འཁྱམ་པོའི་སེམས་སྒྲ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-18

རྣམ་རིག་གྲུང་བའི་བྱིས་དུས་ཀྱི་ལོ་ཟླ།།
ཁ་ཆར་ལྷུང་བའི་རྫ་ལུང་ནས་ཟད་སོང༌།།
ལས་དབང་བཙན་པོར་བདེན་ཁ་རང་བྱིན་ནས།།
ཕམ་ཁའི་ཉེར་རིས་དཔྲལ་བ་རུ་བབས་བྱུང༌།།

རང་སེམས་གསོ་བའི་རྐང་གླིང་གི་འབུད་བརྡ།།
རི་སྤྱང་སྔོན་མོའི་ངུ་ཟུག་གིས་སྦགས་ཐལ།།
བདེན་ལུགས་བརྗོད་པའི་གླུ་ཆུང་གི་རང་སྒྲ།།
སྡེ་ཆེན་དཔོན་པོའི་བཀའ་ཆད་ཀྱིས་མནར་སོང༌།།

གདོད་མའི་ནགས་ཀྱི་རྐང་ལམ་ལ་ཞུགས་ནས།།
ཡུལ་ལྷ་གཞི་བདག་ཟས་ཕུད་ཀྱིས་མཆོད་ཀྱང༌།།
གནས་མལ་བོར་བའི་མུ་ཏོ་བ་ང་ལ།།
རྩོལ་མེད་ལྷ་ཡི་དངོས་གྲུབ་ཅིག་མ་ཐོབ།།

ཕྱུག་པོའི་བུ་མོའི་གཡུ་བྱུར་ལ་མ་ཆགས།།
དཔོན་པོའི་སྲས་མོའི་མངའ་ཐང་ལ་མ་འཁོར།།
རྒྱང་བཞུད་སྒྲོལ་མའི་ལོག་ཕེབས་ལ་འཁྲེང་ནས།།
ཉི་མ་ཟླ་བའི་འཆར་ནུབ་ཀྱང་མ་ཚོར།།
                                         2008-7-5

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁྱམ་པོའི་སེམས་སྒྲ།

2010-08-18 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

རྣམ་རིག་གྲུང་བའི་བྱིས་དུས་ཀྱི་ལོ་ཟླ།།
ཁ་ཆར་ལྷུང་བའི་རྫ་ལུང་ནས་ཟད་སོང༌།།
ལས་དབང་བཙན་པོར་བདེན་ཁ་རང་བྱིན་ནས།།
ཕམ་ཁའི་ཉེར་རིས་དཔྲལ་བ་རུ་བབས་བྱུང༌།།

རང་སེམས་གསོ་བའི་རྐང་གླིང་གི་འབུད་བརྡ།།
རི་སྤྱང་སྔོན་མོའི་ངུ་ཟུག་གིས་སྦགས་ཐལ།།
བདེན་ལུགས་བརྗོད་པའི་གླུ་ཆུང་གི་རང་སྒྲ།།
སྡེ་ཆེན་དཔོན་པོའི་བཀའ་ཆད་ཀྱིས་མནར་སོང༌།།

གདོད་མའི་ནགས་ཀྱི་རྐང་ལམ་ལ་ཞུགས་ནས།།
ཡུལ་ལྷ་གཞི་བདག་ཟས་ཕུད་ཀྱིས་མཆོད་ཀྱང༌།།
གནས་མལ་བོར་བའི་མུ་ཏོ་བ་ང་ལ།།
རྩོལ་མེད་ལྷ་ཡི་དངོས་གྲུབ་ཅིག་མ་ཐོབ།།

ཕྱུག་པོའི་བུ་མོའི་གཡུ་བྱུར་ལ་མ་ཆགས།།
དཔོན་པོའི་སྲས་མོའི་མངའ་ཐང་ལ་མ་འཁོར།།
རྒྱང་བཞུད་སྒྲོལ་མའི་ལོག་ཕེབས་ལ་འཁྲེང་ནས།།
ཉི་མ་ཟླ་བའི་འཆར་ནུབ་ཀྱང་མ་ཚོར།།
                                         2008-7-5

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།