སྲིང་མོ་ཐ་ཆུང་མ།

ཀ་བའི་ཟེགས་མ་བར་སྣང་ཁམས་སུ་འཕྱོ།།
གྲང་རླུང་གཡུགས་པས་སྦྲ་གུར་ཡོམ་ཡོམ་སྒུལ།།
ཨོང་བའི་མེ་རླབས་འགྱུ་བའི་འདབས་རོལ་ན།།
སྲིང་མོ་ཆུང་ཆུང་མིག་འདབ་ཟིལ་བས་བརླན།།

བུ་མོ་གནས་ཡུལ་འགྲིམས་པ་ཆོས་ཉིད་ཅེས།།
འཇིག་རྟེན་སྲིད་པའི་ལུགས་སུ་གྲགས་མོད་ཀྱང་།།
ཀྱེ་མ་ཀྱི་ཧུད་བདག་གི་སྲིང་ཆུང་མ།།
ད་དུང་ལོ་ན་ཕྲ་བས་སེམས་པ་སྐྱོ།།

གནམ་མཐའི་སྐར་མ་འོད་ཆེན་གྲང་བས་འདར།།
རྐང་རྗེས་ཆུང་ཆུང་ཁ་བའི་ནང་དུ་འཛུལ།།
ཀྱེ་མ་སྲིང་མོས་ཕྱི་མིག་བསྐྱུར་བཞིན་དུ།།
མདུན་རིའི་ལབ་ཙེ་སྒང་ནས་དལ་བུར་ཡལ།།

དུས་ཀྱི་དགུ་ཀླུང་གཙང་བོའི་འགྲོས་གཅིག་གིས།།
ལོ་ཟླའི་ཤིང་ལོ་སྲབ་མོ་རྒྱང་དུ་ཁྱེར།།
ཀྱེ་མ་བདག་གི་སྲིང་མོ་ཐ་ཆུང་མའི།།
སྐྱིད་སྡུག་སྤྲང་མའི་སྐད་ཙམ་ཐོས་མ་གྱུར།།
                             ༡༩༩༥.  ༡༠. ༡༡རོང་བོ།

རྩོམ་ཁུངས། ཀུ་ཤུ་དམར་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲིང་མོ་ཐ་ཆུང་མ།

2010-08-02 ལྡོང་ཆུ་ཤེལ། ཀློག་གྲངས། མཆན ཡོད།

ཀ་བའི་ཟེགས་མ་བར་སྣང་ཁམས་སུ་འཕྱོ།།
གྲང་རླུང་གཡུགས་པས་སྦྲ་གུར་ཡོམ་ཡོམ་སྒུལ།།
ཨོང་བའི་མེ་རླབས་འགྱུ་བའི་འདབས་རོལ་ན།།
སྲིང་མོ་ཆུང་ཆུང་མིག་འདབ་ཟིལ་བས་བརླན།།

བུ་མོ་གནས་ཡུལ་འགྲིམས་པ་ཆོས་ཉིད་ཅེས།།
འཇིག་རྟེན་སྲིད་པའི་ལུགས་སུ་གྲགས་མོད་ཀྱང་།།
ཀྱེ་མ་ཀྱི་ཧུད་བདག་གི་སྲིང་ཆུང་མ།།
ད་དུང་ལོ་ན་ཕྲ་བས་སེམས་པ་སྐྱོ།།

གནམ་མཐའི་སྐར་མ་འོད་ཆེན་གྲང་བས་འདར།།
རྐང་རྗེས་ཆུང་ཆུང་ཁ་བའི་ནང་དུ་འཛུལ།།
ཀྱེ་མ་སྲིང་མོས་ཕྱི་མིག་བསྐྱུར་བཞིན་དུ།།
མདུན་རིའི་ལབ་ཙེ་སྒང་ནས་དལ་བུར་ཡལ།།

དུས་ཀྱི་དགུ་ཀླུང་གཙང་བོའི་འགྲོས་གཅིག་གིས།།
ལོ་ཟླའི་ཤིང་ལོ་སྲབ་མོ་རྒྱང་དུ་ཁྱེར།།
ཀྱེ་མ་བདག་གི་སྲིང་མོ་ཐ་ཆུང་མའི།།
སྐྱིད་སྡུག་སྤྲང་མའི་སྐད་ཙམ་ཐོས་མ་གྱུར།།
                             ༡༩༩༥.  ༡༠. ༡༡རོང་བོ།

རྩོམ་ཁུངས། ཀུ་ཤུ་དམར་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།