འབྲལ་གདུང༌།
བརྩེ་བའི་གྲོགས་ཁྱོད་ཚིགས་མལ་འདི་རུ་གྱེས།།
སྨུག་སྤྲིན་བན་བུན་ཕྱོགས་བཞིའི་རི་རྩེར་འཁྱིལ།།
ནམ་ཞིག་འཛོམ་པའི་ཁ་ཆད་བྱས་གྱུར་ཀྱང༌།།
འཇིག་རྟེན་མཐའ་ནི་སུས་ཀྱང་རྟོགས་ཐབས་བྲལ།།
འབྲལ་བའི་དུས་སུ་ཤེས་པ་སྙིང་ནས་འཕྱོ།།
ཕན་ཚུན་དར་གཅིག་སྨྲ་བ་འགགས་ནས་བསྡད།།
བརྩེ་བའི་ལག་འཇུ་དམ་དུ་བཅངས་པའི་མཐར།།
མཆི་མ་ཁོང་ལ་འདྲེན་བཞིན་སོ་སོར་གྱེས།།
༡༩༩༩ལོའི་ཟླ༩པའི་ཚེས༡༨ལ་གྲོང་ཁྱེར་སྤོས་ལྡན་དུ།
རྩོམ་ཁུངས། ཀུ་ཤུ་དམར་པོ།