ཐོལ་བྱུང་སྙན་ཚིག་ཁག་བཅུ།

ཁ་མོ་སྨོན་ལམ་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-24

                       ༼ ར་ས་འཕྲུལ་སྣང༌།༽
བྱེད་པོས་པིར་བྲིས་ཁང་བཟང་ལྟ་ན་སྡུག།
ཇོ་སྐུ་སྐྱེ་རྒུའི་རྟེན་དུ་ལྷམ་མེར་བཞུགས།།
ནམ་ཡང་མཆོད་མཇལ་མུ་ཏོག་ཕྲེང་བ་བཞིན།།
ཆོས་རྒྱལ་ཐང་གི་སྲས་མོའི་བཀའ་དྲིན་དྲན།།
                          ༼པོ་ཏ་ལ།༽
གཟི་བྱིན་འོད་འབར་ཕོ་བྲང་པོ་ཏ་ལ།།
གནམ་འདེགས་ཀ་བ་བཞིན་དུ་གདུང་ལ་ཟུག།
ནང་དུ་རྟེན་གསུམ་བྱིན་ཆགས་ཚར་དུ་དངར།།
སྙིམ་པའི་པདྨོ་སྤྱི་བོའི་སྙེ་མར་དུད།།
                           ༼སེ་ར་དགོན།༽
ལྷ་ཁང་མེ་ཏོག་ཚོམ་བུ་བཞིན་དུ་བཀྲ།
རྒྱ་ཕིབས་གསེར་ཏོག་འོད་མདངས་ལམ་ལམ་འཚེར།།
དྲི་བཟང་སྤོས་དང་བསང་དུད་དགུང་ལ་མཆེད།།
སྡོམ་བརྩོན་ནོས་སྒྲས་དབྱར་གྱི་རྔ་གསང་ཕམ།།
                             ༼འབྲས་སྤུངས་དགོན།༽
མཆི་མེད་ཕོ་བྲང་གཟི་བྱིན་དཔལ་འཕྲོག་པའི།།
གཅིག་ལས་གཅིག་མཐོ་ཁང་བཟང་ཕན་ཚུན་འགྲན།།
ཚངས་སྤྱོད་རིག་སྨྲ་རྩོད་པའི་ཐལ་སྒྲ་ཡིས།།
ཕྱོགས་ཀྱི་བུ་མོའི་རྣ་བ་རིང་ནས་འགགས།།
                         ༼དགའ་ལྡན་དགོན་པ།༽
མཁས་པའི་གཙུག་རྒྱན་འཇམ་མགོན་བླ་མ་ཡིས།།
ཡུན་རིང་སྒྲུབ་པ་མཛད་པའི་ཞབས་རྗེས་གསལ།།
འཛམ་གླིང་རྒྱན་གཅིག་གསེར་གདུང་ཆེན་མོ་ཞེས།།
སྙན་པ་གོ་ལ་ཟླུམ་པོའི་ཁྱོན་ལ་གྲགས།།
                         ༼བཀྲ་ཤིས་ལྷུན་པོ་དགོན་པ།༽
ཆོལ་གསུམ་མཇལ་སྐོར་མུ་ཏིག་ཕྲེང་བཞིན་བསྟར།།
བསང་དུད་སྨོན་མོས་ཆུ་མཐོངས་ཀུན་ནས་བསྒྲིབས།།
རབ་མཐོ་བྱམས་ཆེན་ལྷ་ཁང་དགུང་ལ་རེག།
མཆོད་མེའི་འོད་ཀྱིས་མཚན་ཡང་ཉིན་ལྟར་གསལ།།
                            ༼བསམ་ཡས་དགོན།༽
མཆིམས་ཕུ་རི་བོར་སྤྲིན་སྔོན་ཐོར་ཅིག་བཅིངས།།
མཆོད་རྟེན་དཀར་པོས་གླིང་མཐའ་ཟླུམ་པོར་བསྐོར།།
སྤྲུལ་བའི་ཕོ་བྲང་དབུས་ན་མངོན་པར་མཐོ།།
མཁན་སློབ་ཆོས་གསུམ་ཕྱག་རྗེས་རི་མོ་གསལ།།
                           ༼ ས་སྐྱ་དགོན།༽
དཔལ་ལྡན་ས་སྐྱའི་སྙན་པ་ལྷ་ཡི་དར།།
དྲི་བྲལ་དཀར་པོ་ཁ་བའི་ལྗོངས་ན་གཡོ།།
གོང་མ་རྣམ་ལྔའི་མཛད་བཟང་རྨ་མེད་པ།།
ཆོལ་གསུམ་སྐྱེ་རྒུའི་སྙིང་ན་ད་དུང་གསལ།།
                               ༼ཞ་ལུ་དགོན།༽
དགོན་པའི་ཁོར་ཡུག་དག་གཙང་ལྟ་ན་སྡུག།
རབ་མཐོ་རྒྱ་ཕིབས་གཤེར་འོད་ལམ་ལམ་འཕྲོ།།
སྡོམ་བརྩོན་མང་པོས་ཆོས་སྒྲ་ལྷའི་རྔ་ཆེན།།
ཉིན་དང་མཚན་དུ་བར་མེད་ལྷང་ལྷང་སྒྲོག།
                        ༼དཔལ་ཆོས་དགོན།༽
དཔལ་འཁོར་མཆོད་རྟེན་སྙན་པའི་དོ་ཤལ་མཐོ།།
རྒྱལ་བའི་བྱིན་རྟེན་ཚན་ཁ་འབར་བ་མང༌།།
བང་རིམ་རེ་རེར་མཇལ་བ་དུ་མ་ཡིས།།
རང་རང་འདོད་དོན་སྐྱབས་འཇུག་ཞུ་ལ་བྲེལ།།

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐོལ་བྱུང་སྙན་ཚིག་ཁག་བཅུ།

2010-08-24 ཁ་མོ་སྨོན་ལམ་རྒྱ་མཚོ། ཀློག་གྲངས། མཆན ཡོད།

                       ༼ ར་ས་འཕྲུལ་སྣང༌།༽
བྱེད་པོས་པིར་བྲིས་ཁང་བཟང་ལྟ་ན་སྡུག།
ཇོ་སྐུ་སྐྱེ་རྒུའི་རྟེན་དུ་ལྷམ་མེར་བཞུགས།།
ནམ་ཡང་མཆོད་མཇལ་མུ་ཏོག་ཕྲེང་བ་བཞིན།།
ཆོས་རྒྱལ་ཐང་གི་སྲས་མོའི་བཀའ་དྲིན་དྲན།།
                          ༼པོ་ཏ་ལ།༽
གཟི་བྱིན་འོད་འབར་ཕོ་བྲང་པོ་ཏ་ལ།།
གནམ་འདེགས་ཀ་བ་བཞིན་དུ་གདུང་ལ་ཟུག།
ནང་དུ་རྟེན་གསུམ་བྱིན་ཆགས་ཚར་དུ་དངར།།
སྙིམ་པའི་པདྨོ་སྤྱི་བོའི་སྙེ་མར་དུད།།
                           ༼སེ་ར་དགོན།༽
ལྷ་ཁང་མེ་ཏོག་ཚོམ་བུ་བཞིན་དུ་བཀྲ།
རྒྱ་ཕིབས་གསེར་ཏོག་འོད་མདངས་ལམ་ལམ་འཚེར།།
དྲི་བཟང་སྤོས་དང་བསང་དུད་དགུང་ལ་མཆེད།།
སྡོམ་བརྩོན་ནོས་སྒྲས་དབྱར་གྱི་རྔ་གསང་ཕམ།།
                             ༼འབྲས་སྤུངས་དགོན།༽
མཆི་མེད་ཕོ་བྲང་གཟི་བྱིན་དཔལ་འཕྲོག་པའི།།
གཅིག་ལས་གཅིག་མཐོ་ཁང་བཟང་ཕན་ཚུན་འགྲན།།
ཚངས་སྤྱོད་རིག་སྨྲ་རྩོད་པའི་ཐལ་སྒྲ་ཡིས།།
ཕྱོགས་ཀྱི་བུ་མོའི་རྣ་བ་རིང་ནས་འགགས།།
                         ༼དགའ་ལྡན་དགོན་པ།༽
མཁས་པའི་གཙུག་རྒྱན་འཇམ་མགོན་བླ་མ་ཡིས།།
ཡུན་རིང་སྒྲུབ་པ་མཛད་པའི་ཞབས་རྗེས་གསལ།།
འཛམ་གླིང་རྒྱན་གཅིག་གསེར་གདུང་ཆེན་མོ་ཞེས།།
སྙན་པ་གོ་ལ་ཟླུམ་པོའི་ཁྱོན་ལ་གྲགས།།
                         ༼བཀྲ་ཤིས་ལྷུན་པོ་དགོན་པ།༽
ཆོལ་གསུམ་མཇལ་སྐོར་མུ་ཏིག་ཕྲེང་བཞིན་བསྟར།།
བསང་དུད་སྨོན་མོས་ཆུ་མཐོངས་ཀུན་ནས་བསྒྲིབས།།
རབ་མཐོ་བྱམས་ཆེན་ལྷ་ཁང་དགུང་ལ་རེག།
མཆོད་མེའི་འོད་ཀྱིས་མཚན་ཡང་ཉིན་ལྟར་གསལ།།
                            ༼བསམ་ཡས་དགོན།༽
མཆིམས་ཕུ་རི་བོར་སྤྲིན་སྔོན་ཐོར་ཅིག་བཅིངས།།
མཆོད་རྟེན་དཀར་པོས་གླིང་མཐའ་ཟླུམ་པོར་བསྐོར།།
སྤྲུལ་བའི་ཕོ་བྲང་དབུས་ན་མངོན་པར་མཐོ།།
མཁན་སློབ་ཆོས་གསུམ་ཕྱག་རྗེས་རི་མོ་གསལ།།
                           ༼ ས་སྐྱ་དགོན།༽
དཔལ་ལྡན་ས་སྐྱའི་སྙན་པ་ལྷ་ཡི་དར།།
དྲི་བྲལ་དཀར་པོ་ཁ་བའི་ལྗོངས་ན་གཡོ།།
གོང་མ་རྣམ་ལྔའི་མཛད་བཟང་རྨ་མེད་པ།།
ཆོལ་གསུམ་སྐྱེ་རྒུའི་སྙིང་ན་ད་དུང་གསལ།།
                               ༼ཞ་ལུ་དགོན།༽
དགོན་པའི་ཁོར་ཡུག་དག་གཙང་ལྟ་ན་སྡུག།
རབ་མཐོ་རྒྱ་ཕིབས་གཤེར་འོད་ལམ་ལམ་འཕྲོ།།
སྡོམ་བརྩོན་མང་པོས་ཆོས་སྒྲ་ལྷའི་རྔ་ཆེན།།
ཉིན་དང་མཚན་དུ་བར་མེད་ལྷང་ལྷང་སྒྲོག།
                        ༼དཔལ་ཆོས་དགོན།༽
དཔལ་འཁོར་མཆོད་རྟེན་སྙན་པའི་དོ་ཤལ་མཐོ།།
རྒྱལ་བའི་བྱིན་རྟེན་ཚན་ཁ་འབར་བ་མང༌།།
བང་རིམ་རེ་རེར་མཇལ་བ་དུ་མ་ཡིས།།
རང་རང་འདོད་དོན་སྐྱབས་འཇུག་ཞུ་ལ་བྲེལ།།

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།