ངག་རིག་མེ་ཏོག་བཞད་པའི་ཚོམ་བུ།

                            ༼དབྱངས་ཅན་མ།༽
        —————— གསལ་བཤད་སུམ་ཅུ་ཚང་བའི་ཚིགས་བཅད།
ཚོགས་གཉིས་མཐུ་ཡིས་ཞལ་ཁྱིམ་ལེགས།།
མཉེན་འཇམ་ཕྱག་གིས་པི་ཝང་འཛིན།།
དཀྱུས་རིང་ཨུཏྤལ་ཟུར་མིག་གཡོ། །
ཤེས་རབ་མཆོག་སྩོལ་དབྱངས་ཅན་མ།།
                            ༼དབེན་གནས།༽
གོར་མའི་གསེབ་ནས་བརྡོལ་བའི་དྭངས་བསིལ་ཆུ།།
བདུད་རྩིའི་ཟིལ་བ་ཆགས་པའི་རྩྭ་ལོའི་ཕོན།།
ནགས་ཀྱི་མེ་ཏོག་གཡོ་བའི་ལྡིང་ཁང་དེར།།
ཁོ་བོས་ཏིང་འཛིན་རོ་མངར་ལོངས་སུ་སྤྱོད།།
                                ༼རེ་སྒུག།༽
གཡའ་ཤིང་ལོ་མ་ཆུ་ཕྲན་རླབས་ཀྱིས་འཛིན།།
ཁྲུང་ཁྲུང་སྨྲེ་སྔགས་ལྷོ་ཕྱོགས་རི་ལ་འཁོར།།
ནམ་ཡང་རྨས་སྐྱོན་ཤོར་བའི་སེམས་པ་འདིས།།
ཤ་ཟད་རུས་པར་ཐུག་ཀྱང་ཁྱོད་ལ་སྒུག།
                                   ༼མི་ཚེ།༽
འཁྱག་པའི་མལ་དུ་བསམ་གཞིག་ཐོད་ལ་གཉེར།།
ཤུགས་རིང་གཅིག་གིས་བྱིའུ་ཆུང་གྲངས་མེད་སྤུར།།
གྲོགས་མེད་གཅིག་པུར་སྐྱོ་བའི་སེམས་གདུང་གིས།།
མཆི་མ་སྐོམ་དུ་འཐུང་བའི་མི་ཚེ་འདི།།
                              ༼ཐོལ་བྱུང༌།༽
ལོ་མ་སེར་པོ་བསིལ་འཇམ་རླུང་གིས་ཁྱེར།།
གཡུ་སྦྲང་གཞོན་ནུའི་གཅོང་སྐད་ཉམ་རེ་ང༌།།
ཁྲུང་ཁྲུང་ལྷོ་རུང་བཞུད་པའི་གཤོག་འགྱུར་སོགས།།
མཐོང་བས་ཡུལ་འཁྱར་མགྲོན་པོའི་མཆི་མ་ལྷུང༌།།
                                  ༼དྲི་བ།༽
ལྷིང་འཇགས་མཚན་མོའི་ཀློང་ན་ཁྱེར་རྐྱང་དུ།།
སྟོན་ཟླ་ཁོ་ན་གྲང་འདར་ཡང་ཡང་རྒྱག།
ཁྱོད་ཀྱིས་སྒེའུ་ཁུང་ངོགས་སུ་མགོ་སྒུར་ནས།།
སུ་ཡི་ཆེད་དུ་སྐྱོ་བའི་ཤུགས་རིང་འབྱིན།།
                               ༼བསམ་གཞིག༽
མེ་ཏོག་ནམ་ཟླ་དྲོ་བའི་དུས་སུ་ཡང༌།།
གཡུ་སྦྲང་སེམས་པ་སྐྱོ་བའི་གླུང་དབྱངས་ལེན།།
ཚེ་སྲོག་ཤིང་ལོ་ཁྱེར་བའི་སྐབས་དག་ཏུ།།
སེམས་པའི་རྨུ་ཐག་ཁྱོད་ཀྱི་ཕྱོགས་སུ་འཐེན།།
                      ༼དྲན།༽
མི་ཚེའི་བྱང་ཐང་རིང་མོ་འགྲིམས་པའི་ཚེ།།
རྒོད་པའི་འདབ་རྩལ་དཀར་པོ་སླར་ཡང་དྲན།།
དྲན་གདུང་མཆི་མས་བརླན་པའི་མིག་ཟུང་གིས།།
རྒོད་པོ་འཕུར་བའི་ཕྱོགས་ལ་རྒྱང་ལྟ་བྱས།།
                              ༼དུངས་སེམས།༽
དུངས་སེམས་རྦ་རླབས་གཡོ་བའི་རྩེ་མོ་ན།།
ཡིད་འོང་སྙིང་གི་ཉ་མོ་ཅི་ཡང་འདར།།
འཛོམས་དུས་ཟླ་བའི་ཞལ་ཁྱིམ་མ་མཐོང་བར།།
སྐྱོ་གདུང་མཆི་མས་བཞུར་ལ་ཟད་པ་མེད།།
                     ༼སྙན་ངག་པའི་གདུང་གླུ།༽
གཅེས་ཤིང་ཕངས་པའི་དུང་རུས་ལྷུ་ལག་རྣམས།།
ནམ་ཞིག་འཇག་མའི་གསེབ་ཏུ་འཐོར་བའི་ཚེ།།
སྐྱོ་གདུང་མཆི་མས་ཡང་ཡང་བརླན་དྲགས་པའི།།
རྣམ་ཤེས་གཅིག་པུ་ཕྱི་མའི་ཡུལ་དུ་འཁྱར།།
                       ༼ཁྱོད་རང་དྲན་ཚུལ།༽
ལམ་འགྲམ་རྒྱ་ལྕང་ལོ་མའི་བར་དག་དང༌།།
ཟླ་བ་དཀར་པོ་དྭངས་བསིལ་རྨི་ལམ་ངོགས།།
ལི་ཤི་ལས་ཀྱང་དམར་བའི་སེམས་པ་འདིས།།
ཁྱོད་ཀྱི་བཞིན་དཔལ་ཁོ་ན་ཡང་ཡང་སྒོམ།།
                          ༼བདག་གི་སྣང་བརྙན།༽
སྐྲ་ལོ་རིང་པོ་རླུང་གིས་ཡང་ཡང་སྒུལ།།
ཆེར་བསྐྱེད་མིག་ཤེལ་འདྲེན་བྱེད་གྲོགས་སུ་བསྟེན།།
སྐྱོ་སྡུག་གཉེར་མ་ཐོད་ལ་ལྟེབ་བཞིན་དུ།།
སེམས་གཅོང་ཁྲེས་པོ་ཁུར་ནས་ཉིན་མཚན་འདའ།།
                              ༼མཇལ་འཕྲད།༽
ཁྲི་ཕྲག་བསྐལ་པས་རིང་ན་གནས་པའི་གྲོགས།།
དེ་རིང་རྨི་ལམ་བཞིན་དུ་གནས་འདིར་མཇལ།།
སྒྲོན་མེའི་ངོགས་སུ་ཆང་དཀར་འགྱོགས་བཞིན་དུ།།
འདས་དོན་གླེང་པས་དགའ་སྐྱོ་མཉམ་དུ་འཕེལ།།
                             ༼ ཞུ་འབུལ།༽
ཀྭ་ཡེ་སྤོས་ལྡན་ནགས་ཀྱི་བྱ་ཁུ་ལོ།།
ལྷོ་མོན་ཡུལ་དུ་འཕུར་ལ་མ་བྲེལ་དང༌།།
ཁོ་བོའི་གྲང་ཞིང་བསིལབ་འི་འཇིག་རྟེན་ལ།།
ཁྱོད་ཀྱི་ཕྱི་མིག་ཐེངས་ཤིག་ཡོད་པར་ཞུ།།
                             ༼རེ་བ་ལྷག་མ།༽
ནམ་ཞིག་དུས་ཀྱི་རླུང་རླབས་དྲག་པོ་ཡིས།།
ཁོ་བོའི་ལང་ཚོའི་འདབ་མ་འཐོབ་བའི་ཚེ།།
དྭངས་བསིལ་ཁ་བ་ལས་ཀྱང་རབ་དཀར་བའི།།
བདག་གི་སེམས་འདི་ཁྱོད་ཀྱིས་མི་བརྗེད་འཚལ།།
                            ༼སྨོན་ཚིག༽
བསླུ་མེད་ཞེ་འདང་དཀར་པོ་ཡུག་གཅིག་གིས།།
ཁྱོད་དང་ང་ཡི་སེམས་པ་སྦྲེལ་བར་ཤོག།
དེ་བཞིན་ལྷག་བསམ་དྭངས་མ་འཁྱིལ་བ་ཡི།།
བརྩེ་དུང་འོད་ཀྱིས་འཇིག་རྟེན་ཁྱབ་གྱུར་ཅིག།
                         ༼མཇུག་རྩོམ།༽
ལྷ་ཡི་ལུང་བསྟན་དུས་སུ་མ་བབས་ཤིང༌།།
མཐུན་པའི་གྲོགས་ཀྱིས་སྐུལ་མ་བྱས་མིན་པར།།
ཟིན་མེད་སེམས་ཀྱིས་མངར་སྐྱུར་ཚྭ་ཡི་རོ།།
དངོས་སུ་མྱངས་པའི་གཏམ་རྒྱུད་ཐུང་ངུ་ཞིག།
        ༡༩༩༩ལོའི་ཟླ༡༠པའི་ཚེས༤ལ་གྲོང་ཁྱེར་སྤོས་ལྡན་དུ།

རྩོམ་ཁུངས། ཀུ་ཤུ་དམར་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངག་རིག་མེ་ཏོག་བཞད་པའི་ཚོམ་བུ།

2010-08-20 ལྡོང་ཆུ་ཤེལ། ཀློག་གྲངས། མཆན ཡོད།

                            ༼དབྱངས་ཅན་མ།༽
        —————— གསལ་བཤད་སུམ་ཅུ་ཚང་བའི་ཚིགས་བཅད།
ཚོགས་གཉིས་མཐུ་ཡིས་ཞལ་ཁྱིམ་ལེགས།།
མཉེན་འཇམ་ཕྱག་གིས་པི་ཝང་འཛིན།།
དཀྱུས་རིང་ཨུཏྤལ་ཟུར་མིག་གཡོ། །
ཤེས་རབ་མཆོག་སྩོལ་དབྱངས་ཅན་མ།།
                            ༼དབེན་གནས།༽
གོར་མའི་གསེབ་ནས་བརྡོལ་བའི་དྭངས་བསིལ་ཆུ།།
བདུད་རྩིའི་ཟིལ་བ་ཆགས་པའི་རྩྭ་ལོའི་ཕོན།།
ནགས་ཀྱི་མེ་ཏོག་གཡོ་བའི་ལྡིང་ཁང་དེར།།
ཁོ་བོས་ཏིང་འཛིན་རོ་མངར་ལོངས་སུ་སྤྱོད།།
                                ༼རེ་སྒུག།༽
གཡའ་ཤིང་ལོ་མ་ཆུ་ཕྲན་རླབས་ཀྱིས་འཛིན།།
ཁྲུང་ཁྲུང་སྨྲེ་སྔགས་ལྷོ་ཕྱོགས་རི་ལ་འཁོར།།
ནམ་ཡང་རྨས་སྐྱོན་ཤོར་བའི་སེམས་པ་འདིས།།
ཤ་ཟད་རུས་པར་ཐུག་ཀྱང་ཁྱོད་ལ་སྒུག།
                                   ༼མི་ཚེ།༽
འཁྱག་པའི་མལ་དུ་བསམ་གཞིག་ཐོད་ལ་གཉེར།།
ཤུགས་རིང་གཅིག་གིས་བྱིའུ་ཆུང་གྲངས་མེད་སྤུར།།
གྲོགས་མེད་གཅིག་པུར་སྐྱོ་བའི་སེམས་གདུང་གིས།།
མཆི་མ་སྐོམ་དུ་འཐུང་བའི་མི་ཚེ་འདི།།
                              ༼ཐོལ་བྱུང༌།༽
ལོ་མ་སེར་པོ་བསིལ་འཇམ་རླུང་གིས་ཁྱེར།།
གཡུ་སྦྲང་གཞོན་ནུའི་གཅོང་སྐད་ཉམ་རེ་ང༌།།
ཁྲུང་ཁྲུང་ལྷོ་རུང་བཞུད་པའི་གཤོག་འགྱུར་སོགས།།
མཐོང་བས་ཡུལ་འཁྱར་མགྲོན་པོའི་མཆི་མ་ལྷུང༌།།
                                  ༼དྲི་བ།༽
ལྷིང་འཇགས་མཚན་མོའི་ཀློང་ན་ཁྱེར་རྐྱང་དུ།།
སྟོན་ཟླ་ཁོ་ན་གྲང་འདར་ཡང་ཡང་རྒྱག།
ཁྱོད་ཀྱིས་སྒེའུ་ཁུང་ངོགས་སུ་མགོ་སྒུར་ནས།།
སུ་ཡི་ཆེད་དུ་སྐྱོ་བའི་ཤུགས་རིང་འབྱིན།།
                               ༼བསམ་གཞིག༽
མེ་ཏོག་ནམ་ཟླ་དྲོ་བའི་དུས་སུ་ཡང༌།།
གཡུ་སྦྲང་སེམས་པ་སྐྱོ་བའི་གླུང་དབྱངས་ལེན།།
ཚེ་སྲོག་ཤིང་ལོ་ཁྱེར་བའི་སྐབས་དག་ཏུ།།
སེམས་པའི་རྨུ་ཐག་ཁྱོད་ཀྱི་ཕྱོགས་སུ་འཐེན།།
                      ༼དྲན།༽
མི་ཚེའི་བྱང་ཐང་རིང་མོ་འགྲིམས་པའི་ཚེ།།
རྒོད་པའི་འདབ་རྩལ་དཀར་པོ་སླར་ཡང་དྲན།།
དྲན་གདུང་མཆི་མས་བརླན་པའི་མིག་ཟུང་གིས།།
རྒོད་པོ་འཕུར་བའི་ཕྱོགས་ལ་རྒྱང་ལྟ་བྱས།།
                              ༼དུངས་སེམས།༽
དུངས་སེམས་རྦ་རླབས་གཡོ་བའི་རྩེ་མོ་ན།།
ཡིད་འོང་སྙིང་གི་ཉ་མོ་ཅི་ཡང་འདར།།
འཛོམས་དུས་ཟླ་བའི་ཞལ་ཁྱིམ་མ་མཐོང་བར།།
སྐྱོ་གདུང་མཆི་མས་བཞུར་ལ་ཟད་པ་མེད།།
                     ༼སྙན་ངག་པའི་གདུང་གླུ།༽
གཅེས་ཤིང་ཕངས་པའི་དུང་རུས་ལྷུ་ལག་རྣམས།།
ནམ་ཞིག་འཇག་མའི་གསེབ་ཏུ་འཐོར་བའི་ཚེ།།
སྐྱོ་གདུང་མཆི་མས་ཡང་ཡང་བརླན་དྲགས་པའི།།
རྣམ་ཤེས་གཅིག་པུ་ཕྱི་མའི་ཡུལ་དུ་འཁྱར།།
                       ༼ཁྱོད་རང་དྲན་ཚུལ།༽
ལམ་འགྲམ་རྒྱ་ལྕང་ལོ་མའི་བར་དག་དང༌།།
ཟླ་བ་དཀར་པོ་དྭངས་བསིལ་རྨི་ལམ་ངོགས།།
ལི་ཤི་ལས་ཀྱང་དམར་བའི་སེམས་པ་འདིས།།
ཁྱོད་ཀྱི་བཞིན་དཔལ་ཁོ་ན་ཡང་ཡང་སྒོམ།།
                          ༼བདག་གི་སྣང་བརྙན།༽
སྐྲ་ལོ་རིང་པོ་རླུང་གིས་ཡང་ཡང་སྒུལ།།
ཆེར་བསྐྱེད་མིག་ཤེལ་འདྲེན་བྱེད་གྲོགས་སུ་བསྟེན།།
སྐྱོ་སྡུག་གཉེར་མ་ཐོད་ལ་ལྟེབ་བཞིན་དུ།།
སེམས་གཅོང་ཁྲེས་པོ་ཁུར་ནས་ཉིན་མཚན་འདའ།།
                              ༼མཇལ་འཕྲད།༽
ཁྲི་ཕྲག་བསྐལ་པས་རིང་ན་གནས་པའི་གྲོགས།།
དེ་རིང་རྨི་ལམ་བཞིན་དུ་གནས་འདིར་མཇལ།།
སྒྲོན་མེའི་ངོགས་སུ་ཆང་དཀར་འགྱོགས་བཞིན་དུ།།
འདས་དོན་གླེང་པས་དགའ་སྐྱོ་མཉམ་དུ་འཕེལ།།
                             ༼ ཞུ་འབུལ།༽
ཀྭ་ཡེ་སྤོས་ལྡན་ནགས་ཀྱི་བྱ་ཁུ་ལོ།།
ལྷོ་མོན་ཡུལ་དུ་འཕུར་ལ་མ་བྲེལ་དང༌།།
ཁོ་བོའི་གྲང་ཞིང་བསིལབ་འི་འཇིག་རྟེན་ལ།།
ཁྱོད་ཀྱི་ཕྱི་མིག་ཐེངས་ཤིག་ཡོད་པར་ཞུ།།
                             ༼རེ་བ་ལྷག་མ།༽
ནམ་ཞིག་དུས་ཀྱི་རླུང་རླབས་དྲག་པོ་ཡིས།།
ཁོ་བོའི་ལང་ཚོའི་འདབ་མ་འཐོབ་བའི་ཚེ།།
དྭངས་བསིལ་ཁ་བ་ལས་ཀྱང་རབ་དཀར་བའི།།
བདག་གི་སེམས་འདི་ཁྱོད་ཀྱིས་མི་བརྗེད་འཚལ།།
                            ༼སྨོན་ཚིག༽
བསླུ་མེད་ཞེ་འདང་དཀར་པོ་ཡུག་གཅིག་གིས།།
ཁྱོད་དང་ང་ཡི་སེམས་པ་སྦྲེལ་བར་ཤོག།
དེ་བཞིན་ལྷག་བསམ་དྭངས་མ་འཁྱིལ་བ་ཡི།།
བརྩེ་དུང་འོད་ཀྱིས་འཇིག་རྟེན་ཁྱབ་གྱུར་ཅིག།
                         ༼མཇུག་རྩོམ།༽
ལྷ་ཡི་ལུང་བསྟན་དུས་སུ་མ་བབས་ཤིང༌།།
མཐུན་པའི་གྲོགས་ཀྱིས་སྐུལ་མ་བྱས་མིན་པར།།
ཟིན་མེད་སེམས་ཀྱིས་མངར་སྐྱུར་ཚྭ་ཡི་རོ།།
དངོས་སུ་མྱངས་པའི་གཏམ་རྒྱུད་ཐུང་ངུ་ཞིག།
        ༡༩༩༩ལོའི་ཟླ༡༠པའི་ཚེས༤ལ་གྲོང་ཁྱེར་སྤོས་ལྡན་དུ།

རྩོམ་ཁུངས། ཀུ་ཤུ་དམར་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།