ཚེ་སྲོག་གི་ངུ་སྐད།

འབྲི་ལུང་ལེགས་བཤད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-25

དུས་རབས་སྙིགས་མའི་མཐའ་ལ་མངོན་སུམ་དུ་སླེབས་བྱུང༌།།
མཆོག་གསུམ་བསླུ་བ་མེད་པའི་སྐྱབས་གནས་ཤིག་མི་མཁོ།།
གྲོང་གི་འབྱོར་བ་རྒྱས་པའི་རླབས་ཤུགས་ཀྱིས་དེད་པས།།
སེར་མོའི་སྡེ་ནས་བསྟན་པ་ཉིན་བཞིན་དུ་ཉམས་འགྲོ།།

བསྟན་འགྲོའི་སྲོག་ཤིང་སྐྱེས་བུ་རྒྱང་རིང་དུ་ཕེབས་སོང༌།།
གཡོ་ཅན་དགྲ་བོའི་ཚོགས་ཀྱིས་དཔུང་འཇུག་ཅིག་བྱས་ཡོང༌།།
དྲང་བོའི་གཏམ་ཞིག་སྨྲས་ཀྱང་ངོ་སོ་ཅང་མེད་པས།།
འབྲི་ལུང་གྲྭ་རྒན་ད་ནས་ཁེར་རྐྱང་དུ་ཆས་འགྲོ།།

མིག་དང་རྣ་བ་ཟུང་ལ་མཐོང་ཐོས་ཤིག་མེད་རྐྱེན།།
ཆོས་སྲིད་གང་ལ་འབད་ཀྱང་ལེགས་འགྲུབ་ཅིག་མི་འོང༌།།
སྔ་ཕྱིའི་ལེགས་ཉེས་དཔྱོད་པའི་རྟོག་གེ་བ་དག་ལ།།
རྒྱ་དང་འབྱོར་བ་དམན་པས་མི་གྲལ་དུ་མི་ཚུད།།

སྐྱིད་སྡུག་སྣ་ཚོགས་མྱོང་བའི་རླབས་ཆེན་གྱི་བྱ་གཞག།
རྙིང་ཞེན་ཟེར་སྒྲོས་ཙམ་གྱི་ཟོལ་བཅོས་ཀྱིས་བཟུང་ཡོད།།
དོན་གྱི་ལག་ལེན་རྟ་བོང་སྒ་སྲབ་ལས་མེད་པར།།
རི་བོང་ཅལ་ལ་འདྲོགས་པའི་ངང་ཚུལ་འདི་སྐྱོ་བ།།

སྐུ་ཚེ་ཆོས་སུ་གཞོལ་བའི་སྐྱེས་ཆེན་གྱི་ཐུགས་ལ།།
སྤྱན་ཟུང་ཆུ་རུ་འཁྲུག་པའི་ཕོག་ཐུག་ཅིག་བཏང་ཡོད།།
མི་སེམས་གདོན་གྱིས་ཁྱེར་བའི་སྣང་ཚུལ་ལ་བལྟས་ན།།
རྣོ་ལྕགས་སྨྱུ་གུའི་རྒྱུ་ཆ་ཞེ་སྡང་གིས་འཛིན་འདོད།།

ཕན་པའི་ལས་ཤིག་སྒྲུབ་ཀྱང་གནོད་ལན་ཞིག་བསྐྱལ་ཡོང༌།།
མགོ་ནག་མི་ལ་ཡིད་རྟོན་དེ་ཙམ་དུ་མི་གདའ།།
སློབ་དཔོན་བླ་མར་བཀུར་བའི་འདུ་ཤེས་ཤིག་མེད་པར།།
སློབ་མ་རང་རང་ས་ན་ང་རྒྱལ་གྱིས་ཁེངས་ཡོད།།

མདོ་མེད་སྣང་བ་རང་གི་རྡོག་རྩེ་ནས་མ་ཟིན།།
རྫ་ཁོག་སྐམ་པོ་ཉུལ་བའི་སྨུག་ལུང་ལས་མ་ཐར།།
རང་སེམས་བཅོས་མའི་རྒྱབ་དཔུང་ང་རྒྱལ་གྱིས་འཚང་སྟེ།།
སེམས་ཀྱི་བདེ་བ་ཚེར་མའི་གསལ་ཤིང་ལ་བསྐྱོན་སོང༌།།

དངོས་པོའི་འདུ་འཛི་སྒྱུ་མའི་ངར་ཤུགས་ཀྱིས་སྒུལ་ཏེ།།
སྐྱོན་ཡོན་འཐབ་འཁྲུག་རྒྱག་པའི་རྙོག་འཛིང་ཞིག་བཟོས་ཡོད།།
སྣང་ལ་ངེས་པ་མེད་པའི་ཁོར་ཡུག་ལ་བལྟས་ན།།
ཆུ་ཤིང་རླུང་གིས་བསྐྱོད་པའི་ངང་ཚུལ་ལས་མ་འདས།།

ལས་ཉོན་རྫས་ཀྱི་དྲི་མ་སེམས་ངོ་ན་མ་དག།
སྐྱིད་སྡུག་ཉི་ནུབ་བསྣོལ་བའི་ལྟེ་ཐག་ལ་འཇུས་ཏེ།།
འཚོ་སྤྱོད་སྐྱིད་པོའི་བཟུང་འཛིན་ཡུན་ཐུང་དུ་འཕྲུལ་བས།།
གསེར་གྱི་ཕོར་བ་གཅོག་པའི་ངང་ཚུལ་འདི་སྐྱོ་ཨང༌།།

སྐྱོ་བའི་འདུ་ཤེས་ཉར་བའི་མི་ཚེ་ཡི་ལམ་སྣེ།།
མི་བཟོད་ལྟས་ངན་འཇིགས་པ་བརྒྱ་ཕྲག་ཏུ་གཏད་ཀྱང༌།།
མཆོག་གསུམ་མེད་སྙམ་སྐྱེ་བའི་ལྟ་ལོག་ཅིག་ཡིན་ཚེ།།
དོན་སྣོད་ཕྱི་རུ་ཕྱུང་སྟེ་ཁྱི་སྔུན་དུ་དྲུད་ཆོག།
                           ༢༠༠༢.༡༢.༢༠ཉིན།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་སྲོག་གི་ངུ་སྐད།

2010-07-25 འབྲི་ལུང་ལེགས་བཤད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།