མི།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-30

ཁམས་གསུམ་ཁ་ལོ་མི་ཡིས་བསྒྱུར་ནུས།།
དུས་གསུམ་གདོང་འབག་མི་ཡིས་བཤུ་ནུས།།
དུག་གསུམ་དབང་རྩ་མི་ཡིས་འཇོམ་ནུས།།
མི་ནི་འཛད་མེད་སྟོབས་ཀྱི་མངའ་བདག།

སྟེང་གི་ལྷ་ནི་མི་ལས་བྱུང་ཞིང༌།།
ཐ་ཤལ་འདྲེ་འང་མི་ལས་ཆད་སྐད།།
མི་ལ་འདྲ་མིན་སྣ་དགུ་འདུ་བས།།
ཅུང་ཟད་དཔྱད་པའི་ངལ་བ་ངས་བསྟེན།།

ལ་ལའི་སེམས་ཀྱི་གཞལ་ཡས་ཁང་ན།།
འགྲོ་དྲུག་འདྲེན་པའི་གདམས་ངག་བཞུགས་ཡོད།།
རིས་མེད་བྱམས་བརྩེའི་བསིལ་གདུགས་ཕུབ་ཡོད།།
ཟོལ་མེད་དུང་བའི་བདུད་རྩི་འཁྱིལ་ཡོད།།

འགའ་རེའི་སྙིང་གི་དཀར་ནག་མཚམས་ལ།།
མི་སེམས་གཤག་པའི་ཚིག་མཚོན་སྦས་ཡོད།།
མི་ཡུལ་དཀྲུག་པའི་ཇུས་གཞི་འཐེན་ཡོད།།
མི་ཆོས་བརླག་པའི་ཐབས་འཕྲུལ་བཀོད་ཡོད།།

ལ་ལ་འབྱོར་ཚེ་རིགས་རུས་བརྗེད་འགྲོ།།
ཕ་དང་ཕུ་ནུའི་བརྩེ་བ་དོར་འགྲོ།།
སྐད་དང་ཡི་གེའི་གོ་ཐོབ་འཁྲུལ་འགྲོ།།
རྒྱུ་འབྲས་རྒྱ་མ་རིང་དུ་སྤྱུགས་འགྲོ།།

འགའ་ཞིག་རྒུད་ཚེ་མི་གཞི་བོར་འགྲོ།།
བརྐུ་འཕྲོག་བཅོམ་གསུམ་ལས་ལ་ཕྱོགས་འགྲོ།།
ཤོ་རྒྱག་རྒྱལ་འཇོག་བྱ་བར་གོམས་འགྲོ།།
ཡིད་ཀྱི་ཕུགས་འདུན་འཇའ་ལྟར་ཡལ་འགྲོ།།

མི་ནི་འཁོར་བའི་བདག་པོར་མཐོང་ཡང༌།།
དོན་དམ་མི་ནི་འཁོར་བའི་བྲན་གཡོག།
མི་ཡི་བསམ་འདུན་བདེ་སྐྱིད་ཡིན་ཡང༌།།
སྡུག་གི་མཚོ་མོའི་ནང་ད་ལྷུང་ཡོད།།
                                     2009-5-6

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི།

2010-07-30 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

ཁམས་གསུམ་ཁ་ལོ་མི་ཡིས་བསྒྱུར་ནུས།།
དུས་གསུམ་གདོང་འབག་མི་ཡིས་བཤུ་ནུས།།
དུག་གསུམ་དབང་རྩ་མི་ཡིས་འཇོམ་ནུས།།
མི་ནི་འཛད་མེད་སྟོབས་ཀྱི་མངའ་བདག།

སྟེང་གི་ལྷ་ནི་མི་ལས་བྱུང་ཞིང༌།།
ཐ་ཤལ་འདྲེ་འང་མི་ལས་ཆད་སྐད།།
མི་ལ་འདྲ་མིན་སྣ་དགུ་འདུ་བས།།
ཅུང་ཟད་དཔྱད་པའི་ངལ་བ་ངས་བསྟེན།།

ལ་ལའི་སེམས་ཀྱི་གཞལ་ཡས་ཁང་ན།།
འགྲོ་དྲུག་འདྲེན་པའི་གདམས་ངག་བཞུགས་ཡོད།།
རིས་མེད་བྱམས་བརྩེའི་བསིལ་གདུགས་ཕུབ་ཡོད།།
ཟོལ་མེད་དུང་བའི་བདུད་རྩི་འཁྱིལ་ཡོད།།

འགའ་རེའི་སྙིང་གི་དཀར་ནག་མཚམས་ལ།།
མི་སེམས་གཤག་པའི་ཚིག་མཚོན་སྦས་ཡོད།།
མི་ཡུལ་དཀྲུག་པའི་ཇུས་གཞི་འཐེན་ཡོད།།
མི་ཆོས་བརླག་པའི་ཐབས་འཕྲུལ་བཀོད་ཡོད།།

ལ་ལ་འབྱོར་ཚེ་རིགས་རུས་བརྗེད་འགྲོ།།
ཕ་དང་ཕུ་ནུའི་བརྩེ་བ་དོར་འགྲོ།།
སྐད་དང་ཡི་གེའི་གོ་ཐོབ་འཁྲུལ་འགྲོ།།
རྒྱུ་འབྲས་རྒྱ་མ་རིང་དུ་སྤྱུགས་འགྲོ།།

འགའ་ཞིག་རྒུད་ཚེ་མི་གཞི་བོར་འགྲོ།།
བརྐུ་འཕྲོག་བཅོམ་གསུམ་ལས་ལ་ཕྱོགས་འགྲོ།།
ཤོ་རྒྱག་རྒྱལ་འཇོག་བྱ་བར་གོམས་འགྲོ།།
ཡིད་ཀྱི་ཕུགས་འདུན་འཇའ་ལྟར་ཡལ་འགྲོ།།

མི་ནི་འཁོར་བའི་བདག་པོར་མཐོང་ཡང༌།།
དོན་དམ་མི་ནི་འཁོར་བའི་བྲན་གཡོག།
མི་ཡི་བསམ་འདུན་བདེ་སྐྱིད་ཡིན་ཡང༌།།
སྡུག་གི་མཚོ་མོའི་ནང་ད་ལྷུང་ཡོད།།
                                     2009-5-6

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།