ས་མཐོའི་སྐྱོ་གླུ།

རྩེ་གཞུང་དགྱེས་པ་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-17

ཚེ་གཅིག་སེམས་ཀྱི་འཁྲི་ཤིང་རྒྱང་ནས་ལུས།།
འགྱུར་མེད་རྡོ་རྗེ་རི་མོ་སྙིང་ལ་བརྐོས།།
ལྷིང་འཇགས་འཇིག་རྟེན་ཞིག་གི་གྲུ་ཁ་ནས།།
གྱེས་བྲལ་སྡུག་གི་ཁུར་འདི་ཕྲག་ལ་ལྕི།།
དབྱར་གསུམ་ཚང་ཚིང་གཡུ་ལོ་རྣམ་པར་བཞད།།
རང་བྱུང་ཆུ་སྐྱེས་སྣ་བརྒྱའི་ཕྲ་ཚོམ་བཀོད།།
གཡུ་སྦྲང་ཕྱེ་ལེབ་སྒེག་པའི་གར་ལ་ཆས།།
གྲོགས་ཁྱེད་དྲན་པའི་སེམས་པ་སྟོང་སང་སང༌།།
དགུན་ཁར་གྲང་ངར་བ་མོའི་རེག་བྱ་རྩུབ།།
ཁ་ཆར་བུ་ཡུག་སྲོག་གི་ཆོམ་པོར་གྱུར།།
ཡོད་ཚད་བག་ལ་ཞ་བའི་ལྷགས་རླུང་ཁྲོད།།
གྲོགས་ཁྱེད་དྲན་པའི་སེམས་པ་འཁྱག་སིབ་སིབ།།
སྟོན་མཇུག་སྡོང་ལོ་སེར་པོ་རླུང་གིས་བསྐྱོད།།
མཚོ་མཐིའི་ཁྲུང་ཁྲུང་གཤོག་འགྱུར་ལྷོ་རུ་བསྒྱུར།།
ནོར་འཛིན་བུ་མོ་མྱ་ངན་གོས་ཀྱིས་བཀླུབས།།
གྲོགས་ཁྱེད་དྲན་པའི་སེམས་པ་གྲང་ཤུར་ཤུར།།
དཔྱིད་གསུམ་ཛ་ཧུའི་བུ་མོ་གཉིད་ལས་བསླངས།།
སྔོ་ལྗང་ནེའུ་གསིང་གཡུ་ཡི་མནྚལ་བཞད།།
འདབ་ལྡན་ཁུ་བྱུག་སྙན་འཇེབས་གླུ་ལ་བྲེལ།།
གྲོགས་ཁྱེད་དྲན་པའི་སེམས་པ་སྐྱོ་ལྷང་ལྷང༌།།
དུས་བཞི་ཡུན་ཐུང་ལོ་ཡི་ཁུག་པ་ནས།།
འདུས་བྱས་མི་རྟག་གློག་གི་གར་ལ་འཕྱ།།
ཡོད་ཚད་རྫུན་པར་གྱུར་པའི་འཇིག་རྟེན་ནས།།
གང་ཁྱེད་བྲལ་བའི་ཟུག་རྔུ་སྙིང་ལ་གཟན།།
མཁོ་དགུའི་ལོངས་སྤྱོད་སྐབས་གསུམ་དཔལ་ལ་འཁུ།།
ཁོར་ཡུག་འཛིན་མིའེ་མཚར་སྡུག་ཀུན་ནས་རྫོགས།།
ཡུལ་གཅིག་རིག་འབྱུང་གྲོགས་ཚོར་རྩེ་དགའ་རྒོད།།
མཐའ་དག་གྱེས་བྲལ་སྡུག་གི་སྣོན་མར་གྱུར།།
བཤེས་གཉེན་དམ་པས་མན་ངག་བདུད་རྩིས་བསྐྱངས།།
འབྱོར་ལྡན་སྦྱིན་བདག་འདི་ཡི་བསོད་སྙོམས་བཟང༌།།
དགོན་འདིའི་གྲྭ་བའི་གཤིས་རྒྱུད་དུལ་ཞིང་འཇམ།།
སྔོན་གོམས་བརྩེ་བའི་རེ་ཁཱ་ཁྱེད་ལ་ཕྱོགས།།
སྤྲིན་བྲལ་མཚན་མོའི་ནམ་མཁའ་དྭངས་ཤིག་གསལ།།
རི་བོང་འཛིན་པས་རྒྱུ་སྐར་དོ་ཤལ་འཆང༌།།
དྲི་བཞོན་བུ་མོས་གདུང་བའི་ཤུགས་གླུང་གྱེར།།
ཁེར་རྐྱང་སེམས་ཀྱི་གཏད་སོ་གང་ལ་བྱེད།།
དལ་འབྱོར་ལན་གཅིག་ཐོབ་པ་མི་ཡི་ལུས།།
མཚམས་སྤྲིན་གོས་ཀྱིས་བཀླུབས་པ་ལེགས་མོད་ཀྱང༌།།
སྐྱོ་གདུང་མྱ་ངན་སྡུག་གི་ཁུར་བོ་འདི།།
ཁྱེད་ལ་མ་ཐུག་བར་དུ་དབོག་ཐབས་བྲལ།།

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་མཐོའི་སྐྱོ་གླུ།

2010-08-17 རྩེ་གཞུང་དགྱེས་པ་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།