རིག་བྱེད་འདབ་ལོ་བཞི་པ།

                    ༼ཆུ་ལེན་བུ་མོ།༽
ན་ཆུང་བུ་མོ་སྐྱོད་པའི་ལྡེམ་འགྲོས་ཀྱིས།།
རྩྭ་མགོའི་ཟིལ་བའི་མུ་ཏིག་ས་ལ་གཏོར།།
མགོ་བོ་སྒུར་ནས་ཐོམ་བུ་ཆུ་ལ་བརྐྱངས།།
རྒྱང་རིང་ཡུལ་ཕྱིན་སྙིང་ཐུབ་ཝ་ལེར་དྲན།།
                       ༼ཟུར་མིག༽
ལན་གཅིག་བཏབ་པས་དྲན་པ་འཐོར་བ་དང༌།།
ལུས་ལ་སྤུ་ལོང་དག་ཀྱང་ལྡང་བྱེད་པའི།།
འཛུམ་དཀར་རླབས་ཀྱིས་འཁྱུད་པའི་ན་ཆུང་མའི།།
འཁྱོག་པོའི་ཟུར་མིག་འདི་ལ་སྙིང་རྗེ་བྲལ།།
                         ༼སྟོན་ཀ༽
ལོ་མ་སེར་ཞིང་རྩྭ་སྐྱ་རླུང་གིས་ཁུར།།
གྲོང་ཚོའི་མི་རྣམས་གཡུལ་གཅོག་ལས་ལ་བྲེལ།།
ཕྱགས་མ་ལག་ཏུ་འཕྱར་བའི་གཞོན་ནུ་མའི།།
སྐྲ་ལོའི་གསེབ་ཏུ་ནས་འབྲུ་གྲངས་མེད་འཐོར།།
                     ༼ སྙན་ངག༽
སྣང་སྲིད་སྒྱུ་མའི་རླུང་བུ་དར་དྲགས་པས།།
ཡིད་ཀྱི་ཆགས་སྡང་དྲག་ཏུ་གཡོ་བའི་རླབས།།
མཁའ་ལ་འཕྱོ་བའི་འགྱུར་ཁུགས་རེ་རེ་ཡིས།།
འགྲོ་ཀུན་དགའ་སྐྱོའི་མཚོ་མོའི་ངོགས་སུ་ཁྲིད།།
                                       ༡༩༩༤. ༦. ༡༧རོང་བོ།

རྩོམ་ཁུངས། ཀུ་ཤུ་དམར་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རིག་བྱེད་འདབ་ལོ་བཞི་པ།

2010-08-30 ལྡོང་ཆུ་ཤེལ། ཀློག་གྲངས། མཆན ཡོད།

                    ༼ཆུ་ལེན་བུ་མོ།༽
ན་ཆུང་བུ་མོ་སྐྱོད་པའི་ལྡེམ་འགྲོས་ཀྱིས།།
རྩྭ་མགོའི་ཟིལ་བའི་མུ་ཏིག་ས་ལ་གཏོར།།
མགོ་བོ་སྒུར་ནས་ཐོམ་བུ་ཆུ་ལ་བརྐྱངས།།
རྒྱང་རིང་ཡུལ་ཕྱིན་སྙིང་ཐུབ་ཝ་ལེར་དྲན།།
                       ༼ཟུར་མིག༽
ལན་གཅིག་བཏབ་པས་དྲན་པ་འཐོར་བ་དང༌།།
ལུས་ལ་སྤུ་ལོང་དག་ཀྱང་ལྡང་བྱེད་པའི།།
འཛུམ་དཀར་རླབས་ཀྱིས་འཁྱུད་པའི་ན་ཆུང་མའི།།
འཁྱོག་པོའི་ཟུར་མིག་འདི་ལ་སྙིང་རྗེ་བྲལ།།
                         ༼སྟོན་ཀ༽
ལོ་མ་སེར་ཞིང་རྩྭ་སྐྱ་རླུང་གིས་ཁུར།།
གྲོང་ཚོའི་མི་རྣམས་གཡུལ་གཅོག་ལས་ལ་བྲེལ།།
ཕྱགས་མ་ལག་ཏུ་འཕྱར་བའི་གཞོན་ནུ་མའི།།
སྐྲ་ལོའི་གསེབ་ཏུ་ནས་འབྲུ་གྲངས་མེད་འཐོར།།
                     ༼ སྙན་ངག༽
སྣང་སྲིད་སྒྱུ་མའི་རླུང་བུ་དར་དྲགས་པས།།
ཡིད་ཀྱི་ཆགས་སྡང་དྲག་ཏུ་གཡོ་བའི་རླབས།།
མཁའ་ལ་འཕྱོ་བའི་འགྱུར་ཁུགས་རེ་རེ་ཡིས།།
འགྲོ་ཀུན་དགའ་སྐྱོའི་མཚོ་མོའི་ངོགས་སུ་ཁྲིད།།
                                       ༡༩༩༤. ༦. ༡༧རོང་བོ།

རྩོམ་ཁུངས། ཀུ་ཤུ་དམར་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།