གསེར་གྱི་ཉི་མ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-16

                                              _________བརྗེད་ཐབས་མེད་པའི་དགེ་རྒན་ཞིག་ལ།
སྒྱུ་རྩལ་རོལ་མོ་འཁྲོལ་བའི་ངག་རིག་པ།།
གཞུང་ལུཊ་རྩིབས་མ་འབྲེག་པའི་ཐབས་རྩལ་བ།།
ཆོག་ཤེས་ཆུ་མོ་བསྟེན་པའི་བྱ་བཏང་བ།།
ལྷག་བསམ་གླིང་ལ་བསྟིམས་པའི་འོད་ཆེན་པ།།

སྲིད་འཛིན་ཨོ་པཱ་མ་དང་འདྲ་ལེ་མིན།།
སྤྲུལ་སྐུ་ཡོན་ཏན་ཚང་དང་མཚུངས་ལེ་མིན།།
མཛེས་མ་མེ་ནཱ་ཀ་དང་གཅིག་ལེ་མིན།།
ཁྱོད་ནི་གསེར་གྱི་ཉི་མ་སེར་པོ་ཡིན།།

བཙན་རྒྱལ་བོད་དང་བྲལ་བའི་ནངས་མོ་ནས།།
སྤྱི་ལོ་ལྔ་བརྒྱད་འདས་པའི་ཉི་ཤར་ནས།།
རིག་གསར་རྡུལ་རླུང་དྭངས་པའི་དཔྱིད་ཀ་ནས།།
བརྡ་སྙན་རྩིས་ཀྱི་ལྕགས་ཟྭ་ཁྱེད་ཀྱིས་ཕྱེས།།

ས་སྨྱུག་ཁྲུ་གང་ཤེད་ཀྱིས་བརྡར་བ་ཡིས།།
དབྱངས་གསལ་སོ་བཞིའི་ཚེ་སྲོག་སྦར་ནས་བྱུང༌།།
གླིང་བཞིའི་བཀོད་པ་རིས་ལ་བཏབས་ནས་བྱུང༌།།
འདས་མ་ད་གསུམ་མིག་ལ་བཤམས་ནས་བྱུང༌།།

གངས་ཅན་མི་ཡི་སྒལ་ཚིགས་ཞེ་དགུ་དེ།།
ཐ་སྙད་ཡང་ཟོར་ཅན་གྱིས་བསྐྱོར་ནས་ཐོན།།
བརྡ་དག་ཁུངས་བཙུན་ཅན་གྱིས་བསྟར་ནས་བསླེབས།།
ལེགས་བཤད་གཏན་ཚིགས་ཅན་གྱིས་སྒུལ་ནས་བསླངས།།

སྤྱན་གྱི་རྣོ་དབལ་ཡིག་ཕྲེང་བར་ནས་བོར།།
ངག་གི་དྭངས་ཆ་གདམས་པའི་རྒྱུན་ལ་བསྲེས།།
ལག་པའི་འགུལ་ཤུགས་རྩོམ་པའི་འཕྲུལ་ལ་ཐིམ།།
མི་ཚེའི་རུས་རྐང་རིགས་ཀྱི་དོན་ལ་ཟད།།

སྐུ་ཡི་བར་བགེགས་སེལ་བའི་རོགས་རྟེན་དུ།།
སྙན་ངག་བརྒྱ་ཚར་ཞིག་གིས་ཞབས་བརྟེན་བསྲུབས།།
གངས་ཆུ་དྭངས་མོ་ཞིག་གིས་མཆོད་པ་འབུལ།།
བཅད་མ་བཞི་སྦྲེལ་ཞིག་ཀྱང་དེ་ལ་བསྔོ།།
                                    2009—4-7

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསེར་གྱི་ཉི་མ།

2010-08-16 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

                                              _________བརྗེད་ཐབས་མེད་པའི་དགེ་རྒན་ཞིག་ལ།
སྒྱུ་རྩལ་རོལ་མོ་འཁྲོལ་བའི་ངག་རིག་པ།།
གཞུང་ལུཊ་རྩིབས་མ་འབྲེག་པའི་ཐབས་རྩལ་བ།།
ཆོག་ཤེས་ཆུ་མོ་བསྟེན་པའི་བྱ་བཏང་བ།།
ལྷག་བསམ་གླིང་ལ་བསྟིམས་པའི་འོད་ཆེན་པ།།

སྲིད་འཛིན་ཨོ་པཱ་མ་དང་འདྲ་ལེ་མིན།།
སྤྲུལ་སྐུ་ཡོན་ཏན་ཚང་དང་མཚུངས་ལེ་མིན།།
མཛེས་མ་མེ་ནཱ་ཀ་དང་གཅིག་ལེ་མིན།།
ཁྱོད་ནི་གསེར་གྱི་ཉི་མ་སེར་པོ་ཡིན།།

བཙན་རྒྱལ་བོད་དང་བྲལ་བའི་ནངས་མོ་ནས།།
སྤྱི་ལོ་ལྔ་བརྒྱད་འདས་པའི་ཉི་ཤར་ནས།།
རིག་གསར་རྡུལ་རླུང་དྭངས་པའི་དཔྱིད་ཀ་ནས།།
བརྡ་སྙན་རྩིས་ཀྱི་ལྕགས་ཟྭ་ཁྱེད་ཀྱིས་ཕྱེས།།

ས་སྨྱུག་ཁྲུ་གང་ཤེད་ཀྱིས་བརྡར་བ་ཡིས།།
དབྱངས་གསལ་སོ་བཞིའི་ཚེ་སྲོག་སྦར་ནས་བྱུང༌།།
གླིང་བཞིའི་བཀོད་པ་རིས་ལ་བཏབས་ནས་བྱུང༌།།
འདས་མ་ད་གསུམ་མིག་ལ་བཤམས་ནས་བྱུང༌།།

གངས་ཅན་མི་ཡི་སྒལ་ཚིགས་ཞེ་དགུ་དེ།།
ཐ་སྙད་ཡང་ཟོར་ཅན་གྱིས་བསྐྱོར་ནས་ཐོན།།
བརྡ་དག་ཁུངས་བཙུན་ཅན་གྱིས་བསྟར་ནས་བསླེབས།།
ལེགས་བཤད་གཏན་ཚིགས་ཅན་གྱིས་སྒུལ་ནས་བསླངས།།

སྤྱན་གྱི་རྣོ་དབལ་ཡིག་ཕྲེང་བར་ནས་བོར།།
ངག་གི་དྭངས་ཆ་གདམས་པའི་རྒྱུན་ལ་བསྲེས།།
ལག་པའི་འགུལ་ཤུགས་རྩོམ་པའི་འཕྲུལ་ལ་ཐིམ།།
མི་ཚེའི་རུས་རྐང་རིགས་ཀྱི་དོན་ལ་ཟད།།

སྐུ་ཡི་བར་བགེགས་སེལ་བའི་རོགས་རྟེན་དུ།།
སྙན་ངག་བརྒྱ་ཚར་ཞིག་གིས་ཞབས་བརྟེན་བསྲུབས།།
གངས་ཆུ་དྭངས་མོ་ཞིག་གིས་མཆོད་པ་འབུལ།།
བཅད་མ་བཞི་སྦྲེལ་ཞིག་ཀྱང་དེ་ལ་བསྔོ།།
                                    2009—4-7

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།