སྙན་ངག་པ་ཚོས་ཡང་སྙིང་ཅི་ཞིག་འཚོལ།

དུས་རབས་གསར་རྙིང་དབྱེ་བའི་མཚམས་ཐིག་ཏུ་འགྲེང་ནས།།
ཤ་མེད་རུས་པའི་དཔུང་བ་ནམ་མཁའ་ལ་བསྒྲེངས་ཏེ།།
སྐྲ་ལོ་རླུང་གིས་སྐྱོད་བཞིན་དུམ་ཆོད་ཀྱི་ཚིག་གིས།།
རོང་སྨྱོན་འབྲོག་སྨྱོན་འདི་ཚོས་ཅི་ཞིག་རང་འཚོལ་ལམ།།
མ་བསྐོས་བསམ་གཞིགས་འཁྱོག་པོ་སྨིན་མཚམས་སུ་མདུད་ཅིང༌།།
སྙིང་གི་སྐྱོ་གདུང་སྨུག་པོ་དུད་ཞག་ཏུ་བསྐྱིལ་ཏེ།།
ཤ་རུས་གཏིང་གི་བརྩེ་དུང་མིག་ཆུ་རུ་འཁྲུགས་བཞིན།།
དོན་མེད་མྱ་ངན་ཅན་ཚོས་ཅི་ཞིག་རང་འཚོལ་ལམ།།
རྒན་པོའི་བརྩེ་སྐྱོང་གཞོན་པའི་ཕུ་དུད་དང་བྲལ་ཞིང༌།།·
མཐོན་པོའི་ཟེ་འཐེན་ཕྱུག་པོའི་རྒུད་སྐྱོབ་ཀྱིས་སྤངས་ལ།།
གཞན་གྱིས་ཟུར་ཟ་རང་གིས་ཡི་ཆད་ཀྱང་ཤོར་བཞིན།།
ཁེར་རྐྱང་མགྲོན་པོ་འདི་ཚོས་ཅི་ཞིག་རང་འཚོལ་ལམ།།
སྤྱི་ཡི་ལས་དབང་སྒེར་གྱི་སྒལ་རྩིབ་ཏུ་བླངས་ཤིང༌།།
གཞན་གྱི་སྡུག་ཡུས་རང་གི་སྙིང་ཁ་ནས་གསོས་ཏེ།།
ནང་གི་རྦ་རླབས་ཕྱི་ཡི་གདུང་ཡུས་སུ་གྱེར་མཁན།།
མ་བབ་རང་བསྐོས་ཅན་ཚོས་ཅི་ཞིག་རང་འཚོལ་ལམ།།
ཨ་མས་མི་ཤེས་ཆུང་མས་བསྟོད་པ་ཙམ་མི་བྱེད།།
གཞན་རིགས་མི་དགྱེས་རང་རིགས་མགུ་བ་ཞིག་མི་འོང༌།།
དགེ་བ་མི་འགྲུབ་འཁོར་བའི་བྱ་བའང་ཤོར་བཞིན།།
སྙན་ངག་པ་ཚོས་ཡང་སྙིང་ཅི་ཞིག་རང་འཚོལ་ལམ།།
འོན་ཀྱང་བཙལ་ཅིང་འཚོལ་ལ་དུ་དུང་ཡང་འཚོལ་དགོས།།
འདས་པའི་བོར་ཟིན་མ་འོངས་འབོར་ངེས་སུ་འདུག་ཅིང༌།།
ད་ལྟ་འབོར་བཞིན་པ་ལ་ཕངས་སེམས་དང་བཅས་ཏེ།།
ཀུན་འཚོལ་རྒྱང་འབོད་རིང་མོ་འདི་སྐད་དུ་བྱའོ།།
སྔོན་རབས་ལོ་རྒྱུས་རིང་བོའི་གསང་བ་དེ་འཚོལ་དགོས།།
ད་ལྟའི་མི་རབས་ཤིག་གི་ལས་དབང་དེ་འཚོལ་དགོས།།
མ་འོངས་འགྲོ་བ་མི་ཡི་མདུན་ལྗོངས་དེ་འཚོལ་དགོས།།
དུས་གསུམ་དུས་ཀྱི་ཀློང་ནས་ཐམས་ཅད་དེ་འཚོལ་དགོས།།
ས་ཆུ་མེ་རླུང་ནམ་མཁའ་འབྱུང་བ་ཡི་ཁམས་ནས།།
ཡོད་མེད་ཡིན་མིན་བེམ་ཤེས་འཁོར་འདས་སོགས་འཚོལ་དགོས།།
སྐྱེ་འཆི་བར་དོ་རྟེན་འབྲེལ་འཁོར་ལོ་ཡི་ཁྱོན་ནས།།
གནས་གསུམ་རིགས་དྲུག་རྒྱུད་ལྔའི་འགྲོ་བ་དེ་འཚོལ་དགོས།།
ཐུབ་པ་གངས་ཆེན་མཚོ་ཡི་ལྷུང་བཟེད་ཀྱི་ཁ་ནས།།
རྡུལ་གོང་ཕྲ་རབ་ཕྱོགས་ཀྱི་ཆ་མེད་དེ་འཚོལ་དགོས།།
བསྐལ་བ་སྐད་ཅིག་སྐད་ཅིག་བསྐལ་བ་ཡི་ཀློང་ནས།།
གྲུབ་དང་མ་གྲུབ་རྟག་དང་མ་རྟག་དེ་འཚོལ་དགོས།།
བསྐལ་ཆེན་བྱེ་བ་ཕྲག་བརྒྱའི་ཁུགས་པ་ཡི་རྒྱུན་ནས།།
ཆགས་གནས་འཇིག་དང་སྟོངས་པའི་རྗེས་ཤུལ་དེ་འཚོལ་དགོས།།
མི་ལོ་དུང་ཕྱུར་ལྔ་བཅུའི་ཡར་སྔོན་དུ་བཏོད་པའི།།
རི་རབ་ཉི་ཟླ་གོ་ལའི་འཁོར་ལམ་དེ་འཚོལ་དགོས།།
མཐའ་བྲལ་རྒྱ་མཚོ་ཀོང་པོ་ཆུ་བརླག་ཏུ་ཐིམ་ཏེ།།
སཱ་ལའི་གནས་ཚལ་རླུང་གིས་སྐྱོད་སྟངས་དེ་འཚོལ་དགོས།།
སྐམ་ས་ཆེན་པོ་གཡེང་འགྲོས་སྤོ་སྐྱོད་ཀྱིས་བརྡབས་ཏེ།།
ཁ་བའི་རི་ཚོགས་རྨང་ནས་འཕགས་ཚུལ་དེ་འཚོལ་དགོས།།
ཨ་མ་སྲིད་མོའི་སྐྲ་ཡི་ལན་རྐང་ལས་འཐོར་བའི།།
ནགས་ཀྱི་མེ་ཏོག་གསར་བའི་ལམ་ཕྲན་དེ་འཚོལ་དགོས།།
སྤྲེལ་སྒོམ་ཨ་པའི་ཐུགས་རྗེའི་ཕྱག་ཕྲེང་གིས་བགྲང་པའི།།
གཟུངས་ཆེན་ཡི་གེ་དྲུག་མའི་གསང་བ་དེ་འཚོལ་དགོས།།
སེང་གླང་རྨ་བྱ་རྟ་མཆོག་ཞལ་སྒོ་ལས་འོངས་པའི།།
འཛམ་གླིང་ཕྱོགས་བཞིའི་ཀླུང་ཆེན་འབབ་ཡུལ་དུ་འཚོལ་དགོས།།
བྱ་མ་ཚོགས་ཀྱི་ནགས་ཀྱི་བཀའ་ལུང་དེ་བསྒྲགས་པས།།
དཀར་ནག་རྒྱ་དང་བོད་སོག་གྱེས་ཚུལ་དེ་འཚོལ་དགོས།།
སྙིང་རྗེའི་མཛོད་ལས་བརྐུས་པའི་བ་སོན་གྱི་ཐིག་ལེས།།
གསོལ་ཞིང་ཐོག་མ་སྦྲུམས་པའི་ངང་ཚུལ་དེ་འཚོལ་དགོས།།
རྩྭ་ལྗང་རླུང་གིས་སྐྱོད་པའི་རྦ་རླབས་ཀྱི་གསེབ་ནས།།
ནགས་ཕྱུག་སྒལ་བ་མཐོང་བའི་རྩྭ་ཐང་དེ་འཚོལ་དགོས།།
གངས་རི་རྩེ་དགུའི་གླིང་ན་དབང་ཤེད་ཀྱིས་སྐྱོད་པའི།།
མངའ་མཛད་གནོད་སྦྱིན་ནག་པོའི་རལ་བ་དེ་འཚོལ་དགོས།།
ཁ་བ་བུ་ཡུག་གཙུབ་པའི་བྱང་རླུང་གིས་སྐྱོད་པའི།།
མ་སངས་སྤུ་དགུའི་རུ་དར་ཁྲ་བོ་དེ་འཚོལ་དགོས།།
གཉའ་བའི་ཁྲི་ལ་ཞོན་པར་བག་ཚ་དང་བྲལ་བའི།།
ཆེ་བཙན་ཐོག་མའི་རྒྱལ་པོའི་ཁེངས་པ་དེ་འཚོལ་དགོས།།
མ་བརྟག་རལ་གྲིའི་འཕྲུལ་འཁོར་རང་ཀླད་ལ་བསྐོར་བས།།
དུམ་བུར་བཅད་པའི་འོད་ཀྱི་དམུ་ཐག་དེ་འཚོལ་དགོས།།
སྡེ་བཞིའི་ཕུན་ཚོགས་གནམ་སའི་རྒྱ་ཁྱོན་དུ་བརྡལ་བའི།།
མེས་དབོན་གསུམ་གྱི་གྲགས་པའི་ལ་ཐོད་དེ་འཚོལ་དགོས།།
འཛམ་གླིང་ཡང་རྩེར་བཀའ་ལུང་རང་དབང་དུ་སྤྱོད་པའི།།
བཙན་རྒྱལ་བོད་ཀྱི་དབང་ཆེན་ཐམ་ཀ་དེ་འཚོལ་དགོས།།
རུ་ལས་སྐྱེས་དང་མགར་ཆེན་ཐོན་མི་ལ་སོགས་པའི།།
མཛངས་མི་བདུན་གྱི་མཛད་རྗེ་རྡོ་རིང་དེ་འཚོལ་དགོས།།
མཁན་སློབ་བེ་རོ་སྐ་ཅོག་ཞང་གསུམ་ལ་སོགས་པའི།།
སྤྲུལ་བའི་ལོ་པཎ་ཚོགས་ཀྱི་ཕྱག་སྙུག་དེ་འཚོལ་དགོས།།
ཁྲི་སྒྲ་སྟག་ཚབ་སྟག་སྒྲ་ཀླུ་ཁོང་ལ་སོགས་པའི།།
གཟི་བརྗིད་དམག་དཔོན་བརྒྱད་ཀྱི་དབུ་རྨོག་དེ་འཚོལ་དགོས།།
མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ལྕོག་རོ་བཟའ་ལྕམ་སྲིང༌།།
མཛེས་མའི་དྭངས་རྩེ་གསུམ་གྱི་མཚར་སྡུག་དེ་འཚོལ་དགོས།།
སྲིན་མོ་གན་རྐྱལ་ཉལ་བའི་སྙིང་ཁྲག་གི་དབུས་ཀྱི།།
གཙུག་ལག་གབ་ཙེའི་འཁོར་ལོ་དགུ་བརྩེགས་དེ་འཚོལ་དགོས།།
སྒོམ་ཆེན་མཐེབ་ལས་ཤོར་བའི་མདའ་རྒོད་ཀྱི་གཤོག་པས།།
ན་རིམ་བཙན་པོའི་ཕྲེང་ཐག་བཅད་ཚུལ་དེ་འཚོལ་དགོས།།
ལུགས་གཉིས་མངའ་ཐང་འཛིན་མའི་ཟེ་བ་ལསལྷུང་སྟེ།།
འཐེན་འཁྱེར་རྩོད་པའི་གཅོང་རོང་འགྲིམ་ཚུལ་དེ་འཚོལ་དགོས།།
ཁ་ཐོར་ཁེར་འབད་ཕྱི་ནང་ངན་འབྲེལ་གྱི་སྦྱོར་བས།།
རེས་སྐྱིད་རེས་སྡུག་ངང་གིས་ཉམས་ཚུལ་དེ་འཚོལ་དགོས།།
དར་རྒུད་ངེས་མེད་གུ་གེའི་རྒྱལ་རབས་དེ་འཚོལ་དགོས།།
གྲགས་པ་གློ་བུར་གེ་སར་རྒྱལ་པོ་དོ་འཚོལ་དགོས།།
ཞང་ཞུང་འ་ཞ་མི་ཉག་གྲུ་གུའང་འཚོལ་དགོས།།
སྒྲུབ་ལྡེའུ་བོན་དང་ཆོས་ཀྱི་བྱུང་བའང་འཚོལ་དགོས།།
སེང་དེ་གངས་ནས་བོར་བའི་གསང་བ་དེ་འཚོལ་དགོས།།
རྒྱ་སྟག་ནགས་ནས་ཤི་བའི་འཛུམ་དྲུག་དེ་འཚོལ་དགོས།།
ཁྱུང་ཕྲུག་གཟེབ་ཏུ་ཚུད་པའི་གཏམ་རྒྱུད་དེ་འཚོལ་དགོས།།
ཉ་ལྕོང་མཚོ་མཐར་བོར་བའི་མྱ་ངན་དེ་འཚོལ་དགོས།།
གཡང་ལ་ལྷུང་བའི་དཔའ་བོའི་རལ་གྲི་དེ་འཚོལ་དགོས།།
ཕྲེད་དུ་གཏུབ་པའི་མཛེས་མིའེ་ལན་བུ་དེ་འཚོལ་དགོས།།
མེ་ལ་བསྲེགས་པའི་མཁས་པའི་གླེགས་བམ་དེ་འཚོལ་དགོས།།
ས་རུ་ཟེགས་པའི་ཕྱུག་པོའི་ཐང་མ་དེ་འཚོལ་དགོས།།
བྲང་ལ་དམད་པའི་བཙན་རྒོད་དབུ་འཕང་དེ་འཚོལ་དགོས།།
བག་ལ་ཞ་བའི་སྤྱང་གྲུང་བློ་རྩེ་དེ་འཚོལ་དགོས།།
ཁོང་དུ་འཁུམས་པའི་དཔའ་བོའི་སྙིང་ཁམས་དེ་འཚོལ་དགོས།།
དུར་དུ་སྦས་པའི་དང་པོའི་དམ་བཅའ་དེ་འཚོལ་དགོས།།
འབྲོང་ཁྱུ་སྨུག་པོ་སྟོད་ཀྱི་རྫ་ལུང་ནས་འཚོལ་དགོས།།
ཁྲུང་ཁྲུང་དཀར་མོ་སྨད་ཀྱི་ན་ལུང་ནས་འཚོལ་དགོས།།
གཙོད་ཕོ་རྭ་རིང་ཉིན་གྱི་སྤང་ལུང་ནས་འཚོལ་དགོས།།
གླ་བ་རོག་པོ་སྲིབ་ཀྱི་ཤོང་ལུང་ནས་འཚོལ་དགོས།།
ནགས་ཀྱི་ལྗོན་པ་སྐེ་ནས་བརྩེ་མེད་དུ་བྲེག་ཚུལ།།
སྨན་གྱི་རྩི་ཤིང་རྩ་ནས་བག་མེད་དུ་བཏུས་ཚུལ།།
སྤང་གི་ཁ་ཤུན་མཚམས་ནས་འཛེམ་མེད་་དུ་བཀོག་ཚུལ།།
གཏེར་གྱི་བང་མཛོད་འོག་ནས་ངོམས་མེད་དུ་བྲུས་ཚུལ།།
ཕུ་ཡི་འབྲོག་པའི་རི་ཆེན་ཁ་བ་ཡིས་མནན་ཚུལ།།
མདའ་ཡི་རོང་བའི་ཞིང་ཆེན་ཐན་པ་ཡིས་བསྐམས་ཚུལ།།
བར་གྱི་འདྲེས་མིའི་ཐང་ཆེན་བྱེ་མ་ཡིས་བཀབ་ཚུལ།།
གཞུང་གི་ཀུན་འདུས་ཆུ་ཆེན་གྲམ་པ་རུ་ཐིམ་ཚུལ།།
མགོ་སྟོང་ཀླད་མེད་ཅོལ་ཆུང་གཡམ་རྒྱུག་གི་སྤྱོད་པས།།
མགོ་རུས་འཇོག་སའི་སྣོད་ཀྱི་ཁོར་ཡུག་དེ་བརླགས་ཤིང༌།།
མགོ་བོ་འཐོམ་ནས་བཅུད་ཀྱི་སེམས་ཅན་ཡང་སྨྱོས་ཚུལ།།
མགོ་ནས་བཟུང་སྟེ་ད་དུང་མུ་མཐུད་དུ་འཚོལ་དགོས།།
ཕྱི་ཡི་ལ་རྒྱ་རྐང་བའི་རྡོ་འོག་ཏུ་མནན་ཚུལ།།
ནང་གི་འཁོན་སྡང་ཁྲག་གི་འདམ་རྫབ་ཏུ་བརྫིས་ཚུལ།།
སྤྱི་ཡི་ཇུས་ཆེན་ཁ་ལ་དུང་ཆེན་བཞིན་ཐོག་ཚུལ།།
སྒེར་གྱི་ཞེ་འདོད་ཁོག་ན་སྦྲུལ་ནག་བཞིན་འཁྱུག་ཚུལ།།
ཕ་ཤུལ་བུ་ཡིས་བཟུང་ནས་ཕ་སྲོལ་དེ་སྤངས་ཚུལ།།
མ་འོ་ཁ་ཡིས་ནུ་བཞིན་མ་སྐད་དེ་དོར་ཚུལ།།
ཆོས་གོས་ལུས་ལ་བགོས་ཏེ་ཆོས་སྤངས་ལ་སྤྱོད་ཚུལ།།
རང་རིགས་དཔོན་ལ་བསྐོས་པ་རང་མི་ལ་སྡང་ཚུལ།།
དགོས་པའི་ཡོན་ཏན་གླེན་རྟགས་ཨུ་ཚུགས་ཀྱིས་བཀག་ཚུལ།།
མི་དགོས་ཉེས་མཚང་ལྐོག་ལྐོག་སུད་སུད་ཀྱིས་བསླབ་ཚུལ།།
གཏན་གྱི་འདུན་མ་འུར་གྱི་གྱི་རླུང་ཁ་ལ་བསྐྱོན་ཚུལ།།
འཕྲལ་གྱི་དོན་ཆོད་ངོ་ལྐོག་སྤྲེལ་ལད་དེ་འཁྲབ་ཚུལ།།
ད་དུང་འཚོལ་དགོས་སྲིད་པ་འུར་ཟིང་གིས་ཁེངས་ཏེ།།
ཅི་ཡང་གཏད་སོ་བྲལ་བའི་དྲན་པ་དེ་འཚོལ་དགོས།།
ཚོང་དང་བུན་གྱི་ཆང་དུ་ཡུན་རིང་དུ་སྦངས་པའི།།
ར་རོར་གྱུར་པའི་དུས་ཀྱི་བླ་སྲོག་དེ་འཚོལ་དགོས།།
རྒྱ་ཆེན་དངོས་པོའི་འདོད་ཡོན་ཧབ་ཐོབ་ཀྱི་བར་ནས།།
ཤེས་རྒྱུད་སེམས་ཀྱི་གཤིས་ཀ་འཆོས་ཐབས་ཤིག་འཚོལ་དགོས།།
ཟོལ་ཟོག་བཅོས་མའི་པགས་པས་རིམ་གསུམ་དུ་བཏུམ་པའི།།
མ་བཅོས་བབ་ཀྱིས་གནས་པའི་བྱིས་བློ་དེ་འཚོལ་དགོས།།
སྒྲ་ཚད་གསོ་བཟོ་ནང་དོན་གནས་ལྔ་ཡི་རིག་པའི།།
ཐུན་མིན་ངོམ་སོ་ཕེར་བའི་སྙིང་བཅུད་དེ་འཚོལ་དགོས།།
སྙན་ངག་མངོན་བརྗོད་སྡེབ་སྦྱོར་ཟློས་གར་གྱི་གཞུང་ལས།།
དུས་ཀྱི་འཕར་རྩ་ལྡང་བའི་ཚེ་སྲོག་དེ་འཚོལ་དགོས།།
ཀུན་རིག་བཅོས་སུ་རུང་བ་སེམས་གཤིས་ཀྱི་རྒྱུད་ལ།།
སྒྱུ་རྩལ་རིག་པའི་བག་ཆགས་སློང་ཚུལ་དེ་འཚོལ་དགོས།།
རྐང་གཉིས་འགྲོ་བའི་ཁྱད་ཆོས་བརྡ་སྤྲོད་ཀྱི་ལམ་ནས།།
ཟབ་གསང་ངག་གི་རིག་པའི་རྒྱལ་ཁམས་དེ་འཚོལ་དགོས།།
རང་རིགས་སྨྲ་བརྗོད་བྱང་བའི་བརྡ་སྐད་ཀྱི་ལམ་ནས།།
བརྗོད་སྟངས་མུན་མོང་མིན་པའི་ངོ་མཚར་དེ་འཚོལ་དགོས།།
གཞན་རིགས་ཕྱི་ནང་སྒྲ་ཡི་རིག་པ་ཀློང་ནས།།
ཁྱད་ཐོན་རང་ལ་མེད་པིའེ་མཚོན་སྟངསད་དེ་འཚོལ་དགོས།།
སྣང་སྲིད་དཔེར་སྟོན་སྲོལ་རྒྱུན་ཕྱག་ལེན་གྱི་ཆོ་གས།།
སྣོད་བཅུད་རགས་པའི་བརྗིད་ཉམས་ངོམ་ཚུལ་དེ་འཚོལ་དགོས།།
རྣམ་བཞག་རྒྱ་གྲོལ་ཡེ་བབ་ཤུགས་འབྱུང་གི་འགྲོས་ཀྱིས།།
ཐ་དད་ཀུན་རྟོག་ཕྲ་མོའི་མཚོན་ལུགས་དེ་འཚོལ་དགོས།།
ད་དུང་འཚོལ་དགོས་རིང་ནས་བོར་བ་དག་འཚོལ་དགོས།།
ཨོ་རྒྱན་ཆེན་པོའི་གཏེར་གྱི་ཁ་བྱང་དེ་འཚོལ་དགོས།།
འུ་དུམ་བཙན་པོའི་མདའ་ཁའི་འགྱོད་ཚིག་དེ་འཚོལ་དགོས།།
སློབ་དཔོན་ཐོན་མིའི་ཕྱི་མ་གཞུང་དྲུག་དེ་འཚོལ་དགོས།།
ཁྱུང་པོ་སྤུང་ཟད་ཟི་ཙེའི་མཁྱེན་རབ་དེ་འཚོལ་དགོས།།
མི་ལ་བཞད་པའི་རྡོ་རྗེའི་བརྩོན་འགྲུས་དེ་འཚོལ་དགོས།།
མགར་ཆེན་བཙན་སྙ་ལྡོམ་བུའི་སྙིང་སྟོབས་དེ་འཚོལ་དགོས།།
སྡེ་སྲིད་བུདྡྷ་ས་རའི་བློ་གྲོས་དེ་འཚོལ་དགོས།།
རྒྱལ་ཁམས་གསར་བའི་ཆབ་སྲིད་གནས་སྟངས་དེ་འཚོལ་དགོས།།
སྒྲིག་རིམ་གསར་བའི་དཔལ་འབྱོར་འཕེལ་ལམ་དེ་འཚོལ་དགོས།།
དར་སྲོལ་གསར་བའི་རིག་གནས་ཁ་ཕྱོགས་དེ་འཚོལ་དགོས།།
མདུན་དུ་སྐྱོད་པའི་སྦས་ཤུགས་མཐུན་རྐྱེན་དེ་འཚོལ་དགོས།།
རྗེས་སུ་ལུས་པའི་གབ་གནས་འགལ་རྐྱེན་དེ་འཚོལ་དགོས།།
གཞན་ལ་དར་བཞིན་འཕྱར་བྱའི་དགེ་མཚན་དེ་འཚོལ་དགོས།།
རང་གིས་དུག་བཞིན་འཛེམ་བྱའི་ཉེས་མཚང་དེ་འཚོལ་དགོས།།
ཀུན་སློང་དྲི་མ་བྲལ་བའི་སེམས་གཤིས་དེ་འཚོལ་དགོས།།
ཀུན་སྤྱོད་གཡོ་སྒྱུ་མེད་པའི་ངང་རྒྱུད་དེ་འཚོལ་དགོས།།
ཀུན་ཕན་ཞི་བདེར་སྤྱོད་པའི་སེམས་བསྐྱེད་དེ་འཚོལ་དགོས།།
ཀུ་འགྲོ་སེམས་རྒྱུད་འདུལ་བའི་མན་ངག་དེ་འཚོལ་དགོས།།
འཕྲལ་མཁོ་འདོད་ཡོན་སྤེལ་བྱེད་སྒྱུ་ཐབས་ཀྱི་ཆོས་དང༌།།
གཏན་འཚོ་མི་གྲལ་འཛིན་ཐབས་དབྱེ་བ་དེ་འཚོལ་དགོས།།
ད་ལྟ་རང་ལ་བབས་པའི་ལོངས་སྤྱོད་ཀྱི་ནོར་དང༌།།
མ་འོངས་བུ་ཚའི་སྐལ་བའི་སོ་མཚམས་དེ་འཚོལ་དགོས།།
ཟབ་ཡངས་ཤེས་རིག་ནོར་བུའི་སྙིང་བོ་ལ་བརྟེན་ནས།།
གཞན་རྒྱུད་དབང་དུ་བསྡུ་བའི་གསང་ཇུས་དེ་འཚོལ་དགོས།།
སྟབས་བདེ་ལོངས་སྤྱོད་སྤེལ་བ་རྫས་འཕྲུལ་གྱི་སྦྱོར་བས།།
སྲིད་འབྱོར་མི་རྗེ་ཆོད་པའི་ཉེ་ལམ་དེ་འཚོལ་དགོས།།
ཤེས་རིག་གསང་བ་སྟོང་གི་ཕ་མཐའ་ན་འགྲེང་བའི།།
གནའ་བོའི་ཟུར་གསུམ་བང་སོའིརྔམས་ཚད་དེ་འཚོལ་དགོས།།
ཚད་ལྡན་གཞུང་ལུགས་ཁྲི་ཡི་མས་སྣེ་ནས་རྙེད་པའི།།
དེང་རབས་ཚད་རྡུལ་སྨྲ་བའི་ཟབ་ཚད་དེ་འཚོལ་དགོས།།
ཟླ་བ་མཁའ་རུ་འཕགས་པའི་གཟིགས་མོ་ཡི་ཀློང་ནས།།
དཔོག་ཤེས་བསམ་གཞིགས་རིང་མོས་རྙེད་དོན་དེ་འཚོལ་དགོས།།
སིལ་ཏོག་ས་རུ་བྲུལ་བའི་བློ་སྐྱེད་ལས་ཐོན་པའི།།
སིམ་ཉིའི་མདུད་པ་སྟོང་གི་གྲོལ་མཚམས་དེ་འཚོལ་དགོས།།
ཁྲག་གི་རྒྱ་མཚོ་འཕྱུར་བའི་རླབས་རྩེ་ནས་འཕུར་བའི།།
ཕུག་རོན་དཀར་མོའི་མགྲིན་གྱི་གསང་འཕྲིན་དེ་འཚོལ་དགོས།།
ཞི་བདེ་ལྷིང་འཇགས་ཁུགས་པའི་ཀློང་དབྱིངས་ན་བཞེངས་པའི།།
རང་དབང་ལྷ་མོའི་མཚོན་ཆའི་དབུ་རྒྱན་དེ་འཚོལ་དགོས།།
ད་དུང་འཚོལ་དགོས་ཐམས་ཅད་ཐམས་ཅད་དེ་འཚོལ་དགོས།།
ཉི་མའི་མ་ལག་སྐར་མའི་མགྲོན་པོ་དེ་འཚོལ་དགོས།།
རྫས་ཀྱི་སྐྱེས་བུ་གློག་གི་ཀླད་པ་དེ་འཚོལ་དགོས།།
འདྲེས་མའི་སྲོག་ཆགས་དཔར་མའི་སེམས་ཅན་དེ་འཚོལ་དགོས།།
ཁྱད་པར་འཚོལ་དགོས་སྲིད་པ་བན་བུན་གྱི་ཀློང་ནས།།
གཏོལ་མེད་གཏད་སོ་བྲལ་བའི་ལས་དབང་དེ་འཚོལ་དགོས།།
ལས་དབང་དེ་ལས་བརྐྱངས་པའི་ལམ་བུ་དེ་འཚོལ་དགོས།།
ལམ་བུ་དེ་ལ་ཞེན་པའི་ལས་བབས་དེ་འཚོལ་དགོས།།
ལྷག་བསམ་བླ་མེད་ཤ་པགས་གཏིང་་རིམ་ནས་འཚོལ་དགོས།།
བརྩེ་དུང་རྣམ་དག་ཁྲག་གི་འབབ་རྒྱུན་ལས་འཚོལ་དགོས།།
འཚོ་བའི་དགའ་དུང་སྙིང་གི་འཕར་ལྡིང་ལས་འཚོལ་དགོས།།
རིགས་ཀྱི་ཤ་ཞེན་རུས་པའི་ཁོང་གསེང་ནས་འཚོལ་དགོས།།
སྔ་གསལ་ཕྱི་མཐའ་གསལ་བའི་ཤེས་རབ་ཀྱིས་འཚོལ་དགོས།།
ཤ་ཐང་རྔུལ་ནག་འབབ་པའི་བརྩོན་འགྲུས་ཀྱིས་འཚོལ་དགོས།།
ཉི་ཟླ་ཕྲག་པར་ལེན་པའི་མགོ་འཕང་གིས་འཚོལ་དགོས།།
རི་རབ་འཚོག་པོར་འཕེན་པའི་སྟོབས་ཤུགས་ཀྱིས་འཚོལ་དགོས།།
མིག་ཆུ་ཤམ་ཤམ་འབབ་པའི་དགའ་གདུང་གིས་འཚོལ་དགོས།།
ཨམ་གཙིགས་སོ་ཡིས་བསྡམས་པའི་ཞེ་རུས་ཀྱིས་འཚོལ་དགོས།།
ཆགས་སྡང་སེམས་ཁ་འཆོལ་བའི་འོ་དོད་ཀྱིས་འཚོལ་དགོས།།
ཤ་ཁྲག་དམར་མཆོད་བྱེད་པའི་བཟོད་བསྲན་གྱིས་འཚོལ་དགོས།།
རྙེད་ན་དགའ་སྟེ་མ་རྙེད་གྱུར་ནའང་རུང་གི།།
བབས་ན་ཅི་སྨྲ་མ་བབས་གྱུར་ནའང་འདྲ་སྟེ།།
མི་རབས་གཅིག་གི་འཚོལ་བྱ་དམིགས་འདུན་དུ་བྱས་ནས།།
གླེན་འཚོལ་མཐའ་སྐྱེལ་བྱེད་པའི་སེམས་པ་དེ་མི་ལྡོག།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ །

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ་ཚོས་ཡང་སྙིང་ཅི་ཞིག་འཚོལ།

2010-08-31 འཇུ་སྐལ་བཟང༌། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།