ཕྲག་དོག
མཐོན་པོའི་རིགས་ཀྱི་གསེར་ཞལ་འདི་ཡིས་བརླགས།།
རྡོ་རྗེའི་སྤུན་གྱི་དམ་ཚིག་འདི་ཡིས་བཤིག།
མིང་སྲིང་ཕུ་ནུའི་འབྲེལ་ཐག་འདི་ཡིས་གཅོད།།
འདི་ཡིས་སྐྱེ་རྒུ་ཡོད་ཚད་ཕུང་ལ་སྦྱོར།།
རང་རིགས་རྒུད་པའི་རྩ་བ་འདི་ལ་ཐུག།
ཁྲག་གི་ལྟེང་ཀ་བསྐྱིལ་བའང་འདི་ལ་ཐུག།
འདི་ཉིད་མ་སྤང་འཇིག་རྟེན་འཁོར་བ་སྟེ།།
འདི་ཉིད་སྤང་ཚེ་འཇིག་རྟེན་ཞི་བདེ་ཉིད།།
༡༩༩༤. ༢. ༡༨རོང་བོ།
རྩོམ་ཁུངས། ཀུ་ཤུ་དམར་པོ།