ཀྭ་ཡེ་གླུ་ཞིག་ལོངས་དང་ན་ཟླ་ཚོ།

ཤེལ་དཀར་གཟི་འོད་འཁྱུག་པའི་གངས་རིའི་སྤོར།།
འཇིགས་བྲལ་བདེན་པའི་གད་རྒྱངས་སྟོང་གསུམ་དུ།།
སྒྲོགས་པ་སེང་གི་དཀར་མོའི་འགྱིང་བག་ལ།།
ཀྭ་ཡེ་གླུ་ཞིག་ལོངས་དང་ན་ཟླ་ཚོ།།

གསེར་གྱི་སྒྲོ་གཤོག་བརྐྱངས་པའི་ཟློས་གར་གྱིས།།
དབང་སྔོན་མཚོ་མོའི་ཕ་མཐའ་སྐད་ཅིག་ཏུ།།
བརྒལ་བའི་མཁའ་ལྡིང་ཁྱུང་གི་གཤོག་འགྱུར་ལ།།
ཀྭ་ཡེ་གླུ་ཞིག་ལོངས་དང་ན་ཟླ་ཚོ།།

ཁྲག་དང་རྔུལ་ཆུ་བཞུར་བའི་རླབས་ཤུགས་ཀྱིས།།
བུ་དང་བུ་མོར་འཚོ་བའི་ལམ་ཞིག་བཏོད།།
དྲིན་ཆེན་ཕ་མའི་བརྩེ་སེམས་དྲོན་མོ་ལ།།
ཀྭ་ཡེ་གླུ་ཞིག་ལོངས་དང་ན་ཟླ་ཚོ།།

ཝུ་དཀར་རྣ་ལུང་འཛུམ་པ་སྟོན་བཞིན་དུ།།
གང་འདོད་ཕྱོགས་སུ་ལྷུང་ལྷུང་བཞུར་འགྲོས་ཀྱིས།།
རྒྱུ་བའི་དྭངས་གཙང་ཆུ་བོའི་རང་དབང་ལ།།
ཀྭ་ཡེ་གླུ་ཞིག་ལོངས་དང་ན་ཟླ་ཚོ།།

གདམ་ཀ་དཔུང་གཉེན་བྲལ་བའི་སྡུག་ཡུས་ཀྱིས།།
ངུ་ཤུབ་ཁོག་ཏུ་མིད་པའི་ན་ཆུང་མའི།།
བརྩེ་ཞེན་གྱིས་བོར་མཆི་མ་དམ་པོ་ལ།།
ཀྭ་ཡེ་གླུ་ཞིག་ལོངས་དང་ན་ཟླ་ཚོ།།

དགུང་ཁའི་ཉི་མ་ནུབ་རིའི་རྩེ་ལ་ཐོགས།།
ཁྲུང་ཁྲུང་སྨྲེ་སྔགས་འདོན་བཞིན་ལྷོ་རུ་བཞུད།།
གནས་འདིར་འཁྲེང་ཞིང་བསྐྱུར་བའི་ཕྱི་མིག་ལ།།
ཀྭ་ཡེ་གླུ་ཞིག་ལོངས་དང་ན་ཟླ་ཚོ།།

མེ་ཏོག་དྲི་ཞིམ་འཁུར་བའི་བསིལ་འཇམ་རླུང༌།།
ལྷོད་ཀྱིས་ལྡང་བའི་ཁུགས་པའི་སྙིང་སྡུག་མའི།།
མི་ཕྱེད་དུང་བའི་དབྱངས་འགྲོས་འགྱུ་བ་ལ།།
ཀྭ་ཡེ་གླུ་ཞིག་ལོངས་དང་ན་ཟླ་ཚོ།།

སྲ་འཐས་བྲག་དང་ཉི་ལྷགས་རྫི་ཆར་གྱིས།།
མ་ཁོགས་ཚེ་སྲོག་གཡུ་རལ་ནམ་མཁར་བསྲིངས།།
མི་འགྱུར་ཐང་ཤིང་སྔོན་མའི་སྙིང་སྟོབས་ལ།།
ཀྭ་ཡེ་གླུ་ཞིག་ལོངས་དང་དང་ན་ཟླ་ཚོ།།

ལས་རླུང་རྩུབ་མོས་མི་འདོད་ཡུལ་དུ་བསྐྱལ།།
ཚ་ཟེར་འོད་ཀྱིས་ལང་ཚོའི་འདབ་མ་བསྲེགས།།
དྭངས་བསིལ་ཁ་བ་དཀར་པོའི་ལས་དབང་ལ།།
ཀྭ་ཡེ་གླུ་ཞིག་ལོངས་དང་ན་ཟླ་ཚོ།།

འཁྱག་པའི་མལ་དུ་བསམ་གཞིག་ཐོད་ལ་གཉེར།།
ཤུགས་རིང་གཅིག་གིས་བྱིའུ་ཆུང་གྲངས་མེད་སྤུར།།
གྲོགས་མེད་གཅིག་པུར་སྐྱོ་བའི་སེམས་གདུང་ལ།།
ཀྭ་ཡེ་གླུ་ཞིག་ལོངས་དང་ན་ཟླ་ཚོ།།

གཞན་ལ་འཚེ་བ་སྤང་བའི་བརྟུལ་ཞུགས་ཀྱིས།།
མཐོན་པོའི་དབྱིངས་སུ་སྤྲིན་གྱི་རླབས་བཞིན་འཕྱོ།།
ཞི་བདེའི་ཕུག་རོན་སྟོང་གི་ལྷག་བསམ་ལ།།
ཀྭ་ཡེ་གླུ་ཞིག་ལོངས་དང་ན་ཟླ་ཚོ།།

དངུལ་དཀར་མེ་ཏོག་བརྩེགས་པའི་མཆོད་རྟེན་མགུལ།།
འགགས་མེད་སྣང་བ་རྒྱ་མཚོའི་འཛུམ་ཟེར་འཁྱིལ།།
ཉི་ཟླ་གཅིག་ཏུ་འཛོམས་པའི་དགའ་སྟོན་ལ།།
ཀྭ་ཡེ་གླུ་ཞིག་ལོངས་དང་ན་ཟླ་ཚོ།།

རྔུལ་ཆུའི་མུ་ཏིག་བསྟར་བའི་རྒྱུན་ཐག་གིས།།
མི་ཚེའི་བཤུལ་ལམ་རིང་མོར་བརླན་དགོས་ཀྱང༌།།
དེ་རིང་སྣང་བ་སྐྱིད་པའི་རྟེན་འབྲེལ་ལ།།
ཀྭ་ཡེ་གླུ་ཞིག་ལོངས་དང་ན་ཟླ་ཚོ།།

ནམ་རྒྱུན་སྡུག་གཉེར་ཐོད་ལ་ལྟེབ་བཞིན་དུ།།
མགོ་བོ་སྒུར་ནས་མ་འདུག་ན་ཟླ་ཚོ།།
འ་ཅག་སེམས་དང་དཔུང་བ་མཉམ་སྒྲིལ་གྱིས།།
སང་ཞོགས་འོད་སྟོང་བསུ་བའི་གླུ་ཞིག་ལེན།།
                           ༡༩༩༥ལོའི་ཟླ༤པའི་ཚེས༢༦ཉིན་རོང་བོ་ནས།

རྩོམ་ཁུངས། ཀུ་ཤུ་དམར་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀྭ་ཡེ་གླུ་ཞིག་ལོངས་དང་ན་ཟླ་ཚོ།

2010-08-17 ལྡོང་ཆུ་ཤེལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།