གཉོམ་དྲགས་པའི་གླུ་སྐད།

ཕྱི་རོལ་ཁ་བ་ལེབ་མོ་མཐུག་ཏུ་ཕྱིན།།
ལྷགས་རླུང་རེག་བྱ་རྩུབ་མོའི་ཤུགས་གླུ་འཐོར།།
སྣང་བ་དར་ལ་འབྱར་བའི་མི་རྐྱང་གིས།།
ན་ཟུག་སྟོང་གི་འཁུན་སྒྲ་ཐོལ་གྱིས་ཤོར།།

སྦྲ་ནག་རལ་བོ་གྲང་རླུང་ངར་མོས་སྐྱོམ།།
ནང་གི་ཟུངས་ཁྲག་དོན་མོ་ཁ་བས་བལྡགས།།
ཆག་ཀྲུམ་སེམས་ལ་ཤོར་བའི་ཁྱིམ་གཞི་ལ།།
བཟོད་མེད་རུས་རྐང་གཅོག་པིའེ་ན་ཟུག་འཁོར།།

སྟོབས་ཤུགས་མངའ་ཐང་དར་བའི་འདབ་ལྡན་ཚོགས།།
གོ་ལ་ཟླུམ་པོའི་རྩེ་ལ་ལྷོད་ཀྱིས་འཕུར།།
འཇིགས་རྔམ་ངོ་གདོང་ཁྲོས་པའི་མཆེ་བར་ན།།
སྦྲ་ནག་རལ་བོ་རྨི་ལམ་ཀློང་ན་འཁྱམས།།

གྲང་རླུང་གདུག་རྩུབ་ངར་མའི་ཐུ་འོག་ན།།
ཁ་བ་ནག་པོའི་ན་ཟུག་སེམས་ལ་ལྷུང༌།།
མཚན་ཐུབ་མར་མེ་སྦར་བའི་འགྲམ་ངོགས་སུ།།
གཟུགས་མེད་གཞན་ཞིག་སླེབས་ནས་སྐྱོབ་པར་སྒུག།

ཕྱུག་པོར་ཡོད་ཚད་ཐོབ་པའི་ང་རྒྱལ་ཞིག།
སྤྲང་པོར་འདོད་བློ་མེད་པའི་ཡིད་ཆད་ཅིག།
ནད་པར་རེ་བ་བྲལ་བའི་ཡིད་མུག་ཅིག།
ཀུན་གྱི་ཁ་སྒོ་ལས་དབང་གཅིག་པོས་ཆོད།།

སྐྱེས་པའི་འཇིག་རྟེན་དེ་ན་བྱིས་པ་ཚོ།།
རི་བོང་ཅལ་འདྲོགས་ཡིན་པའི་འགྲོ་སྟངས་ཀྱིས།།
ཀུནགྱི་ངུར་སྨྲིག་ཐོད་ལ་ལེན་པ་འདི།།
ཆོལགསུམ་གྲངས་ལ་མང་ཉུང་མེད་པ་འདྲ།།

གཞུང་ལུགས་གསར་རྙིང་ཕྲག་དོག་དུག་གིས་མྱོས།།
ཕུ་ནུ་ཕན་ཚུན་དམར་པོ་ཁྲག་གིས་འཐབ།།
བརྩེ་སེམས་སྦྲེལ་ཐག་གཏོར་བའི་བྱེད་ལུགས་འདིས།།
ཡོད་ཚད་འཐོབ་ཀྱང་ཆོག་པའི་སྒོ་མོ་བརྒྱབ།།

ཁྲམ་པ་གཡོ་སྒྱུ་རྒོད་པའི་མི་དྲག་ཚོར།།
ཕྱི་ཕྱག་ཚད་མེད་བགྱིས་པའི་མཐའ་འབྲས་སུ།།
མཛེས་སྡུག་སྙིང་ལ་ལྷུང་བའི་བར་སྣང་ལ།།
 འདབ་ལྡན་གཞན་དག་ལྡིང་བའི་རྣམ་སྨིན་འཁོར།།

བླ་སྤྲུལ་དར་མའི་མིག་གིས་ལྷ་མོ་འཚོལ།།
སྐུ་དྲག་མིག་ཟུང་སྒོར་མོ་དྲོད་ལ་འབྱར།།
རྒོད་པོ་རྒྱང་ལ་འཕུར་བའི་གོད་ཆག་བྱུང༌།།
འདི་ན་ཞེན་ཆགས་ལྕི་བའི་བྱ་ཚོགས་ཉུང༌།།

དགུན་གྱི་བཙག་རླུང་ངར་མའི་སྟོབས་ཤུགས་དར།།
གངས་རིའི་ཁྱིམ་ལ་ཁ་བ་ནག་པོ་བབས།།
སེམས་པ་ཆུ་ལ་བསྐྱུར་བའི་འཁྱམས་པོ་ལ།།
སེམས་གསོ་ཅུང་ཙམ་བགྱིད་པའི་མེ་རླབས་གང༌།།

ལོ་ཟླའི་གཙང་ཆེན་རྒྱང་ནས་རྒྱང་དུ་བཞུར།།
སྦྲ་ནག་ཀླུང་རྟ་རྒུད་ནས་རྒུད་དུ་ཕྱོགས།།
གངས་རིར་དུངས་ཞེན་ཟབ་པའི་མི་རྐྱང་གིས།།
ན་ཟུག་ཁྲག་གི་ཟེགས་མ་འདི་ཙམ་ཐོར།།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཉོམ་དྲགས་པའི་གླུ་སྐད།

2010-07-26 རྔོག་བུ་དམ་ཆོས། ཀློག་གྲངས། མཆན ཡོད།

ཕྱི་རོལ་ཁ་བ་ལེབ་མོ་མཐུག་ཏུ་ཕྱིན།།
ལྷགས་རླུང་རེག་བྱ་རྩུབ་མོའི་ཤུགས་གླུ་འཐོར།།
སྣང་བ་དར་ལ་འབྱར་བའི་མི་རྐྱང་གིས།།
ན་ཟུག་སྟོང་གི་འཁུན་སྒྲ་ཐོལ་གྱིས་ཤོར།།

སྦྲ་ནག་རལ་བོ་གྲང་རླུང་ངར་མོས་སྐྱོམ།།
ནང་གི་ཟུངས་ཁྲག་དོན་མོ་ཁ་བས་བལྡགས།།
ཆག་ཀྲུམ་སེམས་ལ་ཤོར་བའི་ཁྱིམ་གཞི་ལ།།
བཟོད་མེད་རུས་རྐང་གཅོག་པིའེ་ན་ཟུག་འཁོར།།

སྟོབས་ཤུགས་མངའ་ཐང་དར་བའི་འདབ་ལྡན་ཚོགས།།
གོ་ལ་ཟླུམ་པོའི་རྩེ་ལ་ལྷོད་ཀྱིས་འཕུར།།
འཇིགས་རྔམ་ངོ་གདོང་ཁྲོས་པའི་མཆེ་བར་ན།།
སྦྲ་ནག་རལ་བོ་རྨི་ལམ་ཀློང་ན་འཁྱམས།།

གྲང་རླུང་གདུག་རྩུབ་ངར་མའི་ཐུ་འོག་ན།།
ཁ་བ་ནག་པོའི་ན་ཟུག་སེམས་ལ་ལྷུང༌།།
མཚན་ཐུབ་མར་མེ་སྦར་བའི་འགྲམ་ངོགས་སུ།།
གཟུགས་མེད་གཞན་ཞིག་སླེབས་ནས་སྐྱོབ་པར་སྒུག།

ཕྱུག་པོར་ཡོད་ཚད་ཐོབ་པའི་ང་རྒྱལ་ཞིག།
སྤྲང་པོར་འདོད་བློ་མེད་པའི་ཡིད་ཆད་ཅིག།
ནད་པར་རེ་བ་བྲལ་བའི་ཡིད་མུག་ཅིག།
ཀུན་གྱི་ཁ་སྒོ་ལས་དབང་གཅིག་པོས་ཆོད།།

སྐྱེས་པའི་འཇིག་རྟེན་དེ་ན་བྱིས་པ་ཚོ།།
རི་བོང་ཅལ་འདྲོགས་ཡིན་པའི་འགྲོ་སྟངས་ཀྱིས།།
ཀུནགྱི་ངུར་སྨྲིག་ཐོད་ལ་ལེན་པ་འདི།།
ཆོལགསུམ་གྲངས་ལ་མང་ཉུང་མེད་པ་འདྲ།།

གཞུང་ལུགས་གསར་རྙིང་ཕྲག་དོག་དུག་གིས་མྱོས།།
ཕུ་ནུ་ཕན་ཚུན་དམར་པོ་ཁྲག་གིས་འཐབ།།
བརྩེ་སེམས་སྦྲེལ་ཐག་གཏོར་བའི་བྱེད་ལུགས་འདིས།།
ཡོད་ཚད་འཐོབ་ཀྱང་ཆོག་པའི་སྒོ་མོ་བརྒྱབ།།

ཁྲམ་པ་གཡོ་སྒྱུ་རྒོད་པའི་མི་དྲག་ཚོར།།
ཕྱི་ཕྱག་ཚད་མེད་བགྱིས་པའི་མཐའ་འབྲས་སུ།།
མཛེས་སྡུག་སྙིང་ལ་ལྷུང་བའི་བར་སྣང་ལ།།
 འདབ་ལྡན་གཞན་དག་ལྡིང་བའི་རྣམ་སྨིན་འཁོར།།

བླ་སྤྲུལ་དར་མའི་མིག་གིས་ལྷ་མོ་འཚོལ།།
སྐུ་དྲག་མིག་ཟུང་སྒོར་མོ་དྲོད་ལ་འབྱར།།
རྒོད་པོ་རྒྱང་ལ་འཕུར་བའི་གོད་ཆག་བྱུང༌།།
འདི་ན་ཞེན་ཆགས་ལྕི་བའི་བྱ་ཚོགས་ཉུང༌།།

དགུན་གྱི་བཙག་རླུང་ངར་མའི་སྟོབས་ཤུགས་དར།།
གངས་རིའི་ཁྱིམ་ལ་ཁ་བ་ནག་པོ་བབས།།
སེམས་པ་ཆུ་ལ་བསྐྱུར་བའི་འཁྱམས་པོ་ལ།།
སེམས་གསོ་ཅུང་ཙམ་བགྱིད་པའི་མེ་རླབས་གང༌།།

ལོ་ཟླའི་གཙང་ཆེན་རྒྱང་ནས་རྒྱང་དུ་བཞུར།།
སྦྲ་ནག་ཀླུང་རྟ་རྒུད་ནས་རྒུད་དུ་ཕྱོགས།།
གངས་རིར་དུངས་ཞེན་ཟབ་པའི་མི་རྐྱང་གིས།།
ན་ཟུག་ཁྲག་གི་ཟེགས་མ་འདི་ཙམ་ཐོར།།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།