སྟོན་མཇུག་གི་སྙན་ངག
སྟོན་གྱི་རྣམ་པ་གློ་བུར་ཉིད་དུ་སླེབས།།
སྡོང་མགོའི་ལོ་མ་སེར་པོ་གྱུར་ནས་ལྷུང་།།
ཁྲུང་ཁྲུང་བསྟར་ཕྲེང་བསྒྲིགས་ཏེ་ལྷོ་ལ་འཕུར།།
འཇག་མའི་ཤུགས་གླུས་ཡིད་སེམས་དོན་མེད་དཀྲུགས།།
གཡའ་ལོ་སེར་པོ་སྒེའུ་ཁུང་ངོས་སུ་འཕྱོ།།
སྐྱོ་བའི་དབྱངས་རྟ་ཁང་མིག་ནང་དུ་འཁྲིལ།།
གྲོགས་མེད་གཅིག་པུས་ཐོག་ཁང་གྲུ་བཞིའི་ནང་།།
དབུགས་རིང་གཏོང་བཞིན་མཚན་ཐུན་རེ་རེ་བསྐྱལ།།
དགུ་འདུས་གཙང་བོའི་ངོགས་སུ་ཟུམ་ཟུམ་གྱིས།།
ལྗང་མདོག་ཡལ་བའི་སྟོན་གྱི་རྣམ་པར་བལྟས།།
རྒུན་ཆང་ཐིགས་པས་སྐྱོ་བ་ཅུང་ཙམ་སངས།།
སྙན་ངག་བརྩམས་ཏེ་ཡིད་གདུང་ཕྱི་རུ་མངོན།།
ཟླ་འོད་ཉམས་པའི་མཚན་ལྗོངས་མོག་པོར་སྣང་།།
སྡོང་ལོ་འཕུར་བའི་ཤག་སྒྲ་རྒྱུན་ཆད་མེད།།
གློ་བུར་ཁྲུང་ཁྲུང་སྨྲེ་སྔགས་འདོན་པ་དང་།།
བསིལ་རླུང་ལྡང་བས་སྟོན་མཇུག་ཟིན་པ་ཚོར།།
༡༩༩༥. ༩. ༥རོང་བོ།
རྩོམ་ཁུངས། ཀུ་ཤུ་དམར་པོ།