རྣམ་རྟོག་སེམས་ཀྱི་རང་སྒྲ།

ཁྲི་སེར་འཇམ་དཔལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-28

དགེ་སྡུག་སྣང་བའི་གཟི་བྱིན་ལ་འཕྱ་ཞིང༌།།
ལྷུན་གྲུབ་ཚངས་པའི་དབྱངས་ཀྱི་འགྱུར་ཁུགས་ནི་སྙན་པ།།
རྒྱ་ཆེན་དགོངས་པ་ཟབ་མོ་མཚོ་ཀློང་ལྟར་བརྡོལ་བའི།།
མཚུངས་མེད་བླ་མས་ངག་རིག་བྱིན་ཆེན་དེ་ཕོབ་ཅིག།

བཤེས་གཉེན་གྲོགས་ལ་བརྩེ་བའི་ཕྱོགས་ཞེན་ནི་མེད་ལ།།
མི་འདོད་ལས་ལ་འཇུག་པིའེ་སྤྲོ་སྣང་ཡང་མི་མངའ།།
གནས་ལུགས་ཚད་མར་སྨྲ་བའི་འབྱོར་མེད་ཀྱི་བུ་ལ།།
བདེན་རྫུན་སྲོང་བོར་སྟོན་པིའེ་སྙན་ངག་ལས་མེད་དོ།།
དྲིན་ཆེན་ཕ་མས་བསགས་པའི་ཚེ་གཅིག་གི་རྒྱུ་ནོར།།
འཐོབ་འདོད་རེ་བ་ཕྲ་མོ་སྔ་ས་ན་མེད་ཀྱང༌།།
བཀའ་དྲིན་བརྩེ་བས་ཕྱུག་པའི་སྦྲང་ཆང་གི་མངར་ཁ།།
མྱང་འདོད་བློ་ཡི་མཐའ་ནི་རྒྱང་ཕྲག་གིས་དབེན་སོང༌།།

དབང་ཅན་དཔོན་པོར་ངོ་དགའི་སྤྲེལ་ལད་ནི་མ་བྱས།།
ཉམ་ཆུང་སྤྲང་བོར་སྟག་མོའིཟིལ་ཤུགས་ཀྱང་མ་བསྟན།།
རང་གིས་རང་ལ་ཚད་མའི་ལྟ་བ་ཞིག་བཟུང་ཡང༌།།
རྣམ་རྟོག་མི་ཁའི་རྒྱ་ལས་འགོང་ཐབས་ཤིག་མ་མཆིས།།

མགོ་འདེགས་ཚད་མའི་གནས་ལུགས་རྐྱང་རྐྱང་དུ་སྨྲས་ན།།
ང་རྒྱལ་ཁེངས་པ་ཅན་གྱི་སྡང་མིག་གིས་བལྟས་འགྲོ།།
མགོ་སྨད་སྨྲ་བ་ཉུང་བའི་རྟུལ་ཞུགས་ལ་གནས་ཀྱང༌།།
ཉམ་ཆུང་སྡར་མ་གན་ཞེས་ཁྲེལ་འཛུམ་རེ་གནངས་བྱུང༌།།

ཕྱི་ལུས་དབེན་པའི་རི་ལ་ཉམས་བཞག་ཏུ་གནས་ཀྱང༌།།
ནང་སེམས་ཟང་ཟིང་འཁོར་བའི་འདུ་འགོད་ལ་ཞེན་འགྲོ།།
ཕྱི་ནང་སྐད་ཅིག་འགྱུ་བའི་ཟློས་གར་ལ་རོལ་ནས།།
བདག་གཞན་དོན་ཕྲན་ཙམ་ལ་ལག་རྗེས་དེ་མ་ཞོག།

ཁ་ཡག་འཛུམ་གྱིས་བསུ་བའི་ཟོལ་ཅན་གྱི་མི་ལ།།
རེ་ཐག་ཁོང་ནས་ཆད་ཀྱང་གཤོལ་ཐབས་ནི་མི་འདུག།
ལྷད་མེད་བརྩེ་བ་བརྟན་པའི་མཛའ་མཐུན་གྱི་མཆེད་གྲོགས།།
འདུ་བྲལ་ཆོས་ཉིད་དེ་ལས་འགོང་ཐབས་ཤིག་མ་ཡོད།།

བློ་གྲོས་གཏེར་འཆང་སྒེག་ལྡན་བརྩོན་སེམས་ཀྱི་མཛའ་མོས།།
སྐད་ཅིག་ལྔ་རིག་ལྷུན་པོའི་ཡང་རྩེ་ལ་བསྐུལ་ཡང༌།།
ཆོས་བརྒྱད་མཛེས་མར་ཆགས་པའི་རྨི་ལམ་ལ་རོལ་ནས།།
སྣ་ཚོགས་འདོད་ཡོན་སྒྱུ་མའི་བྲོ་ཁང་ལས་མ་ཐར།།

སྟེང་གི་ལྷ་ལ་མ་དད་བཀའ་ཆད་ཅིག་ཕོག་བྱུང༌།།
འོག་གི་ཀླུ་ལ་མ་མཆོད་ནད་ཡམས་ཤིག་ཐེབས་ཡོད།།
བར་གྱི་གཉན་བཙན་ཁོས་ཏེ་འཇིགས་སྣང་ཞིག་བསྐུལ་བས།།
ཉམ་ཆུང་སེམས་ལ་རྣམ་རྟོག་རྫོགས་མེད་ཅིག་བསྐྲུན་སོང༌།།

ཕན་པའི་དུས་ན་གཅམ་གསག་འཛུམ་མདངས་ཀྱིས་བསུ་ཞིང༌།།
དགོས་པ་བྲལ་དུས་སྡང་མིའེ་རྣམ་འགྱུར་གྱིས་བསླུས་འགྲོ།།
མཁོ་དུས་ལྷ་རྫས་མི་མཁོ་གདོན་རྫས་སུ་བརྩི་བས།།
མི་རྟག་སྒྱུ་མའི་གྲོང་འདིར་བློ་གཏོད་ཅིག་མི་འདུག།

ལྷུན་སྟུག་བྲག་རི་མཐོན་པོའི་རྩེ་མོ་ན་འགྱིང་བའི།།
རང་དབང་ཁ་ཕྱོགས་བྲལ་བའི་དར་ལྕོག་གི་དར་ལྕེ།།
འབྱུང་བ་རླུང་གིས་བྲབས་པའི་རྩེད་མཚར་གྱི་ཁྲོད་ནས།།
མི་རྟག་ངེས་་འབྱུང་སྒོམ་པའི་དར་ཤིང་དེར་སྐྱོ་ཨང༌།།

རང་དབང་གོམ་ཤུགས་གཉོམ་པའི་བརྩེ་ལྡན་གྱི་སྲིང་ཆུང༌།།
ལས་དབང་བཀོད་སྒྲིག་བཙན་པོའི་བསླུ་བྲིད་ཀྱི་ཁ་ནས།།
འབྱོར་ལྡན་ཁ་དབང་ཅན་གྱི་མཆེ་སྡེར་ལ་འཐམ་པས།།
ན་ཆུང་རིག་པའི་མེ་ཏོག་སྐམ་རྙིད་རང་ཐེབས་སོང༌།།

རིག་པའི་གནས་ལམ་འགྲིམ་པའི་བུ་ཕྲུག་གི་མདུན་ལམ།།
མོ་རྩིས་ལུང་བསྟན་རྫུན་མིའེ་ལྡོག་ཕྱོགས་སུ་བསྒྱུར་ལ།།
ཨུ་ཚུགས་མཁྲེགས་འཛིན་ཆེ་བའི་ལྷ་མིན་གྱི་དཔུང་ཚོགས།།
ཉེར་གཅིག་དུས་ཀྱི་རི་བོའི་ཁོང་གསེང་ནས་འཇུར་འོང༌།།

བཅོ་ལྔའི་བུ་མོ་རྒྱུད་མེད་གཞན་ཁྱིམ་ལ་སྙེག་འགྲོ།།
བཅུ་དྲུག་གཞོན་ནུ་འཁོར་བའི་བརྩེ་དུངས་ལ་འཐམ་སོང༌།།
དྲིན་ཆེན་ཕ་མ་སྲིད་པའི་འབྱོར་བ་ལ་ཞེན་པས།།
མི་རབས་འདི་ལ་འདུན་པའི་ཕུགས་བསམ་ཞིག་མི་འདུག།

འབྱོར་ལྡན་ཕྱུག་པོའི་གྲལ་མགོ་སྔ་མོ་ནས་ཟིན་ཡང༌།།
རང་རྒྱུ་ཁབ་སྐུད་ཙམ་གྱི་སྦྱིན་གཏོང་ནི་མི་ཕོད།།
གཞན་གྱི་ནོར་ལ་གང་འདོད་ཧབ་ཐོབ་ཀྱིས་འབད་པོ།།
ཀྲེ་ཏའི་མིང་གི་ཅོད་པཎ་གཙུག་རྒྱན་དུ་ལོངས་ཤིག།

སྔ་དྲོ་སྒྲུབ་ཁང་གཅིག་གི་དཀྱིལ་འཁོར་གྱི་མདུན་དུ།།
རྩ་བརྒྱུད་བླ་མའི་གསུང་གི་བདུད་རྩི་ལ་རོལ་ཞིང༌།།
ཕྱི་དྲོ་དམ་ཚིག་གསེར་གྱི་རྨུ་ཐག་དེ་ལྷོད་ནས།།
ཕན་ཚུན་འགལ་བའི་སྡང་སེམས་ཆར་སྤྲིན་ལྟར་འཐིབས་སོང༌།།

ལྔ་རིག་ཆོས་གྲྭར་འགྲིམས་པའི་འབྱོར་མེད་ཀྱི་གྲྭ་རྐྱང༌།།
ཕྲག་དོག་མེ་རླབས་ཚ་མོས་གཞན་འདོད་ལ་རེ་ནས།།
ཀུན་རྟོག་རླུང་གིས་གཡོས་པའི་དགོན་གྲོང་གི་མི་ཁ།།
ཉེ་མེད་བུ་ལ་འཁོར་བའི་གླེང་ཕྱོགས་འདིར་ཕངས་པ།།

ཐོས་བསམ་དོན་གཉེར་རིག་པའི་བུ་ཆུང་གི་རླུང་རྟ།།
རྒུད་ཙམ་བྱས་པ་སྲུང་མའི་བཀའ་ཆད་ནི་ཡིན་སྐད།།
རང་ལྟ་མཆོག་འཛིན་རྒན་པོའི་འདོད་རྒྱལ་ལ་གཞིགས་ན།།
མཁྱེན་བརྩེའི་ཡེ་ཤེས་མངའ་མའི་སྲུངམ་ཞིག་མི་འདུག།

ལྷད་མེད་གཤིས་ཀྱིས་གྲུབ་པའི་རྣམ་དག་གི་ཀུན་སློང༌།།
དུངས་བརྩེ་དགུ་མདུད་བསྒྲིལ་བའི་ལྷ་དར་གྱི་ཁུགས་པ།།
རྔམ་ནག་དུག་ཁུས་རུལ་བའི་ཆོས་ཉིད་ལ་བསམ་ན།།
ཀྱེ་མ་སྲིད་པའི་ཁམས་འདིར་སྙིང་བོ་ཞིག་མི་འདུག།

མི་རྒྱུད་མཐོ་དམན་བར་མའི་ཕྲག་དོག་གི་རྩོད་པས།།
མི་རབས་དུ་མའི་མཛའ་བརྩེ་རྨེག་མེད་དུ་བཅོམ་སོང༌།།
མི་རྟག་སྙིགས་མའི་དུས་ཀྱི་རང་མཚང་ལ་གཞིགས་ནས།།
མི་བཟོད་རྣམ་རྟོག་སེམས་ཀྱི་རང་སྒྲ་འདི་ཐལ་ལོ།།

རྩོམ་ཁུངས། ༢༠༠༤༣ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྣམ་རྟོག་སེམས་ཀྱི་རང་སྒྲ།

2010-07-28 ཁྲི་སེར་འཇམ་དཔལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།