ཚེ་གྲོགས།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-24

སྟོད་ཀྱི་དབུས་ལམ་གྱ་གྱུ།།
འགྲོས་ཆུང་གོམ་པས་གཞལ་དུས།།
མོ་གཞོན་ཁྱོད་དང་འུ་གཉིས།།
ཚེ་སྔོན་ལས་ཀྱིས་བསྐོས་བྱུང༌།།

ཕ་མས་བཀའ་ནི་མ་བསྩལ།།
བླ་མས་ལུང་ནི་མ་བསྟན།།
རང་སེམས་ཨ་ལོང་གོར་མོ།།
སྐྱིད་ཆུའི་ཁ་ནས་མཐུན་སོང༌།།

ལམ་ཐུག་བུ་མོའི་མཆི་མ།།
གོད་མའི་ཆུ་མིག་དྭངས་མོ།།
ཧུབ་གསུམ་འཐུང་བའི་མོད་ལ།།
བདག་བློ་ཡོམ་ཡོམ་སྒུལ་བྱུང༌།།

བྱིན་ཅན་ཇོ་བོའི་མདུན་ལ།།
གཟིམ་མེད་གསེར་མཆོད་བསྒྲོན་ནས།།
འདི་ཕྱིའི་འཕྲེང་ལམ་ཀུན་ན།།
བར་བགེགས་མེད་པ་བྱས་ཡོད།།
 
ཚིག་མགོ་ལྷ་ལ་བཅོལ་ནས།།
ཚིག་རྩ་མནའ་ཡིས་བསྒགས་ཏེ།།
འགྱུར་མེད་སྙིང་གི་དམ་བཅའ།།
ལྕགས་པོ་རི་ལ་བརྐོས་ཡོད།།
 
ལྷ་སའི་དཀྲུག་ཇ་མངར་མོ།།
མཉམ་བཞེས་གནང་བའི་ལོ་ལ།།
ཁྱོད་དང་ང་ཡི་རྨི་ལམ།།
ལན་མང་འཁྲུལ་དོན་མི་འདུག།

མྱི་ཁར་མྱི་ཡིས་བསྐུར་ཆོག།
ཁྲེལ་དགོད་ན་ཟླས་བྱས་ཆོག།
ཁ་སེམས་མཐུན་པའི་འོ་མ།།
ཁྱོད་དང་ང་ཡིས་དཀྲོག་ཆོག།

དོག་ཅིང་ཆུང་བའི་ཁང་མིག།
བརྩེ་བའི་གཏམ་གྱིས་བཟི་སོང༌།།
སེམས་དང་སེམས་པའི་བར་ན།།
རླུང་བུ་རྒྱུ་ས་མི་འདུག།

གནམ་ལངས་སྨིན་དྲུག་ཁྲ་མོས།།
འཛུམ་ཆུང་ཤིག་ཤིག་མ་གནངས།།
ང་དང་བྱམས་པའི་ལས་ལ།།
ཐུགས་རྗེས་གཟིགས་པ་གནོངས་དང༌།།

ཡ་ཆུང་ཁོག་གི་སྙིང་ཆུང༌།།
སིག་སིག་འདར་དགོས་བྱུང་སོང༌།།
གློ་དང་མཆིན་པའི་སྟེང་འོག།
གློ་བུར་གློ་བུར་བརྗེས་བྱུང།།

མགྲིན་པའི་བླ་གཡུ་སྔོ་ཆུང༌།།
ཕ་ལོའི་སྙིང་གི་ཚེ་ནོར།།
ང་རང་དགའ་བའི་བྱམས་པར།།
དྲན་པའི་རྟེན་དུ་ཕུལ་ཡོད།།

ཤི་ན་བླ་མ་ཁྱོད་ཡིན།།
གསོན་ཚེ་སྐྲ་བདག་ཁྱོད་ཡིན།།
བུ་མོས་དེ་སྐད་སྨྲ་བཞིན།།
རྒྱང་བཞུད་ལམ་ལ་བཞུགས་སོང༌།།

ལག་པ་ཕར་ལ་བསྲིངས་ཀྱང༌།།
བུ་མོའི་ལག་མགོའི་མ་ཟིན།།
གོམ་གསུམ་རྒྱང་ལ་གྱེས་པས།།
སེམས་པ་རྨང་ནས་འཁྲུགས་བྱུང༌།།

ནོར་གླིང་མཚོ་ཆུང་ཁ་ཡི།།
ངང་ངུར་ཡིན་ན་སྐྱིད་པ།།
དུས་བཞིའི་འགྱུར་བག་རྒོད་ཀྱང༌།།
གཤོག་རྡང་འཐོར་བའི་དཔེ་མེད།།

བུ་མོའི་ལྷུམས་སུ་བཏབ་པའི།།
ཚེ་སྲོག་གསར་བའི་ས་བོན།།
སྐལ་བ་སྟག་གི་ལོ་ལ།།
སྨིན་རྒྱུ་བྱུང་ན་དགའ་བ།།

ནང་མ་ཁང་གི་རྒུན་ཆང༌།།
རིན་གོང་གསེར་ལས་མཐོ་རུང༌།།
ཁྱོད་རང་མོས་པ་བྱུང་ཚེ།།
ལན་མང་བཏུང་བ་དྲན་ནམ།།

འདུ་བྲལ་སྒྱུ་མའི་རོལ་རྩེད།།
ང་ཡིས་མངོན་གསུམ་མཐོང་བྱུང༌།།
སང་ལོར་མཇལ་བའི་སྨོན་ལམ།།
སྙིང་ནས་ལན་གསུམ་ཞུས་ཡོད།།
                              2009—6--8

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་གྲོགས།

2010-08-24 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

སྟོད་ཀྱི་དབུས་ལམ་གྱ་གྱུ།།
འགྲོས་ཆུང་གོམ་པས་གཞལ་དུས།།
མོ་གཞོན་ཁྱོད་དང་འུ་གཉིས།།
ཚེ་སྔོན་ལས་ཀྱིས་བསྐོས་བྱུང༌།།

ཕ་མས་བཀའ་ནི་མ་བསྩལ།།
བླ་མས་ལུང་ནི་མ་བསྟན།།
རང་སེམས་ཨ་ལོང་གོར་མོ།།
སྐྱིད་ཆུའི་ཁ་ནས་མཐུན་སོང༌།།

ལམ་ཐུག་བུ་མོའི་མཆི་མ།།
གོད་མའི་ཆུ་མིག་དྭངས་མོ།།
ཧུབ་གསུམ་འཐུང་བའི་མོད་ལ།།
བདག་བློ་ཡོམ་ཡོམ་སྒུལ་བྱུང༌།།

བྱིན་ཅན་ཇོ་བོའི་མདུན་ལ།།
གཟིམ་མེད་གསེར་མཆོད་བསྒྲོན་ནས།།
འདི་ཕྱིའི་འཕྲེང་ལམ་ཀུན་ན།།
བར་བགེགས་མེད་པ་བྱས་ཡོད།།
 
ཚིག་མགོ་ལྷ་ལ་བཅོལ་ནས།།
ཚིག་རྩ་མནའ་ཡིས་བསྒགས་ཏེ།།
འགྱུར་མེད་སྙིང་གི་དམ་བཅའ།།
ལྕགས་པོ་རི་ལ་བརྐོས་ཡོད།།
 
ལྷ་སའི་དཀྲུག་ཇ་མངར་མོ།།
མཉམ་བཞེས་གནང་བའི་ལོ་ལ།།
ཁྱོད་དང་ང་ཡི་རྨི་ལམ།།
ལན་མང་འཁྲུལ་དོན་མི་འདུག།

མྱི་ཁར་མྱི་ཡིས་བསྐུར་ཆོག།
ཁྲེལ་དགོད་ན་ཟླས་བྱས་ཆོག།
ཁ་སེམས་མཐུན་པའི་འོ་མ།།
ཁྱོད་དང་ང་ཡིས་དཀྲོག་ཆོག།

དོག་ཅིང་ཆུང་བའི་ཁང་མིག།
བརྩེ་བའི་གཏམ་གྱིས་བཟི་སོང༌།།
སེམས་དང་སེམས་པའི་བར་ན།།
རླུང་བུ་རྒྱུ་ས་མི་འདུག།

གནམ་ལངས་སྨིན་དྲུག་ཁྲ་མོས།།
འཛུམ་ཆུང་ཤིག་ཤིག་མ་གནངས།།
ང་དང་བྱམས་པའི་ལས་ལ།།
ཐུགས་རྗེས་གཟིགས་པ་གནོངས་དང༌།།

ཡ་ཆུང་ཁོག་གི་སྙིང་ཆུང༌།།
སིག་སིག་འདར་དགོས་བྱུང་སོང༌།།
གློ་དང་མཆིན་པའི་སྟེང་འོག།
གློ་བུར་གློ་བུར་བརྗེས་བྱུང།།

མགྲིན་པའི་བླ་གཡུ་སྔོ་ཆུང༌།།
ཕ་ལོའི་སྙིང་གི་ཚེ་ནོར།།
ང་རང་དགའ་བའི་བྱམས་པར།།
དྲན་པའི་རྟེན་དུ་ཕུལ་ཡོད།།

ཤི་ན་བླ་མ་ཁྱོད་ཡིན།།
གསོན་ཚེ་སྐྲ་བདག་ཁྱོད་ཡིན།།
བུ་མོས་དེ་སྐད་སྨྲ་བཞིན།།
རྒྱང་བཞུད་ལམ་ལ་བཞུགས་སོང༌།།

ལག་པ་ཕར་ལ་བསྲིངས་ཀྱང༌།།
བུ་མོའི་ལག་མགོའི་མ་ཟིན།།
གོམ་གསུམ་རྒྱང་ལ་གྱེས་པས།།
སེམས་པ་རྨང་ནས་འཁྲུགས་བྱུང༌།།

ནོར་གླིང་མཚོ་ཆུང་ཁ་ཡི།།
ངང་ངུར་ཡིན་ན་སྐྱིད་པ།།
དུས་བཞིའི་འགྱུར་བག་རྒོད་ཀྱང༌།།
གཤོག་རྡང་འཐོར་བའི་དཔེ་མེད།།

བུ་མོའི་ལྷུམས་སུ་བཏབ་པའི།།
ཚེ་སྲོག་གསར་བའི་ས་བོན།།
སྐལ་བ་སྟག་གི་ལོ་ལ།།
སྨིན་རྒྱུ་བྱུང་ན་དགའ་བ།།

ནང་མ་ཁང་གི་རྒུན་ཆང༌།།
རིན་གོང་གསེར་ལས་མཐོ་རུང༌།།
ཁྱོད་རང་མོས་པ་བྱུང་ཚེ།།
ལན་མང་བཏུང་བ་དྲན་ནམ།།

འདུ་བྲལ་སྒྱུ་མའི་རོལ་རྩེད།།
ང་ཡིས་མངོན་གསུམ་མཐོང་བྱུང༌།།
སང་ལོར་མཇལ་བའི་སྨོན་ལམ།།
སྙིང་ནས་ལན་གསུམ་ཞུས་ཡོད།།
                              2009—6--8

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།