ཁྲག་སེམས་ཁོལ་བའི་གད་རྒྱངས།

བདེ་སྟོང་ཟུང་འཇུག་འོད་གསལ་ཆོས་དབྱིངས་ཀྱི་ཁམས་སུ།།
བྱམས་བརྩེའི་འཛུམ་ཞལ་དགྱེས་པའི་རྗེ་བཙུན་གྱི་བླ་མ།།
ལས་ཉོན་མུན་པས་གདུང་བ་སྤྱན་རས་ཀྱིས་གཟིགས་ཏེ།།
བྱིན་རླབས་ཉི་ཟླའི་སྣང་བ་མི་ཡུལ་དུ་བཀྱེ་རོགས།།

སྣ་ཚོགས་ཚོང་ཟོང་བྲིན་པའི་ཁྲ་ཁྲ་ཡི་འཇིག་རྟེན།།
གཡོ་སྒྱུའི་མེ་ལྕེ་དམར་པོ་ཚ་རླབས་ཀྱིས་འཕྱོ་བ།།
ཕུན་ཚོགས་དཔལ་འབྱོར་དུས་བཞིན་ཐོལ་བརྒལ་གྱིས་བཤད་ཀྱང༌།།
བ་ཚྭས་བརླན་པའི་འདོད་སྲེད་སྐོམ་གདུང་གིས་གཟིར་བ།།

ཁ་ཕྱོགས་འོད་སྟོང་འབར་བ་སྔོན་ཐོན་གྱི་དུས་རབས།།
འཕེལ་རྒྱས་རྩེ་མོར་རྡུལ་ཕྲན་མཚོན་ཆ་དེ་དར་བས།།
ཞི་བདེའི་མཆུ་སྒྲོས་གཡོ་བའི་ཆུ་བུར་གྱི་ཀློང་དུ།།
རང་རྒྱལ་གཞན་ཕམ་ཁྲོ་བའི་རླབས་གཉེར་གྱིས་བཟུང་བ།།

མི་ཡི་ཚེ་སྲོག་རྙེད་པའི་རང་གཤིས་སུ་ཆགས་པའི།།
ཆགས་སྡང་རླུང་ལ་ཞོན་པའི་གནམ་ལྕག་གི་ཐོག་མདས།།
ཉེ་རིང་ལས་ཀྱིས་བྱིན་པའི་འཇིག་རྟེན་འདི་བསྒུལ་བས།།
ས་ཡི་དཀྱིལ་འཁོར་ཁྲག་དམར་བདས་པ་ཡི་གཡུལ་ས།།

ཕན་སེམས་དྲང་བོར་སྲོང་བ་གླེན་པ་རུ་བལྟ་བ།།
གཡོ་སྒྱུའི་གྲིམ་རིག་ཐབས་ཤེས་ཡོན་ཏན་དུ་རློམ་པ།།
མཁས་བླུན་ལྡོག་བཞད་རྔམས་མཐུག་མུན་པ་ཡི་རྫོང་ན།།
དོན་གྱི་བསམ་བློའི་དཔལ་ཡོན་སྣུམ་ཟད་ཀྱི་སྒྲོན་མེ།།

རྫུན་པ་བདེན་པར་ཞེན་པའི་རྣམ་རྟོག་གི་རྗེས་འབྲངས།།
བདེན་པ་རྫུན་པར་གོ་བའི་རྨོངས་དད་ཀྱིས་ཁམས་སུ།།
ཅི་བྱས་ལས་ཀྱི་འབད་པ་བླ་ལྷག་གིས་ཟིན་ཀྱང༌།།
རྙེད་པ་རེ་བའི་འབྲས་བུ་རླུང་འཚུབ་ཀྱིས་ཁུར་འགྲོ།

ཁ་ན་གཞན་ཕན་ཚིག་གི་ཝུ་བ་ཡི་རླབས་ཕྲེང༌།།
ནང་དུ་དུག་གསུམ་ཁོལ་བའི་རྦ་རླབས་ཀྱི་དྲག་ཤུགས།།
མདོན་ན་ཡོད་ཚད་རེ་བའི་ཧམ་སེམས་ཀྱི་ཆུ་བོ།།
རྐང་གཉིས་མི་ཡི་ཟུངས་ཁྲག་རྒྱས་བྱེད་ཀྱི་བཟའ་བཏུང༌།།

སྤྱད་པས་མི་ངོམ་འཇིག་རྟེན་འདོད་ཡོན་གྱི་སྣང་བ།།
ཉིན་མཚན་ལས་ཀྱིས་འབྲེལ་བའི་བྱ་གཞག་གི་སྣེ་མོར།།
གཟུགས་མེད་སེམས་ཀྱི་ཁུར་བོ་ཇེ་ལྗིད་ནས་ཇེ་ལྗིད།།
ཕྱི་ནང་གཉིས་སུ་མེད་པའི་བདེ་བ་དེ་སུས་རྙེད།།

མི་ཡིས་རྡོག་བརྫིས་བྱས་པའི་ཟླུམ་གཟུགས་ཀྱི་གོ་ལ།།
ཆབ་དཔལ་ཉི་ཆར་འཐབ་པའི་རྟེན་འབྱུང་གི་ཁྲོད་ནས།།
མཛེས་སྡུག་འཇའ་འོད་འཁྲིགས་པའི་གུར་ཁྱིམ་དུ་སྤྲོས་ཀྱང༌།།
ནང་སེམས་དུག་རླངས་བཙན་པ་སྐྱོ་གདུང་གི་རྟེན་ཕུར།།

སྣ་ཚོགས་བློ་ལས་ཡར་བ་དུས་གསར་གྱི་རྫས་འཕྲུལ།།
འཇིག་རྟེན་ཤིས་པར་སྒྲུབ་པའི་ཟུངས་བཅུད་དུ་ལུས་ཀྱང༌།།
ཕན་པ་དོན་གྱི་ལག་ལེན་ལྟ་བ་ཞིག་མེད་པས།།
འཚེ་བྲལ་ཞི་བདེས་མཛེས་པ་རྨི་ལམ་གྱི་སྣང་བ།།

ཆེ་འདོད་ཆེ་བའི་གཙང་པོ་རང་གཤོང་དུ་བསྐྱིལ་ཞིང༌།།
གྲགས་སྙན་མིང་གི་ནད་ཡམས་སྒྲ་བརྒྱ་ཡིས་ལྡིར་བ།།
འཇའ་ཚོན་རེ་བའི་སྟོང་བསམ་མི་ཡུལ་གྱི་ཁམས་ནས།།
ཚོགས་དྲུག་རང་སར་ཞི་བའི་ཞེ་བློ་ལ་རེའོ།།
                             ༢༠༠༡.༥.༢༤རོང་བོ་ནས།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲག་སེམས་ཁོལ་བའི་གད་རྒྱངས།

2010-07-26 རྐ་གསེར་ཞུན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།