རྩྭ་ཐང་གི་ཉིན་ཐོ།

                                ༼དཔྱིད་ཀྱི་ཉིན་ཐོ།༽
རྩི་ཤིང་སྣ་བརྒྱའི་ཚེ་སྲོག་འཕེལ་ཞིང་རི་བོའི་རྩེ་མོ་སྨུག་པས་བཟུང༌།།
གཙང་པོའི་དར་ཁ་རྨེག་མེད་བཅོམ་སྟེ་གསེར་མིག་ཉ་མོས་འཁྱུག་རྩལ་ངོམ།།
ཕྱུགས་རྫི་གཞོན་ནུ་སྤྲོ་དགས་བརྟས་ཏེ་སྙན་པའི་རྩི་གླུ་ལྷང་ལྷང་ལེན།།
ཐུལ་དཀར་འབྲི་མོས་བེའུ་ཆུང་དྲན་པས་དུངས་པའི་ངུར་སྒྲ་ལྷོད་ལྷོད་སྒྲོག།
                          ༼ དབར་གྱི་ཉིན་ཐོ།༽
ལྗོན་པའི་རྩེ་རུ་ཁུ་བྱུག་སྔོན་མོས་སྙན་པའི་གླུ་དབྱངས་ལྷང་ལྷང་ལེན།།
མེ་ཏོག་ཚལ་ན་ཕྱེ་ལེབ་སྒེག་མོས་མཛེས་པའི་གར་སྟབས་ལྷབ་ལྷུབ་རྩེན།།
ལྷས་རཱཧ་དབུས་སུ་ན་ཆུང་བུ་མོས་སྒེག་པའི་གོམ་འགྲོས་ལྡེམ་ལྡེམ་སྐྱོད།།
སྤང་ལྗོངས་དཀྱིལ་ན་སྟག་ཤར་གཞོན་ནུས་རྟ་ཕོའོ་བང་ཁ་གླུ་ཡིས་བསྟོད།།
                           ༼སྟོན་གྱི་ཉིན་ཐོ།༽
གྲང་རླུང་ངར་མའི་མདུང་རྩེ་རྣོ་བས་ལྷུན་པོའི་ལྭ་བ་སེར་པོར་བསྒྱུར།།
འབྲུ་རིགས་སྙེ་མ་འབྲས་བུས་གཏམས་པས་ཞིང་བ་རྒན་པོར་སྤྲོ་བ་འཕེལ།།
རྟ་ནོར་ལུག་གསུམ་ཤ་ཤེད་རྒྱས་པས་རྫི་བོའི་སེམས་པ་དགའ་བས་ཁེངས།།
མེ་ཏོག་མགོ་ལྕོག་བ་མོས་བཅོམ་པས་སྦྲང་ཆུང་གཞོན་ནུས་སྐྱོ་གླུ་ལེན།།
                           ༼དགུན་གྱི་ཉིན་ཐོ།༽
རི་ལུང་ཐང་གསུམ་ཁ་བས་གཡོགས་ཤིང་རྐང་བཞི་ཕྱུགས་ཀྱིས་གྲང་འདར་བྱེད།།
གཙང་ཆབ་སྔོན་མོ་འཁྱག་པས་བསྡམས་ཤིང་ལྟོ་དཀར་ཉ་མོ་བཙོན་ལ་བཅུག།
རི་སྤྱང་སྔོན་མོས་བཀྲེས་སྐོམ་མ་བཟོད་རི་གསུམ་རྩེ་ནས་སྨྲེང་གླུ་གྱེར།།
གངས་དཀར་ལྷུན་པོའི་དབུ་རྩེ་ཨ་སྔོན་ཡངས་པའོཧ་མཁའ་རུ་ཇ་མཐོར་ཕྱིན།།
                          ༼རྫི་བོའི་ཉིན་ཐོ།༽
གཡང་དཀར་ལུག་ཁྱུ་རི་ལ་དེད་ནས་རྒྱུ་སྐར་ས་ལ་འཕོས་པ་བཞིན།།
གང་སར་བཀྲམ་ནས་ལུག་རྫི་ཕོ་མོས་ལ་གཞས་སྙན་མོ་དབྱངས་ལ་བཀུག།
ཡིད་སེམས་ཕན་ཚུན་མཉམ་དུ་མཐུན་པས་ལུག་ཁྱུ་གཉིས་ཀ་གཅིག་ཏུ་འདྲེས།།
རྟ་བདུན་གཞོན་ནུ་ནུབ་ཏུ་བཞུད་ཀྱང་ཕན་ཚུན་སེམས་གཏམ་རྫོགས་པ་མེད།།
                           ༼བྱིས་པའི་ཉིན་ཐོ།༽
རྡོ་ཡི་སྡེར་ཁ་ཆ་ཚང་བསྒྲིགས་ཤིང་རྭ་ཅོའི་སྒོ་ཟོག་ལྷས་ལ་བསྡུས།།
དབྱུག་པའི་རྟ་ཕོས་བང་ཁ་འགྲན་བཞིན་ཡར་མར་ཀུན་ཏུ་བདའ་རེས་བྱས།།
ཕན་ཚུན་ཁྱོ་ཤུག་ཡིན་པའི་ཟོལ་གྱིས་བཅོས་མའི་བྱིས་པ་བྱམས་ཀྱིས་བསྐྱངས།།
མཁའ་ཡི་འཇའ་རིས་འཛིན་པར་འདོད་ནས་ལག་རྡང་སྦྲེལ་ཏེ་སྔོན་དུ་རྒྱུག།
                        ༼སྒོ་ཁྱིའི་ཉིན་ཐོ།༽
ལྕགས་ཐག་ཨ་ལོང་དགུ་སྒྲིག་སྣེ་ནས་ས་ནག་གད་པར་སྡེར་འབྲད་བྱས།།
དགུང་གི་སྐར་མ་མིག་ལ་གཟན་པས་དེ་ལ་ཁོ་བོས་ཟུག་སྐད་འབྱིན།།
མཚན་མོ་ལྷས་རར་སོ་ལྟ་བྱས་ཤིང་རི་སྤྱང་དག་ལ་དམར་འཛིང་བྱེད།།
ཉིན་མོ་སླེབས་པའི་མགྲོན་པོ་རྣམས་ལ་ཕར་ཚུར་འགྲོ་བའི་སྐྱེལ་བསུ་མཛད།།
                          ༼ སྦྲའི་ཉིན་ཐོ།༽
ཁ་ཆར་བུ་ཡུག་འཇིགས་པར་རྒོལ་བའི་ས་མཐོའི་སྒང་གི་ཁྱད་ནོར་དེ།།
ཁ་འཚུབ་དབུས་ནས་དུད་ཞགས་རིང་མོའི་སྤྲིན་དཀར་རྫོང་ལ་སྐས་ཤིག་འཕང༌།།
འཇིག་རྟེན་མི་ལ་བསིལ་དྲོད་སྟེར་བའི་འབྲོག་པའི་གཙུག་གི་ནོར་བུ་མཆོག།
དུས་དང་བསྐལ་བ་མ་རྫོགས་བར་དུ་ང་ཚོའི་ལོ་རྒྱུས་བརྗོད་བཞིན་མཆིས། །
                         ༼སྲོད་ཁའི་ཉིན་ཐོ།༽
རྟ་ལྗང་གཞོན་ནུ་ཆུ་ལྷའི་ཕང་བར་དལ་བ་དལ་བུར་་བཞུད་པའི་ཚེ།།
གངས་དཀར་ལྷུན་པོས་གྲིབ་མའི་ལྭ་བ་ལུས་ལ་མཛེས་པར་བཀླུབས་པ་ན།།
སྲོད་ཀྱི་མཚམས་སྤྲིན་གཙང་པོའི་ངོགས་སུ་དམར་འོད་རྣམ་པས་ལམ་ལམ་འཕྲོ།།
འདབ་ཆགས་ཚོགས་ཀྱིས་སྐད་སྙན་སྒྲོག་གིན་རང་རང་གནས་པའི་ཚང་མལ་སྙེག།
                         ༼རྒན་རྒོན་གྱི་ཉིན་ཐོ།༽
ནངས་མོ་ལུས་ཟུང་འཁར་བར་བརྟེན་ནས་མ་ཎི་ཁང་གི་ཕྱོགས་སུ་བསྐྱོད།།
གང་དང་གང་གི་འགྲོ་ལུགས་སྡོད་སྟངས་ངག་ནས་ཟློ་བཞིན་ཉི་མར་ལྡེ།།
ཕྲེང་བ་རྒྱུན་དུ་འདྲེན་པར་གོམས་པས་ལག་པའི་སེན་མོར་སྟོང་ཁ་བབས།།
དེང་གི་དུས་ཀྱི་འཕོ་འགྱུར་གླེང་དུས་སོ་སོའོ་སེམས་པ་སོམ་ཉིར་ཚུད།།

རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩྭ་ཐང་གི་ཉིན་ཐོ།

2010-08-11 དབལ་ཤུལ་དགེ་དར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།