སྒེའུ་ཁུང་འགྲམ་གྱི་སྙན་ངག།

མཚན་རླུང་འཇམ་པོ་ལྷོད་ཀྱིས་ལྡང་བ་ཡིས།།
རྒྱ་ལྕང་ལོ་མ་སྒེའུ་ཁུང་འགྲམ་དུ་འཐོར།།
གློ་བུར་མཆི་མས་བརླན་པའི་སེམས་པ་ཞིག།
ཁང་མིག་གྲུ་བཞིའི་ནང་དུ་ཁོང་འདར་བྱེད།།

སྨྲེང་སེམས་ཁྲག་གིས་བརྫིས་པའི་གཞས་ཆུང་རེ།།
སྒེའུ་ཁུང་སྟོང་བའི་འཚམ་དུ་ཡང་ཡང་བླངས།།
འགྱོད་པའི་མལ་དུ་ཤུགས་རིང་འབྱིན་ཞོར་དུ།།
སྐྱོ་བའི་སྙན་ངག་བྲིས་པ་རྫོགས་མཐའ་མེད།།

དཀར་གསལ་ཟླ་བས་དུངས་སེམས་སྒོར་མོར་བསྐྱིལ།།
དགུ་ཚིགས་སྐྱ་མོས་བསམ་གཞིག་རྒྱང་དུ་བསྲིངས།།
གདུང་བའི་སེམས་པ་དགུན་གྱི་ཆུ་མོ་བཞིན།།
གྲངས་མེད་སྐར་ཚོགས་མཉམ་དུ་གཡོ་ཞིང་འདར།།

སྐྱོ་བ་སངས་ཕྱིར་རྒུན་ཆང་ཡང་ཡང་བཏུངས།།
བཟི་ཁ་བཙན་པོས་འདས་དོན་ཅི་ཡང་བསླངས།།
ལྷ་བྱ་དཀར་མོ་སྒེའུ་ཁུང་མཐོངས་ཡངས་ནས།།
མཁའ་མཐར་ཡལ་བའི་རྗེས་ལ་ཡིད་སེམས་འཁྲེང༌།།

གཞོན་པའི་ལང་ཚོ་དུས་ཀྱི་དབང་དུ་ཤོར།།
མཛེས་པའི་རྨི་ལམ་སྐར་མདའི་འགྲོས་ཀྱིས་ཡལ།།
ཀྱི་ཧུད་འཁོར་བ་རླབས་ཀྱི་རྩེ་མོ་ན།།
ལོ་མ་སེར་པོ་རང་དབང་མི་འདུག་ཨང༌།།

སྒེའུ་ཁུང་འགྲམ་དུ་བདག་གིས་ཅི་ཡང་ཤོར།།
སྒེའུ་ཁུང་སྟོང་བས་བདག་ལ་ཅི་ཞིག་བཞག།
སྒེའུ་ཁུང་སྟོང་བ་འདི་ལ་ཞེ་རེ་སྐྱོ།།
སྒེའུ་ཁུང་སྟོང་བ་འདི་ལ་འཇིགས་ཤིང་སྐྲག།

ལས་དང་སྐལ་བས་ལོ་ཟླ་ནག་པོར་བསྒྱུར།།
སེམས་ཀྱི་སྐྱོ་གདུང་རི་རབ་ལས་ཀྱང་ལྕི།།
སྡུག་གི་སྐྱེ་བ་ལན་གཅིག་མ་བརྗེས་ན།།
ཚེ་སྲོག་ཕྲ་མོ་འདིས་ཀྱང་ཐེག་པར་དཀའ།།

སྒེའུ་ཁུང་འགྲམ་དུ་ཕངས་པའི་ལུས་དང་སེམས།།
སྟོན་མཇུག་འདབ་ལོ་བཞིན་དུ་འཐོར་ཉེ་ཡང༌།།
ནམ་མཁའི་དབྱིངས་རིམ་འགྲིམས་པའི་མཚན་མོའི་མགོན།།
ཁྱོད་ནི་དེ་འདྲའི་ལྷིང་འཇགས་ཡིན་དོན་ཅི།།
                               ༢༠༠༢ལོའི་ཟླ༧པའི་ཚེས༢༡ལ་ཕ་ཡུལ་དུ།

རྩོམ་ཁུངས། ཀུ་ཤུ་དམར་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒེའུ་ཁུང་འགྲམ་གྱི་སྙན་ངག།

2010-08-14 ལྡོང་ཆུ་ཤེལ། ཀློག་གྲངས། མཆན ཡོད།

མཚན་རླུང་འཇམ་པོ་ལྷོད་ཀྱིས་ལྡང་བ་ཡིས།།
རྒྱ་ལྕང་ལོ་མ་སྒེའུ་ཁུང་འགྲམ་དུ་འཐོར།།
གློ་བུར་མཆི་མས་བརླན་པའི་སེམས་པ་ཞིག།
ཁང་མིག་གྲུ་བཞིའི་ནང་དུ་ཁོང་འདར་བྱེད།།

སྨྲེང་སེམས་ཁྲག་གིས་བརྫིས་པའི་གཞས་ཆུང་རེ།།
སྒེའུ་ཁུང་སྟོང་བའི་འཚམ་དུ་ཡང་ཡང་བླངས།།
འགྱོད་པའི་མལ་དུ་ཤུགས་རིང་འབྱིན་ཞོར་དུ།།
སྐྱོ་བའི་སྙན་ངག་བྲིས་པ་རྫོགས་མཐའ་མེད།།

དཀར་གསལ་ཟླ་བས་དུངས་སེམས་སྒོར་མོར་བསྐྱིལ།།
དགུ་ཚིགས་སྐྱ་མོས་བསམ་གཞིག་རྒྱང་དུ་བསྲིངས།།
གདུང་བའི་སེམས་པ་དགུན་གྱི་ཆུ་མོ་བཞིན།།
གྲངས་མེད་སྐར་ཚོགས་མཉམ་དུ་གཡོ་ཞིང་འདར།།

སྐྱོ་བ་སངས་ཕྱིར་རྒུན་ཆང་ཡང་ཡང་བཏུངས།།
བཟི་ཁ་བཙན་པོས་འདས་དོན་ཅི་ཡང་བསླངས།།
ལྷ་བྱ་དཀར་མོ་སྒེའུ་ཁུང་མཐོངས་ཡངས་ནས།།
མཁའ་མཐར་ཡལ་བའི་རྗེས་ལ་ཡིད་སེམས་འཁྲེང༌།།

གཞོན་པའི་ལང་ཚོ་དུས་ཀྱི་དབང་དུ་ཤོར།།
མཛེས་པའི་རྨི་ལམ་སྐར་མདའི་འགྲོས་ཀྱིས་ཡལ།།
ཀྱི་ཧུད་འཁོར་བ་རླབས་ཀྱི་རྩེ་མོ་ན།།
ལོ་མ་སེར་པོ་རང་དབང་མི་འདུག་ཨང༌།།

སྒེའུ་ཁུང་འགྲམ་དུ་བདག་གིས་ཅི་ཡང་ཤོར།།
སྒེའུ་ཁུང་སྟོང་བས་བདག་ལ་ཅི་ཞིག་བཞག།
སྒེའུ་ཁུང་སྟོང་བ་འདི་ལ་ཞེ་རེ་སྐྱོ།།
སྒེའུ་ཁུང་སྟོང་བ་འདི་ལ་འཇིགས་ཤིང་སྐྲག།

ལས་དང་སྐལ་བས་ལོ་ཟླ་ནག་པོར་བསྒྱུར།།
སེམས་ཀྱི་སྐྱོ་གདུང་རི་རབ་ལས་ཀྱང་ལྕི།།
སྡུག་གི་སྐྱེ་བ་ལན་གཅིག་མ་བརྗེས་ན།།
ཚེ་སྲོག་ཕྲ་མོ་འདིས་ཀྱང་ཐེག་པར་དཀའ།།

སྒེའུ་ཁུང་འགྲམ་དུ་ཕངས་པའི་ལུས་དང་སེམས།།
སྟོན་མཇུག་འདབ་ལོ་བཞིན་དུ་འཐོར་ཉེ་ཡང༌།།
ནམ་མཁའི་དབྱིངས་རིམ་འགྲིམས་པའི་མཚན་མོའི་མགོན།།
ཁྱོད་ནི་དེ་འདྲའི་ལྷིང་འཇགས་ཡིན་དོན་ཅི།།
                               ༢༠༠༢ལོའི་ཟླ༧པའི་ཚེས༢༡ལ་ཕ་ཡུལ་དུ།

རྩོམ་ཁུངས། ཀུ་ཤུ་དམར་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།