འབོད་པའི་དབྱངས་རྟ།

གཟི་བྱིན་ཉི་ཟླ་ལ་སྙེམས་པའི།།
དབེན་གསུམ་གཙུག་ལག་གི་འདབས་ནས།།
རེ་བའི་གཤོག་ཟུང་གི་ཟློས་གར།།
བཅུ་ཕྲག་མེ་ཏོག་གིས་བརྒྱན་པའི།།
རིག་པའི་གླིང་ཀ་ལ་བསྒྱུར་ཚེ།།
དྲི་མེད་ཀུན་རྟོག་གི་ངོས་ལ།།
མེ་ཏོག་གང་བུ་ཞིག་ཆགས་འདུག།

ལེགས་བཤད་རི་མོ་ཡི་འཁྱིག་འགྲོས།།
ཞོགས་པའི་ཉི་ཟེར་དང་འགྲོགས་ནས།།
བློ་ལ་ངེས་ངེས་ཤིག་བྱེད་དུས།།
མཛའ་བཤེས་རི་དྭགས་གང་རྔོན་ནས།།
དུངས་སེམས་རྒྱུདསྐུད་ལས་ཤོར་བ།།
བཟོད་མེད་ཟུར་མིག་གིམདའ་མོ།།
སྙིང་གི་དཀྱིལ་དབུས་སུ་ཟུག་སོང༌།།

མྱོས་བྱེད་ལང་ཚོ་ཡི་མེ་ཏོག།
རབ་རྒྱས་ལྷུག་ལྷུག་ཏུ་དགོད་པའི།།
དྲི་ཟའི་ན་ཆུང་གི་ཚལ་ན།།
འཇོ་སྒེག་ཉམས་འགྱུར་གྱིས་ཕྱུག་པ།།
བརྩེ་བའི་སྒོ་གླེགས་དེ་ཕྱེས་དང༌།།
སྙིང་གཏམ་མུ་ཏིག་གི་ཕྲེང་བ།།
མཛེས་པའི་རྒྱན་ཆ་རུ་འབུལ་འདོད།།

ནོར་མེད་དབུལ་མོ་རེད་མ་བསམ།།
བརྩེ་འདང་དངུལ་དཀར་གྱི་བུམ་པ།།
ཕྱི་ཐག་དར་ཚོན་གྱིས་སྦྲེལ་ཏེ།།
བྱམས་བརྩེའི་ནོར་བུ་ཡིས་གང་ཡོད།།
ཞེ་སེམས་ལྷོད་ལྷོད་ཀྱི་ངང་དུ།།
དུངས་ཀའི་མཛུབ་རྩེ་ལས་ཤོར་བའི།།
ངག་གི་དབྱངས་རྟ་ལ་གསན་ཆོག།

མཐུན་པའི་དར་སྐུད་ཀྱི་སྣེ་མོ།།
དགའ་བའི་རྐང་སྟེགས་ལས་འཕོས་དང༌།།
སྟོང་བའི་རྨི་ལམ་ལ་འབྱམས་པའི།།
འཁོར་སྒྱུ་དབང་ཐང་གིས་བྲལ་ཡང༌།།
མ་བསླད་འགྱུར་མེད་ཀྱི་གཤིས་ལ།།
མཛའ་བ་ལྷོད་མེད་ཅིག་ཡིན་པས།།
འཚོ་བ་སྐྱིད་སྣང་གིས་བཞེངས་ཆོག།

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབོད་པའི་དབྱངས་རྟ།

2010-08-29 གཟི། ཀློག་གྲངས། མཆན ཡོད།

གཟི་བྱིན་ཉི་ཟླ་ལ་སྙེམས་པའི།།
དབེན་གསུམ་གཙུག་ལག་གི་འདབས་ནས།།
རེ་བའི་གཤོག་ཟུང་གི་ཟློས་གར།།
བཅུ་ཕྲག་མེ་ཏོག་གིས་བརྒྱན་པའི།།
རིག་པའི་གླིང་ཀ་ལ་བསྒྱུར་ཚེ།།
དྲི་མེད་ཀུན་རྟོག་གི་ངོས་ལ།།
མེ་ཏོག་གང་བུ་ཞིག་ཆགས་འདུག།

ལེགས་བཤད་རི་མོ་ཡི་འཁྱིག་འགྲོས།།
ཞོགས་པའི་ཉི་ཟེར་དང་འགྲོགས་ནས།།
བློ་ལ་ངེས་ངེས་ཤིག་བྱེད་དུས།།
མཛའ་བཤེས་རི་དྭགས་གང་རྔོན་ནས།།
དུངས་སེམས་རྒྱུདསྐུད་ལས་ཤོར་བ།།
བཟོད་མེད་ཟུར་མིག་གིམདའ་མོ།།
སྙིང་གི་དཀྱིལ་དབུས་སུ་ཟུག་སོང༌།།

མྱོས་བྱེད་ལང་ཚོ་ཡི་མེ་ཏོག།
རབ་རྒྱས་ལྷུག་ལྷུག་ཏུ་དགོད་པའི།།
དྲི་ཟའི་ན་ཆུང་གི་ཚལ་ན།།
འཇོ་སྒེག་ཉམས་འགྱུར་གྱིས་ཕྱུག་པ།།
བརྩེ་བའི་སྒོ་གླེགས་དེ་ཕྱེས་དང༌།།
སྙིང་གཏམ་མུ་ཏིག་གི་ཕྲེང་བ།།
མཛེས་པའི་རྒྱན་ཆ་རུ་འབུལ་འདོད།།

ནོར་མེད་དབུལ་མོ་རེད་མ་བསམ།།
བརྩེ་འདང་དངུལ་དཀར་གྱི་བུམ་པ།།
ཕྱི་ཐག་དར་ཚོན་གྱིས་སྦྲེལ་ཏེ།།
བྱམས་བརྩེའི་ནོར་བུ་ཡིས་གང་ཡོད།།
ཞེ་སེམས་ལྷོད་ལྷོད་ཀྱི་ངང་དུ།།
དུངས་ཀའི་མཛུབ་རྩེ་ལས་ཤོར་བའི།།
ངག་གི་དབྱངས་རྟ་ལ་གསན་ཆོག།

མཐུན་པའི་དར་སྐུད་ཀྱི་སྣེ་མོ།།
དགའ་བའི་རྐང་སྟེགས་ལས་འཕོས་དང༌།།
སྟོང་བའི་རྨི་ལམ་ལ་འབྱམས་པའི།།
འཁོར་སྒྱུ་དབང་ཐང་གིས་བྲལ་ཡང༌།།
མ་བསླད་འགྱུར་མེད་ཀྱི་གཤིས་ལ།།
མཛའ་བ་ལྷོད་མེད་ཅིག་ཡིན་པས།།
འཚོ་བ་སྐྱིད་སྣང་གིས་བཞེངས་ཆོག།

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།