སྟོན་དུས་ཀྱི་བསམ་གཞིག
ཀུ་ཤུ་བིམ་པའི་འབྲས་བུ་སྣ་ཚོགས་ཀྱིས།།
ལྗོན་པའི་ཕྲག་ཏུ་གསང་བའི་མཛེས་སྡུག་ངོམ།།
འབྲུ་དྲུག་སྙེ་མ་འཁུར་བའི་ལོ་ལེགས་འདིས།།
ཁྱེད་དང་ང་ལ་གསལ་འདེབས་ཅི་ཞིག་བྱེད།།
ཁྱེད་ཀྱི་དཔྱིད་དུས་བསིལ་འཇམ་རླུང་བུས་བཏེགས།།
ང་ཡི་དབྱར་གཞུང་རྣམ་གཡེང་མགྲོན་པོས་ཁྱེར།།
ད་ནི་མི་ཚེ་སྟོན་གྱི་ཁུགས་པ་འདིར།།
ཁྱེད་དང་ང་ལ་འབྲས་བུ་ཅི་ཞིག་ལྕི།།
༢༠༠༤. ༧. ༨ རོང་བོ།
རྩོམ་ཁུངས། ཀུ་ཤུ་དམར་པོ།