སེམས་འགྱུ་ལས་བཞུར་བའི་གདངས་འགྲོས།

གཙང་སྐྱེས་རོལ་དབྱངས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-29

གཡི་མདོག་ལང་ཚོ་སྣུམ་པོ་ཡི།།
རྣམ་པར་ཕྱུག་པའི་ལྕུག་ཕྲན་རྩེར།།
དལ་གྱིས་ལྡེམ་པའི་ཁུ་བྱུག་གི།
མགྲིན་པའི་འགྱུར་ཁུགས་དབྱིངས་སུ་འཕྱོ།།

སྤྲིན་དཀར་འཕྱུར་བའི་རླབས་རྩེ་ནས།།
དལ་གྱིས་འཇོ་བའི་སྦྲང་ཆར་རྒྱུན།།
ས་རུ་ཟགས་པ་ཕྱིར་དགོས་ཞེས།།
འཇའ་ཚོནལག་པ་ས་གཞིར་བསྲིངས།།

བསུང་ཞིམ་འཁྱིལ་བའི་བར་སྣང་དུ།།
བསིལ་རླུང་དལ་བུར་ལྡང་བ་ན།།
ག་བུར་སྤྲོས་ཀྱི་རྗེས་འགྲོའི་དྲིས།།
ཡིད་ལ་དགའ་བ་འཇོ་བར་བྱེད།།

འཇམ་མཉེན་ཆུ་སྐྱེས་འདབ་མིའེ་ཁྲིར།།
ཅི་དགར་བབས་པའི་གསེར་སྦྲང་ཁྱུས།།
དཀར་དམར་ཟེའུ་འབྲུར་འོ་བྱས་པས།།
ཀུ་མུད་ངོ་ཚས་ཟིམ་པར་གྱུར།།

སྔོ་མེར་འཁྱིལ་བའི་དྭངས་གཙང་མཚོར།།
གསེར་མིག་འཁྱུག་པའི་གཤོག་རྩེ་ཡིས།།
སྒྱུ་འཕྲུལ་གར་སྟབས་སྒྱུར་བ་ན།།
ཆུ་གཉེར་རི་མོ་ཤིག་ཤིག་གཡོ།།

སྔོ་ལྗང་རྩྭ་ཡི་རླབས་རྩེ་རུ།།
ཅི་དགར་འཕྱོ་བའི་ཕྱུགས་ཀྱི་ཁྱུས།།
རྨིག་པས་འཛིན་མ་རྡུང་བའི་སྒྲས།།
ལྷ་ཡི་རྔ་ལ་སྐྱེངས་པ་སྟེར།།

རྫི་བོ་ཕོ་མོའི་སྙན་འཇེབས་གླུ།།
སྤྲིན་དཀར་འཕྱུར་བའི་བར་གསེང་ནས།།
སིང་སིང་བཞུར་བའི་གདངས་འགྲོས་ཀྱིས།།
ཁུ་བྱུག་ཞལ་ལ་དམར་མདངས་བྱིན།།

རྟ་མཆོག་མཆོངས་འགྲོས་རྨིག་རྗེས་སུ།།
མེ་ཏོག་མཆོད་པའི་ནོར་འཛིན་མའི།།
དཔལ་དུ་ལྷུང་བའི་མཐིང་སྨུག་སྦྲས།།
དུད་སྤྲིན་རྨུ་ཐག་མཁའ་རུ་འཐེན།།

སྒྱུ་རྩལ་སོར་མོའི་རྩེད་འཇོ་ལས།།
འོ་མ་བཞུར་བའི་ཤག་སྒྲ་དང༌།།
བཞོ་གླུ་འགུགས་པའི་གདངས་དབྱངས་ཀྱིས།།
མཚམས་སྤྲིན་གསར་བ་མགྲོན་དུ་བསུ།།

སྙན་པ་རྒྱ་མཚོའི་རླབས་ཀྱི་རྒྱུན།།
སྲིད་ན་ཤུགས་ཀྱིས་འཕྱོ་བ་ཡི།།
ཤེས་རིག་འོད་ཀྱི་ཞིང་ཁམས་ནས།།
སེམས་ཀྱི་འགྱུ་བ་རི་མོར་བྲིས།།

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་འགྱུ་ལས་བཞུར་བའི་གདངས་འགྲོས།

2010-08-29 གཙང་སྐྱེས་རོལ་དབྱངས། ཀློག་གྲངས། མཆན ཡོད།

གཡི་མདོག་ལང་ཚོ་སྣུམ་པོ་ཡི།།
རྣམ་པར་ཕྱུག་པའི་ལྕུག་ཕྲན་རྩེར།།
དལ་གྱིས་ལྡེམ་པའི་ཁུ་བྱུག་གི།
མགྲིན་པའི་འགྱུར་ཁུགས་དབྱིངས་སུ་འཕྱོ།།

སྤྲིན་དཀར་འཕྱུར་བའི་རླབས་རྩེ་ནས།།
དལ་གྱིས་འཇོ་བའི་སྦྲང་ཆར་རྒྱུན།།
ས་རུ་ཟགས་པ་ཕྱིར་དགོས་ཞེས།།
འཇའ་ཚོནལག་པ་ས་གཞིར་བསྲིངས།།

བསུང་ཞིམ་འཁྱིལ་བའི་བར་སྣང་དུ།།
བསིལ་རླུང་དལ་བུར་ལྡང་བ་ན།།
ག་བུར་སྤྲོས་ཀྱི་རྗེས་འགྲོའི་དྲིས།།
ཡིད་ལ་དགའ་བ་འཇོ་བར་བྱེད།།

འཇམ་མཉེན་ཆུ་སྐྱེས་འདབ་མིའེ་ཁྲིར།།
ཅི་དགར་བབས་པའི་གསེར་སྦྲང་ཁྱུས།།
དཀར་དམར་ཟེའུ་འབྲུར་འོ་བྱས་པས།།
ཀུ་མུད་ངོ་ཚས་ཟིམ་པར་གྱུར།།

སྔོ་མེར་འཁྱིལ་བའི་དྭངས་གཙང་མཚོར།།
གསེར་མིག་འཁྱུག་པའི་གཤོག་རྩེ་ཡིས།།
སྒྱུ་འཕྲུལ་གར་སྟབས་སྒྱུར་བ་ན།།
ཆུ་གཉེར་རི་མོ་ཤིག་ཤིག་གཡོ།།

སྔོ་ལྗང་རྩྭ་ཡི་རླབས་རྩེ་རུ།།
ཅི་དགར་འཕྱོ་བའི་ཕྱུགས་ཀྱི་ཁྱུས།།
རྨིག་པས་འཛིན་མ་རྡུང་བའི་སྒྲས།།
ལྷ་ཡི་རྔ་ལ་སྐྱེངས་པ་སྟེར།།

རྫི་བོ་ཕོ་མོའི་སྙན་འཇེབས་གླུ།།
སྤྲིན་དཀར་འཕྱུར་བའི་བར་གསེང་ནས།།
སིང་སིང་བཞུར་བའི་གདངས་འགྲོས་ཀྱིས།།
ཁུ་བྱུག་ཞལ་ལ་དམར་མདངས་བྱིན།།

རྟ་མཆོག་མཆོངས་འགྲོས་རྨིག་རྗེས་སུ།།
མེ་ཏོག་མཆོད་པའི་ནོར་འཛིན་མའི།།
དཔལ་དུ་ལྷུང་བའི་མཐིང་སྨུག་སྦྲས།།
དུད་སྤྲིན་རྨུ་ཐག་མཁའ་རུ་འཐེན།།

སྒྱུ་རྩལ་སོར་མོའི་རྩེད་འཇོ་ལས།།
འོ་མ་བཞུར་བའི་ཤག་སྒྲ་དང༌།།
བཞོ་གླུ་འགུགས་པའི་གདངས་དབྱངས་ཀྱིས།།
མཚམས་སྤྲིན་གསར་བ་མགྲོན་དུ་བསུ།།

སྙན་པ་རྒྱ་མཚོའི་རླབས་ཀྱི་རྒྱུན།།
སྲིད་ན་ཤུགས་ཀྱིས་འཕྱོ་བ་ཡི།།
ཤེས་རིག་འོད་ཀྱི་ཞིང་ཁམས་ནས།།
སེམས་ཀྱི་འགྱུ་བ་རི་མོར་བྲིས།།

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།