ཚེ་སྲོག་གི་འཁུན་སྒྲ།

དམར་ཕྱོགས་ཟླ་བའི་ལང་ཚོ་སྨག་གིས་ཟོས།།
དབང་ཕྱོགས་ཉི་མའི་འོད་ཕུང་སྤྲིན་པས་བསྒྲིབས།།
ཐོ་རངས་སྐར་ཆེན་ཤར་བའི་ཁུགས་སོ་ནས།།
བུ་ངའི་ཚེ་སྲོག་འཁུན་སྒྲའི་སྨྲེ་ངག་གྱེར།།

བྱམས་ལྡན་ཨ་མའི་ནུ་ཞོ་ཤུགས་ཀྱིས་གཞིབས།།
བརྩེ་ཆེན་ཨ་མའི་ལྷིང་འཇགས་བསྟུད་མར་དཀྲོགས།།
རྡེའུ་དཀར་ནག་སྒྲིག་པའི་རྩེད་ར་ནས།།
བྱིས་བློའི་དྲི་མ་སྤྲོ་དགའི་གླུ་ལ་ཐིམས།།

ལོ་ཟླའི་གོམ་ཁ་ཚུར་ལ་བཙན་གྱིས་སྤོས།།
ཆོ་མེད་སྣང་བ་ཕར་ལ་ངང་གིས་ཤོར།།
དྲན་གདུང་དུས་ཚིགས་བརྩེགས་པའི་བམ་ཀ་ནས།།
བཅུ་དྲུག་གཞོན་ནུའི་ལང་ཚོ་ཁད་ཀྱིས་རྫོགས།།

འཁྲུལ་སྣང་སྟོང་གི་གཞིས་ཁྱིམ་རྡོག་པས་མནན།།
བཙན་རྫོང་རྒྱ་མཁར་སྨུག་པོ་ཁ་བས་བཀླུབས།།
ལྷ་ཆེན་མཐུ་ལ་རེ་བའི་སྐྱབས་འོག་ནས།།
ཧ་མ་ལ་ཡི་གནས་བསྟོད་ཤུགས་ཀྱིས་བཀླགས།།

རྒྱུས་མེད་མི་ལ་བརྩེ་བ་དུག་གིས་བཀུམས།།
དྲན་པའི་སྙིང་ཁམས་ཧྲིལ་བོ་ནད་ཀྱིས་བཟུང༌།།
གཟུགས་མེད་བརྩེ་དུང་འཚོ་བའི་རླབས་རྩེ་རུ།།
ཀུན་རྟོག་རྣམ་ཤེས་རྒོད་པོ་རླུང་གིས་བསྐྱོམས།།

གཞན་དབང་བཀོད་སྒྲིག་རྩུབ་པོ་སྐེ་རུ་དྲུད།།
ལྷོ་མོན་རུ་སྡེ་ཕྲ་མོ་སེམས་ལ་འཁོར།།
བསམ་གཞིགས་ལྕི་མོ་སྟོང་གི་བར་གསེང་ནས།།
ཨུ་ཤུའི་ཤུགས་རིང་དགུ་བརྩེགས་སྣ་ལ་དྲངས།།

ཟླ་འོད་མག་མོག་སྒེའུ་ཁུང་འགྲམ་དུ་འཚེར།།
རྩམ་ནག་བྲོ་བ་ཁང་མིག་དོག་པོར་ཁྱབ།།
ཞག་སྒྲོན་རྐང་གཅིག་སྒྲོན་པའི་འོད་ངོགས་སུ།།
སྙན་ངག་ཐན་ཐུན་བྲིས་ནས་འཚོ་བ་བསྐྱལ།།

ཡར་ཁའི་རི་ལ་དར་ལྕོག་ཁྲུ་གང་བཏགས།།
མར་ཁའི་བསང་ཁྲིར་འབྲུ་རིགས་བྲེ་གང་ཕུད།།
རླུང་རྟ་སྤར་གང་གཏོར་བའི་གྲིབ་བསིལ་ནས།།
ཡོད་ཚད་བསྲེགས་པའི་དུད་ཞགས་བན་བུན་འཁྲིགས།།

མི་ཁའི་དུག་ཆུ་ཁོལ་མོས་སེམས་པ་མནར།།
མ་དག་སྡིག་སྒྲིབ་ལྕི་མོས་ལུས་ཕུང་གཙེས།།
དགའ་སྐྱོ་ཆགས་སྡང་མོད་པའི་གཞིས་ཀ་ནས།།
ངེས་མེད་མི་ཡི་སེམས་ཁམས་ཐེངས་གཅིག་བལྡགས།།

བྲག་འཕྲང་རྫ་རི་སྨུག་པོ་གཉན་གྱིས་བཟུང༌།།
དྭངས་གཙང་ཆུ་མིག་དོག་པོ་ཀླུ་ཡིས་འཛིན།།
ལས་དབང་ཐོད་པ་དཔྱངས་པའི་འཇིག་རྟེན་ནས།།
ཡོད་ཚད་གཟུགས་མེད་རོག་བཏགས་སེམས་འགྱུས་བཟུང༌།།

རྣམ་ཤེས་སྟོང་འདང་ལྷ་ཡི་ཁམས་སུ་ཉུལ།།
ཕྱི་ཤུན་མཁྲེགས་པོ་མི་ཡི་ཡུལ་དུ་ལུས།།
ཨམ་གཙིགས་ཨུ་ཤུ་བརྩེགས་པའི་མི་ཚེ་འདི།།
དངོས་གཙོ་རྩོད་སྒྲུབ་ལྟ་བའི་ལུགས་ལ་བསྒྱུར།།

མ་རྟོག་ལོག་རྟོག་བསྡེབས་ནས་སྡིགས་ཀྱང་རུང༌།།
རྟོགས་སད་སྒྱུ་མིའི་རང་མདངས་གསལ་ཡང་ཆོག།
མི་ལོ་ཉི་ཤུ་རྫོགས་པའི་གཞིས་ཁྱིམ་ནས།།
མི་ཚེའི་བརྒྱུད་རིམ་སྙན་ངག་གཟུགས་སུ་འཕོས།།

ཁ་བའི་རྨི་ལམ་སྟུག་པོ་ཅོང་བརྡས་དཀྲོགས།།
སྒྱིད་ལུག་ལེ་ལོའི་འཚོ་བ་ལས་བྱས་བཙིར།།
མི་ཚེ་སྨྱུག་རྩེས་འཚོལ་བའི་སློབ་གླིང་ནས།།
ཟིན་ཐོ་དམར་པོའི་ལེ་ཚན་དང་པོ་བྲིས།།

རྩོམ་ཁུངས། ༢༠༠༤༣ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་སྲོག་གི་འཁུན་སྒྲ།

2010-07-28 མགར་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།