འདས་པའི་བཤུལ་ལམ།

བཟང་བོ་བློ་བཟང་འཇིགས་མེད་རྣམ་ར མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-23

ལས་ཉོན་སྨག་རུམ་འཐིབ་པའི་འཇིག་རྟེན་དུ།།
བྱས་བསགས་གནམ་གྱི་རྒྱལ་མོའི་མཐུ་བཙན་པས།།
དབང་མེད་རྣམ་ཤེས་གཉོམ་པོ་བདས་བདས་ནས།།
འཇིགས་རུང་སྐྱེས་རྫོང་འདི་ལ་བཙོན་དུ་བཅུག།

མི་སྡུག་གཉེར་མའི་རི་མོ་ཐོད་ལ་བརྩེགས།།
མ་རྒས་ཀུན་རྟོག་བུ་ཆུང་ཁྲོམ་ལ་ཤོར།།
ལས་དང་སྣང་བ་འཐབ་པའི་གཡུལ་ས་ནས།།
སྡུག་གི་སྨྲེ་བ་ཤོག་དཀར་ཐང་ལ་བཀྲམ།།

ཕྱི་ཚུལ་སྤྱོད་པ་མཛེས་པར་སྣང་ནའང༌།།
ནང་གི་དུག་གསུམ་རྒྱ་མཚོའི་རླབས་བཞིན་འཕྱུར།།
དད་ལྡན་དང་བ་འདྲེན་ཕྱིར་གཡོ་འཕྲུལ་བསླབས།།
ཆོས་བརྒྱད་ཟློས་གར་འཁྲབ་ལ་བྱང་ཆ་ལྡན།།

ཁྱིམ་པས་རྩེ་གཅིག་དད་ཕྱག་མང་དུ་འཚལ།།
འབྱུང་འགྱུར་བདེ་སྡུག་ལུང་བསྟན་མང་དུ་ཞུ།།
ཡིན་ཡང་རང་སྣང་རྟོག་བཏགས་སྙི་ལ་ཚུད།།
འདི་ཕྱིའི་བདེ་སྡུག་ཕ་མཐའ་ཇི་ལྟར་གཞལ།།

གང་སྣང་ལྷ་སྐུར་འཆར་བའི་སྒོམ་སྒྲུབ་མེད།།
ཀུན་རྫོབ་རྫུན་དུ་མཐོང་བའི་སོར་རྟོག་མེད།།
བྱང་སེམས་བསྔགས་ལ་སློབ་པའི་སྐལ་བ་མེད།།
མེད་པ་གསུམ་གྱི་ཀློང་ན་རྨོངས་པས་མནར།།

ཡིད་སེམས་ཆོས་ཀྱིས་འཚོ་བའི་མངར་ཁས་དབེན།།
གཞུང་ལུགས་རྒྱ་མཚོར་འཇུག་པར་བརྩོན་པས་དབེན།།
འགྲོ་ཀུན་བདེ་ལ་འགོད་པར་རྟོགས་པས་དབེན།།
བདེན་གསུམ་འཇིག་རྟེན་འདི་ན་སྐྱོ་བས་མནར།།

ཀུན་ལ་དག་སྣང་སྦྱོང་བའི་དད་སྟོབས་ཆུང༌།།
ཡོངས་ལ་དམའ་འབེབས་བྱེད་པའི་སྤོབས་པ་ཆུང༌།།
ཡོད་ཚད་ཁུར་དུ་འཁྱེར་བའི་སེམས་སྐྱེད་ཆུང༌།།
ཆུང་གསུམ་མ་བཅོས་སེམས་ཀྱི་གཤིས་སུ་གྲུབ།།

དྲི་མེད་ཞྭ་སེར་བླ་མའི་ཆོས་སྒོར་ཞུགས།།
གཞི་ལམ་འབྲས་བུའི་ཚུལ་ལ་སྦྱོང་ཙམ་བྱས།།
སྔོན་གྱི་བག་ཆགས་ད་དུང་མ་སད་པས།།
རང་སེམས་བྱ་རྒོད་མུན་པའི་དབྱིངས་སུ་འཕུར།།

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདས་པའི་བཤུལ་ལམ།

2010-08-23 བཟང་བོ་བློ་བཟང་འཇིགས་མེད་རྣམ་ར ཀློག་གྲངས། མཆན ཡོད།

ལས་ཉོན་སྨག་རུམ་འཐིབ་པའི་འཇིག་རྟེན་དུ།།
བྱས་བསགས་གནམ་གྱི་རྒྱལ་མོའི་མཐུ་བཙན་པས།།
དབང་མེད་རྣམ་ཤེས་གཉོམ་པོ་བདས་བདས་ནས།།
འཇིགས་རུང་སྐྱེས་རྫོང་འདི་ལ་བཙོན་དུ་བཅུག།

མི་སྡུག་གཉེར་མའི་རི་མོ་ཐོད་ལ་བརྩེགས།།
མ་རྒས་ཀུན་རྟོག་བུ་ཆུང་ཁྲོམ་ལ་ཤོར།།
ལས་དང་སྣང་བ་འཐབ་པའི་གཡུལ་ས་ནས།།
སྡུག་གི་སྨྲེ་བ་ཤོག་དཀར་ཐང་ལ་བཀྲམ།།

ཕྱི་ཚུལ་སྤྱོད་པ་མཛེས་པར་སྣང་ནའང༌།།
ནང་གི་དུག་གསུམ་རྒྱ་མཚོའི་རླབས་བཞིན་འཕྱུར།།
དད་ལྡན་དང་བ་འདྲེན་ཕྱིར་གཡོ་འཕྲུལ་བསླབས།།
ཆོས་བརྒྱད་ཟློས་གར་འཁྲབ་ལ་བྱང་ཆ་ལྡན།།

ཁྱིམ་པས་རྩེ་གཅིག་དད་ཕྱག་མང་དུ་འཚལ།།
འབྱུང་འགྱུར་བདེ་སྡུག་ལུང་བསྟན་མང་དུ་ཞུ།།
ཡིན་ཡང་རང་སྣང་རྟོག་བཏགས་སྙི་ལ་ཚུད།།
འདི་ཕྱིའི་བདེ་སྡུག་ཕ་མཐའ་ཇི་ལྟར་གཞལ།།

གང་སྣང་ལྷ་སྐུར་འཆར་བའི་སྒོམ་སྒྲུབ་མེད།།
ཀུན་རྫོབ་རྫུན་དུ་མཐོང་བའི་སོར་རྟོག་མེད།།
བྱང་སེམས་བསྔགས་ལ་སློབ་པའི་སྐལ་བ་མེད།།
མེད་པ་གསུམ་གྱི་ཀློང་ན་རྨོངས་པས་མནར།།

ཡིད་སེམས་ཆོས་ཀྱིས་འཚོ་བའི་མངར་ཁས་དབེན།།
གཞུང་ལུགས་རྒྱ་མཚོར་འཇུག་པར་བརྩོན་པས་དབེན།།
འགྲོ་ཀུན་བདེ་ལ་འགོད་པར་རྟོགས་པས་དབེན།།
བདེན་གསུམ་འཇིག་རྟེན་འདི་ན་སྐྱོ་བས་མནར།།

ཀུན་ལ་དག་སྣང་སྦྱོང་བའི་དད་སྟོབས་ཆུང༌།།
ཡོངས་ལ་དམའ་འབེབས་བྱེད་པའི་སྤོབས་པ་ཆུང༌།།
ཡོད་ཚད་ཁུར་དུ་འཁྱེར་བའི་སེམས་སྐྱེད་ཆུང༌།།
ཆུང་གསུམ་མ་བཅོས་སེམས་ཀྱི་གཤིས་སུ་གྲུབ།།

དྲི་མེད་ཞྭ་སེར་བླ་མའི་ཆོས་སྒོར་ཞུགས།།
གཞི་ལམ་འབྲས་བུའི་ཚུལ་ལ་སྦྱོང་ཙམ་བྱས།།
སྔོན་གྱི་བག་ཆགས་ད་དུང་མ་སད་པས།།
རང་སེམས་བྱ་རྒོད་མུན་པའི་དབྱིངས་སུ་འཕུར།།

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།