སྙིང་ལ་ལྡང་བའི་བྲེལ་ཤ

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-21

མགོ་ཐོག་ཉི་ཟླ་རབ་བེ་རུབ་བེ།།
མདུན་གྱི་བཤུལ་ལམ་ཀྱ་གེ་ཀྱོག་གེ།
ཤེས་རབ་སྒྲོན་མེའི་ཕྱོགས་སྟོན་བྲལ་ཚེ།།
མུན་པའི་གཡང་དུ་ལྷུང་ཉེན་ཆེ་གི།

སྣང་བའི་འཇིག་རྟེན་ཁྲ་ཁྲ་རིག་རིག།
སྙིང་གི་གྲོགས་པོ་ཁྲ་ལེ་ཁྲུལ་ལེ།།
རང་གི་རྒྱབ་ཀྱི་སློག་ཧྲུལ་མ་གཏོགས།།
སེམས་ཀྱི་གསང་བ་བརྗོད་ས་མི་འདུག།

དུས་ཀྱི་གོམ་ཁ་ཚུབ་ཚུབ་ལོང་ལོང༌།།
འགྲན་རྩོད་མེ་ལྕེ་ཚ་ཚ་འུར་འུར།།
ཤེས་ཡོན་གསེར་གྱི་ཁྲབ་རྨོག་མེད་ན།།
དལ་འབྱོར་ལུས་རྟེན་མེ་ཡིས་གཞོམ་འགྲོ།
 
བརྩེ་བའི་ཁ་པར་གཅིག་ཐོན་གཉིས་ཐོན།།
དུང་བའི་འཕྲིན་ཐུང་གཅིག་འབྱོར་གཉིས་འབྱོར།།
འདི་དག་སྒྱུ་མའི་ཆོ་འཕྲུལ་ཡིན་སྐད།།
མི་ཡུལ་འཚོ་བར་ཨ་ཐང་ཆད་སོང༌།།

རྨིས་པའི་རྨི་ལམ་མག་གེ་མོག་གེ།
བྲིས་པའི་སྙན་ངག་ཐར་རེ་ཐོར་རེ།།
བདག་ལ་ཐོབ་པའི་སྤྱི་འགྲོས་ཡིན་པས།།
དམར་ཆུང་སྙིང་ལ་བྲེད་ཤ་ལངས་བྱུང༌།།
                                      2009-8-3

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་ལ་ལྡང་བའི་བྲེལ་ཤ

2010-08-21 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

མགོ་ཐོག་ཉི་ཟླ་རབ་བེ་རུབ་བེ།།
མདུན་གྱི་བཤུལ་ལམ་ཀྱ་གེ་ཀྱོག་གེ།
ཤེས་རབ་སྒྲོན་མེའི་ཕྱོགས་སྟོན་བྲལ་ཚེ།།
མུན་པའི་གཡང་དུ་ལྷུང་ཉེན་ཆེ་གི།

སྣང་བའི་འཇིག་རྟེན་ཁྲ་ཁྲ་རིག་རིག།
སྙིང་གི་གྲོགས་པོ་ཁྲ་ལེ་ཁྲུལ་ལེ།།
རང་གི་རྒྱབ་ཀྱི་སློག་ཧྲུལ་མ་གཏོགས།།
སེམས་ཀྱི་གསང་བ་བརྗོད་ས་མི་འདུག།

དུས་ཀྱི་གོམ་ཁ་ཚུབ་ཚུབ་ལོང་ལོང༌།།
འགྲན་རྩོད་མེ་ལྕེ་ཚ་ཚ་འུར་འུར།།
ཤེས་ཡོན་གསེར་གྱི་ཁྲབ་རྨོག་མེད་ན།།
དལ་འབྱོར་ལུས་རྟེན་མེ་ཡིས་གཞོམ་འགྲོ།
 
བརྩེ་བའི་ཁ་པར་གཅིག་ཐོན་གཉིས་ཐོན།།
དུང་བའི་འཕྲིན་ཐུང་གཅིག་འབྱོར་གཉིས་འབྱོར།།
འདི་དག་སྒྱུ་མའི་ཆོ་འཕྲུལ་ཡིན་སྐད།།
མི་ཡུལ་འཚོ་བར་ཨ་ཐང་ཆད་སོང༌།།

རྨིས་པའི་རྨི་ལམ་མག་གེ་མོག་གེ།
བྲིས་པའི་སྙན་ངག་ཐར་རེ་ཐོར་རེ།།
བདག་ལ་ཐོབ་པའི་སྤྱི་འགྲོས་ཡིན་པས།།
དམར་ཆུང་སྙིང་ལ་བྲེད་ཤ་ལངས་བྱུང༌།།
                                      2009-8-3

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།