སྐྱོ་མགུར་སེམས་ཀྱི་དབྱངས་རྟ།

            _______ ཆོས་གྲོགས་འགའ་རྒྱང་རིང་དུ་བསྐྱོད་རྗེས།
སྔོ་གཡུ་རལ་གྱི་བདག་པོ་སེང་གེ་དཀར་མོ།།
གངས་ལྷུན་པོ་ཡི་ཟུར་ཁ་འགྲིམས་ཏེ་ཕེབས་སོང༌།།
ལས་ཆོས་བརྒྱད་ལ་བསྐུར་བའི་ལྡོང་བཙན་སྣང་གྲགས།།

ས་རྡོ་རྗེ་དང་འདྲ་བའི་རྐེད་པར་ལུས་ཡོད།།
རྭ་བྲག་ངོས་ལ་བརྡར་བའི་བྲེ་སེར་འབྲོང་རྒོད།།
རྫ་མཐོན་པོ་ཡི་བཙན་ས་འཛིན་དུ་ཕེབས་སོང༌།།
ཐོད་སྡུག་གཉེར་གྱིས་མི་གཏོང་ལྡོང་བཙན་སྣང་གྲགས།།
ཁྱི་བདའ་ལི་བཞིན་རོང་བའི་སྲང་བར་འཁྱམས་འདུག།

སྔོན་ཆོས་གྲྭ་ཡི་རྡོ་གཅལ་ལེབ་མོའི་སྟེང་དུ།།
གྲོགས་རྡོ་རྗེ་ཡི་སྤུན་རྣམས་སྐོར་ཚོགས་བྱས་ཏེ།།
དགུང་གནམ་ལྕགས་དང་འདྲ་བའི་ཐལ་སྐད་རེ་རེས།།
དགྲ་ཕས་རྒོལ་གྱི་གློ་སྙིང་འགས་པར་བྱས་ཡོད།།

སེམས་རྣམ་རྟོག་གི་དར་ལྕོག་རླུང་ལ་སྦྲན་ཅིང༌།།
ལུས་མལ་སྟན་ལ་སྐྱིལ་མོ་ཀྲུང་གིས་གནས་ཏེ།།
མིག་ཟུམ་ཟུམ་གྱིས་བསམ་གཞིག་ཐོད་ལ་ལེན་སྐབས།།
དུས་སྔོན་ཆད་དང་མི་འདྲའི་ཤུགས་རིང་ནར་ནར།།

དུང་འཁར་རྔ་ཡི་གདངས་འགྲོས་ལན་གསུམ་འཁོར་དུས།།
ཁྲིམས་རྣམ་དག་གི་དགེ་འདུན་གྲལ་ལ་འཁོད་ཀྱང༌།།
གྲོགས་ན་ཟླ་ཚོ་ཡུལ་ཕྱོགས་གང་དུ་ཕེབས་སོང༌།།
བུ་སྣང་གྲགས་ཀྱིས་གཡས་གཡོན་སྟོང་བར་ལུས་འདུག།

མཛེས་མེ་ཏོག་གི་འདབ་ལོ་ལྷུང་བའི་ཉིན་མོར།།
བྱ་ཁྲུང་ཁྲུང་གི་གཤོག་སྣེ་ལྷོ་ལ་གཏད་བྱུང༌།།
རླུང་བསེར་མ་ཡིས་སྡོང་ལོ་གང་སར་འཁུར་དུས།།
བུ་སྣང་གྲགས་ཀྱི་སེམས་པ་ཆུ་ལས་གྲང་བ།།

རི་བྱ་ཁུང་གི་རྩེ་མོར་ཁ་བས་མནན་བྱུང༌།།
རོང་དགུ་འདུས་ཀྱི་གཙང་བོར་འགྲམ་དར་ཆགས་སོང༌།།
དགུན་གྲང་ངར་གྱི་གདུག་རྩུབ་འཕྱུར་བའི་ངོགས་ནས།།
གྲོགས་ན་ཟླ་ཚོའི་སྐྱིད་སྡུག་ཇི་འདྲ་བསམ་བྱུང༌།།

སྤང་མེ་ཏོག་གི་མཚར་སྡུག་འཁྱིལ་བའི་འགྲམ་དུ།།
གྲོགས་ལྷན་རྒྱས་ཀྱིས་བསྐྱོན་པའི་དབྱངས་རྟ་སྙན་མོ།།
འདབ་དྲུག་ལྡན་གྱི་ཁ་བ་དཀར་པོ་ཇི་བཞིན།།
དུས་ད་ལྟ་ཡང་སྙིང་ལ་སིམ་སིམ་བབས་སོང༌།།

དཔྱིད་ལྷོ་འབྲུག་གིས་མཛའ་གླུ་ཐོག་མར་གྱེར་དུས།།
བན་རྨ་བྱ་རྣམས་རྩེ་དགའ་ལིང་ལིང་བསྒྱུར་སོང༌།།
ལུས་སྐམ་རིད་དུ་གྱུར་བའི་ལྡོང་བཙན་སྣང་གྲགས།།
གཏམ་སྨྲ་འདོད་ཀྱི་མགྲིན་པ་མཆི་མས་བརྣངས་ཡོད།།

བྱང་སྐྱི་བསེར་གྱི་ཕོ་ཉ་གློ་བུར་དུ་ལྡང་བས།།
རིའི་རྩེ་མོ་ལ་འཁྱུད་པའི་ན་བུན་བསྐྱོད་སོང༌།།
སེམས་སྐྱོ་སྡུག་གི་མུན་པ་གཏིབས་པའི་ཞིང་ཁམས།།
དུས་ནམ་ཞིག་ལ་སྤྲོ་འཛུམ་འོད་ཀྱིས་གསལ་ལམ།།

ཤར་བླ་བྲང་གི་ནོར་བུ་གྲུ་འཛིན་ཕོ་བྲང༌།།
སྟེང་རྒྱ་ཕིབས་ཀྱི་བཀྲག་མདངས་སྔར་ལས་འཚར་ཡང༌།།
བུ་སྣང་གྲགས་ཀྱི་སྙིང་ལ་འཁྱིལ་བའི་མཆི་མ།།
མིག་ཁྲ་ཆུང་གི་འདབ་ཟུར་བརྒྱུད་ནས་འཐོར་ཡོང༌།།

གོས་ངུར་སྨྲིག་གི་བླ་རེ་གཡོ་བའི་འོག་ནས།།
བུ་སྣང་གྲགས་ཀྱིས་སྐྱོ་གླུ་ཐན་ཐུན་གྱེར་འདི།།
དཔལ་སྒྲུབ་བརྒྱུད་ཀྱི་བསྟན་པའི་ཤིང་རྟ་ཆེན་པོ།།
ཕ་བླ་མ་མཆོག་སྐལ་ལྡན་རྒྱ་མཚོས་རྐྱོངས་ཤིག།
༡༩༩༤ལོའི་ཟླ༧པའི་ཚེས་༢༠ལ་རོང་བོ།

རྩོམ་ཁུངས། ཀུ་ཤུ་དམར་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱོ་མགུར་སེམས་ཀྱི་དབྱངས་རྟ།

2010-08-12 ལྡོང་ཆུ་ཤེལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།