ཁྲག་མདོག་གི་སྙན་ངག

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-14

                                            ——————དམའ་འབྲིང་གི་སློབ་གྲོགས་ཤིག་གི་ཚབ་ཏུ།
དྲིན་ཕ་ལོའི་སྐུ་ལུས་གསེར་མདོག་གི་ཉི་མ།།
རྒྱང་རིང་བའི་ནུབ་རིའི་ཕ་མཐའ་རུ་ཡལ་ཐལ།།
སྐྱིད་མི་རྟག་ཁྲ་ཁྲའི་འཇིག་རྟེན་གྱི་ཁམས་ནས།།
ང་ལས་ངན་བུ་ལོའི་སྐྱབས་གནས་དེ་སུ་ཡིན།།

ཁའི་དུང་སོའི་ཕྲེང་ཐག་ལྷས་འདབས་ནས་ཐོར་སོང༌།།
མགོ་སྐྲ་ལོའི་ཁ་དོག་གངས་ཁྲོད་ནས་འགྱུར་ཐལ།།
ཚེ་ཕྲ་མོའི་རྨི་ལམ་རྫ་ལུང་ནས་རྫོགས་པའི།།
ཐུགས་བརྩེ་ཆེན་ཕ་ལོའི་ལས་དབང་འདི་སྐྱོ་ཨང༌།།

ངག་དལ་མེད་མ་ཎི་ཟློ་བ་ལ་བྲེལ་ཞིང༌།།
མིག་ཁོམ་མེད་བུ་ངའི་འགྲོ་འདུག་ལ་འཁོར་བཞིན།།
ཞིང་འདི་དང་གྱེས་པའི་བྱམས་ལྡན་གྱི་ཕ་ལོར།།
ངལ་ཐུན་གཅིག་གསོ་བའི་རང་དབང་ནི་མ་བྱུང༌།།

གན་ཞེ་ནག་གཤིན་རྗེ་ཕོ་ཉ་ཡིས་ཁྲིད་པའི།།
ངའི་ཕ་ལོའི་རྣམ་ཤེས་གཤོག་མེད་ཀྱི་སྦྲང་ཆུང༌།།
ཆོས་སྒྲ་དབྱངས་མཆེད་པའི་དག་ཞིང་དུ་འདྲེན་རྒྱུ།།
དབུས་ཇོ་བོར་བཏབ་པའི་སྙིང་ཁོང་གི་སྨོན་ལམ།།

རྒོད་ཐང་དཀར་གཤིན་པོའི་ཤ་ཁྲག་ལ་ཆགས་ཤིང༌།།
རླུང་བསེར་བུ་དར་ལྕེའི་རུས་རྐང་ལ་རྒོད་པའི།།
ཡིད་འཇིགས་སྣང་བསྐྱེད་པའི་དུར་ཁྲོད་ཀྱི་གནས་ནས།།
ཁྲག་དམར་པོ་འཛར་བའི་སྙན་ངག་འདི་མཆོད་དོ།།
                                        2008—4-24

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲག་མདོག་གི་སྙན་ངག

2010-08-14 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

                                            ——————དམའ་འབྲིང་གི་སློབ་གྲོགས་ཤིག་གི་ཚབ་ཏུ།
དྲིན་ཕ་ལོའི་སྐུ་ལུས་གསེར་མདོག་གི་ཉི་མ།།
རྒྱང་རིང་བའི་ནུབ་རིའི་ཕ་མཐའ་རུ་ཡལ་ཐལ།།
སྐྱིད་མི་རྟག་ཁྲ་ཁྲའི་འཇིག་རྟེན་གྱི་ཁམས་ནས།།
ང་ལས་ངན་བུ་ལོའི་སྐྱབས་གནས་དེ་སུ་ཡིན།།

ཁའི་དུང་སོའི་ཕྲེང་ཐག་ལྷས་འདབས་ནས་ཐོར་སོང༌།།
མགོ་སྐྲ་ལོའི་ཁ་དོག་གངས་ཁྲོད་ནས་འགྱུར་ཐལ།།
ཚེ་ཕྲ་མོའི་རྨི་ལམ་རྫ་ལུང་ནས་རྫོགས་པའི།།
ཐུགས་བརྩེ་ཆེན་ཕ་ལོའི་ལས་དབང་འདི་སྐྱོ་ཨང༌།།

ངག་དལ་མེད་མ་ཎི་ཟློ་བ་ལ་བྲེལ་ཞིང༌།།
མིག་ཁོམ་མེད་བུ་ངའི་འགྲོ་འདུག་ལ་འཁོར་བཞིན།།
ཞིང་འདི་དང་གྱེས་པའི་བྱམས་ལྡན་གྱི་ཕ་ལོར།།
ངལ་ཐུན་གཅིག་གསོ་བའི་རང་དབང་ནི་མ་བྱུང༌།།

གན་ཞེ་ནག་གཤིན་རྗེ་ཕོ་ཉ་ཡིས་ཁྲིད་པའི།།
ངའི་ཕ་ལོའི་རྣམ་ཤེས་གཤོག་མེད་ཀྱི་སྦྲང་ཆུང༌།།
ཆོས་སྒྲ་དབྱངས་མཆེད་པའི་དག་ཞིང་དུ་འདྲེན་རྒྱུ།།
དབུས་ཇོ་བོར་བཏབ་པའི་སྙིང་ཁོང་གི་སྨོན་ལམ།།

རྒོད་ཐང་དཀར་གཤིན་པོའི་ཤ་ཁྲག་ལ་ཆགས་ཤིང༌།།
རླུང་བསེར་བུ་དར་ལྕེའི་རུས་རྐང་ལ་རྒོད་པའི།།
ཡིད་འཇིགས་སྣང་བསྐྱེད་པའི་དུར་ཁྲོད་ཀྱི་གནས་ནས།།
ཁྲག་དམར་པོ་འཛར་བའི་སྙན་ངག་འདི་མཆོད་དོ།།
                                        2008—4-24

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།