སྲོང་བཙན་སྒམ་པོ།

ལྕང་སྐྱ་དགེ་འདུན་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-30

ལྷ་ཡི་འཕྲུལ་ལ་རྒྱལ་བོའི་གཟུགས་ཀྱིས་གནམ་གྱི་བུ་ཡང་འདར་བར་བྱས།།
སུམ་གཉིས་ས་ཡི་གོ་ལའི་ཁྱོན་ལ་མཛད་འཕྲིན་གསེར་གྱི་ཞགས་པ་བརྐྱངས།།
སེང་འབྲུག་གདོང་ལྔའི་ཁྲི་ལ་འགྱིང་སྟེ་མཐའ་བཞིར་གསེར་གྱི་ཟམ་པ་སྦྲེལ།།
ཐབས་ཇུས་གསེར་སྦྲམ་སྙིང་ལ་ སྲེལ་ཡང་མ་སྨད་སྙན་པ་མཁའ་ལ་འཁྱག།
རྨོངས་པའི་སྨག་རུམ་གཉིད་ལས་སློང་ལ་ཡི་གེ་འོད་ཀྱི་སྐྱ་རེངས་དྲངས།།
ཆོས་ཉིད་ཉི་ཟླའི་མིག་ཟུང་འཚོལ་ལ་ཐོན་མགར་སྟག་སེང་གྲོགས་སུ་སྦྲན།།
རྒྱ་བལ་བཟའ་ཡི་སྲས་མོ་དྲངས་ཏེ་ཞི་བདེའི་ལག་གདང་ཕྱི་ལ་བཅིངས།།
གདོང་དམར་དམག་གི་ཀི་སྒྲ་ཙམ་གྱིས་གོ་ལ་འདར་ཞེས་ལྷ་རྣམས་གླེང༌།།
ཇོ་ཤཱཀྱ་རྣམ་གཉིས་ལྗོངས་འདིར་དྲངས་ནས་བདེ་སྐྱིད་ལྷ་དང་མཉམ་པར་བྱས།།
ངོ་མཚར་འཕྲུལ་གྱི་རྩེད་འཇོ་ལ་བརྟེན་རྒྱུ་སྐར་གྲངས་ཀྱི་རྟེན་གསུམ་བཞེངས།།
མི་ཡི་ཡུལ་ལ་ལྷ་ཡི་འཕྲུལ་འདིར་སྲིད་གསུམ་སྐྱེ་འགྲོ་ཧད་དེ་བལྟ།།
མ་རུངས་དམུ་རྒོད་མཇིང་བ་གཅུན་ལ་དུས་གཟུགས་གསེར་གྱི་གཉའ་ཤིང་འཕངས།།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲོང་བཙན་སྒམ་པོ།

2010-08-30 ལྕང་སྐྱ་དགེ་འདུན་བཀྲ་ཤིས། ཀློག་གྲངས། མཆན ཡོད།

ལྷ་ཡི་འཕྲུལ་ལ་རྒྱལ་བོའི་གཟུགས་ཀྱིས་གནམ་གྱི་བུ་ཡང་འདར་བར་བྱས།།
སུམ་གཉིས་ས་ཡི་གོ་ལའི་ཁྱོན་ལ་མཛད་འཕྲིན་གསེར་གྱི་ཞགས་པ་བརྐྱངས།།
སེང་འབྲུག་གདོང་ལྔའི་ཁྲི་ལ་འགྱིང་སྟེ་མཐའ་བཞིར་གསེར་གྱི་ཟམ་པ་སྦྲེལ།།
ཐབས་ཇུས་གསེར་སྦྲམ་སྙིང་ལ་ སྲེལ་ཡང་མ་སྨད་སྙན་པ་མཁའ་ལ་འཁྱག།
རྨོངས་པའི་སྨག་རུམ་གཉིད་ལས་སློང་ལ་ཡི་གེ་འོད་ཀྱི་སྐྱ་རེངས་དྲངས།།
ཆོས་ཉིད་ཉི་ཟླའི་མིག་ཟུང་འཚོལ་ལ་ཐོན་མགར་སྟག་སེང་གྲོགས་སུ་སྦྲན།།
རྒྱ་བལ་བཟའ་ཡི་སྲས་མོ་དྲངས་ཏེ་ཞི་བདེའི་ལག་གདང་ཕྱི་ལ་བཅིངས།།
གདོང་དམར་དམག་གི་ཀི་སྒྲ་ཙམ་གྱིས་གོ་ལ་འདར་ཞེས་ལྷ་རྣམས་གླེང༌།།
ཇོ་ཤཱཀྱ་རྣམ་གཉིས་ལྗོངས་འདིར་དྲངས་ནས་བདེ་སྐྱིད་ལྷ་དང་མཉམ་པར་བྱས།།
ངོ་མཚར་འཕྲུལ་གྱི་རྩེད་འཇོ་ལ་བརྟེན་རྒྱུ་སྐར་གྲངས་ཀྱི་རྟེན་གསུམ་བཞེངས།།
མི་ཡི་ཡུལ་ལ་ལྷ་ཡི་འཕྲུལ་འདིར་སྲིད་གསུམ་སྐྱེ་འགྲོ་ཧད་དེ་བལྟ།།
མ་རུངས་དམུ་རྒོད་མཇིང་བ་གཅུན་ལ་དུས་གཟུགས་གསེར་གྱི་གཉའ་ཤིང་འཕངས།།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།