཞིན་ཤེས་གྱི་སྒོ་ང་འཁུར་ཏེ་བྲོས།།
                           ༼ཕྱེ་མ་ལེབ།༽
སྲབ་ལ་མཉེན་པའི་འདབ་མའི་ངོགས་སུ་རང་བྱུང་ཚོན་གྱི་ཐིག་ལེ་བབས།།
མ་བོས་དུས་ཀྱི་མགྲོན་པོ་གང་ཞིག་དབྱར་སྟོན་ཆང་གིས་བཟི་ཞིང་འཁྱོར།།
ཚེ་སྲོག་རྨུ་ཐག་ཕྲ་ལ་གཉོམ་ཡང་འཕུར་ལྡིང་བསྟེན་པའི་ཕྱེ་མ་ལེབ།།
ཡོད་ཚད་གཞན་གྱིས་ཁྱེར་བར་དོགས་པས་སེམས་དང་གཤོག་སྒྲོ་མཉམ་དུ་འདར།།
                                                     ༡༩༩༥.༧.༤རོང་བོ།

རྩོམ་ཁུངས། ཀུ་ཤུ་དམར་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།