དྲན་གདུང་སེམས་སུ་སྐྱོམ་པའི་གླུ་སྒྲ།

གཞུང་ལུགས་གདམས་པར་ཤར་བའི་ཟླ་བྲལ་གྱི་བཤེས་གཉེན།།
འཕྲལ་གཅིག་མཇལ་བར་བྱུང་བའི་སྔོན་ལས་དེ་སྐྱིད་པ།།
སྐྱིད་ལ་ཡིད་རྟོན་མེད་པ་མདང་དགོང་གི་རྨི་ལམ།།
དེ་རིང་བུ་ང་སྐྱོ་བའི་སྣང་ཚུལ་འདི་སྡུག་པ།།
ཕྱིར་དྲན་ཀློང་ན་ད་དུང་ཡོད་ཡོད་དང་འདྲ་བར།།
བྱམས་བརྩེའི་འཛུམ་མདངས་ལ་སོགས་མིག་ལམ་དུ་འཕྱོ་ཡང༌།།
དོན་དངོས་བདེན་པའི་ལམ་ན་ཐག་རིང་དུ་བཞུད་པས།།
སྙིང་གི་ཟུག་གཟེར་འདི་ལ་མནོན་ཐབས་ཤིག་མི་འདུག།
མནར་གཅོད་སྟོང་གི་གཙེས་པའི་སྐྱོ་སྡུག་གི་ངོགས་ནས།།
ཁྱོད་ཀྱི་ལྷག་བསམ་དྲན་པའི་གཏིང་རུམ་ལ་འཛུལ་ཡོད།།
འདས་སོང་གཏམ་རྒྱུད་ཡོད་ཚད་རེ་རེ་ནས་ཀློག་བཞིན།།
ན་ཟུག་འོ་དོད་ཀློང་ན་འཕག་འཚག་གིས་འདའ་ཡོད།།
འགྱུར་བག་རྒོད་པའི་ལོ་ཟླ་ཁད་ཁད་ཀྱིས་སླེབས་ནས།།
བསླུ་བྲིད་འཇབ་རྒོད་ཐེབས་པའི་དེ་རིང་ལ་གཏུགས་སོང༌།།
སེམས་ཀྱི་གཅོང་ནད་གསོ་བའི་ལྷ་རྗེ་ཞིག་མེད་ན།།
དྲན་སྣང་ས་རྡུལ་སྐྱ་བོ་འདག་རྒྱུ་ཞིག་མི་འདུག།
ཡུན་རིང་མི་ཚེའི་རི་མོ་ཚོན་མདངས་ཀྱིས་བྱུགས་པས།།
ཁྱོད་སྙན་རླུང་རྟ་གྲངས་མེད་ཕྱོགས་མེད་དུ་འཕུར་ཡང༌།།
དྲན་གདུང་བག་ལ་ཞ་བའི་ཁེར་རྐྱང་གི་བུ་ལོ།།
སྒྱུ་འཕྲུལ་འཚོ་བའི་ཞིང་ན་ཉམ་ཆུང་གིས་འགྲེང་ཡོད།།
གང་བསྡད་གང་སོང་ས་ཡི་དྲན་ཤེས་ཀྱི་ངོགས་སུ།།
ལྷམ་མེར་ལྷུན་ནེ་ཁྱོད་ཉིད་གསལ་གསལ་དུ་བཞུགས་པས།།
ཕྱི་ཡི་རྣམ་པ་ད་དུང་ཆོག་ཆོག་ཅིག་འདུག་ཀྱང༌།།
ནང་གི་སྐྱིད་པའི་ཉི་མ་སྔ་མོ་ནས་ནུབ་ཡོད།།
དྲན་སྣང་བཙན་གྱིས་བཀག་ནས་རྒྱ་ཡན་དུ་བསྡད་ཀྱང༌།།
ཁྱོད་ཀྱི་འཁྲེང་བའི་མིག་གི་ཞལ་ཆེམས་དེ་མ་ཁོགས།།
ནུས་མེད་ཉམ་ཆུང་ཡིད་ལ་སྣ་ཚོགས་ཤིག་ཤར་གྱིན།།
ལག་གི་དཀར་ཡོལ་འདི་ཡང་ལྕུག་ལྕུག་གིས་འདར་བྱུང༌།།
 འགར་རྩེ་རི་གྲོང་དེང་རབས་འཛུགས་བསྐྲུན་ལ་ཕྱོགས་ཡོད།།
ཁ་ཡ་ན་ཟླའི་དགོད་སྒྲ་རོང་ཆུ་དང་འདྲེས་ཡོད།།
ཁོ་བོ་གཅིག་པུ་སུན་སྣང་ཡུལ་ལྗོངས་ལ་རོལ་ཏེ།།
དངན་པ་རིང་མོ་སྨྱུག་རྩེའི་བཞུར་རྒྱུན་ལ་འཐིམས་ཡོད།།

རྩོམ་ཁུངས། ༢༠༠༤༣ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་གདུང་སེམས་སུ་སྐྱོམ་པའི་གླུ་སྒྲ།

2010-07-28 གཉན་འཛུམ་དཀར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།